ཟླ་འདིའི་ཚེས་ ༡ ཉིན་རྒྱ་ནག་རྒྱལ་བཙུགས་དུས་ཆེན་དང་བསྟུན་ཏེ། ཁམས་སོག་རྫོང་ར་རྟ་ནས་ཡིན་པའི་གཞོན་སྐྱེས་གསུམ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག་ལ། ད་བར་ནང་མི་གཉེན་ཉེ་སུ་ཡང་ཐུག་འཕྲད་བྱེད་བཅུག་ཡོད་མི་འདུག ན་གཞོན་དེ་གསུམ་འཛིན་བཟུང་བྱས་དོན། ཁོང་ཅག་གི་ཟིན་བྲིས་སོགས་སུ་༧གོང་ས་མཆོག་གི་སྐུ་དཔར་དང་བཀའ་སློབ་བཞག་པ་མ་ཟད། དྲ་རྒྱ་བརྒྱུད་དེ་གནས་ཚུལ་ཕྱིར་བསྒྲགས་བྱེད་ཀྱིན་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག
རྒྱ་ནག་གི་ཆབ་སྲིད་འགྲོ་སྟངས་དེ་ནི་ནམ་རྒྱུན་ཁ་གཡར་ས་ཅུང་ཙམ་ཞིག་ལས་འཕྲོས་ཏེ་ནག་ཉེས་ཀྱི་ཞྭ་མོ་གཡོགས་པ་བཞིན་པ་ཞིག་རེད།