མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོ་མི་མཉམ་པའི་དོ་སྣང་། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་བཅུ་གཅིག་པའི་ནང་འདིར་ཉམས་མྱོང་གཞན་ཞིག་ཚོར་བྱུང་། ནམ་ཟླ་ཇེ་འཁྱགས་ལ་ཕྱིན་པ་དང་བསྟུན། བོད་ཕྱི་ནང་གཉིས་ཀར་བོད་མི་ཚོ་དལ་ཅག་གེར་འདུག བརྩིགས་ངོས་ཀྱི་སྦྱར་ཡིག་དང་སྲང་ལམ་གྱི་སྐད་འབོད། ཞི་བའི་གོམ་བགྲོད་སོགས་ཀྱང་གོ་རྒྱུ་མི་འདུག ཡིན་ཡང་། རྒྱལ་སྤྱི་རིམ་པ་ནས་བསམ་ན་བོད་དོན་འདི་སྔར་ལོའི་ཕྱི་ཟླ་ ༡༡ པའི་ནང་ལས་ཀྱང་གྲགས་སྐད་ཆེ་ཙམ་འདུག
 ཐེངས་འདིར་བོད་དོན་འདི་གྲགས་སྐད་ཆེ་དོན་ནི་རྒྱ་དཀར་ནག་གཉིས་དང་། ཨ་རི་དང་རྒྱ་ནག་གཉིས་བཅས་ཀྱི་འབྲེལ་བའི་གླེང་སློང་ལས་བྱུང་། ཐོག་མ་དེར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ལས་འཕྲོས་ཏེ་༧གོང་ས་མཆོག་མོན་རྟ་དབང་ཡུལ་དུ་ཕེབས་ཆོག་མིན་སྐོར་བརྩད་པ་རེད། འདི་ནི་ཕྱི་ཚུལ་ནས་བལྟས་ན་ས་མཚམས་རྩོད་པ་ལྟར་སྣང་ཡང་། དོན་དམ་གྱིས་བོད་དོན་ཐོག་བཟུང་བའི་ལངས་ཕྱོགས་ཤིག་ཀྱང་མངོན་ཡོད། མཐར་ཕྱོགས་གཉིས་ཀྱིས་༧གོང་ས་མཆོག་ལ་འཛིན་པའི་ལངས་ཕྱོགས་ཇེ་གསལ་དང་ཇེ་མཁྲེགས་སུ་བཏང་ཞིང་། ༧གོང་ས་མཆོག་དངོས་སུ་མོན་རྟ་དབང་ཡུལ་དུ་ཆིབས་བསྒྱུར་བསྐྱངས། རྒྱལ་སྤྱིའི་གསར་འགོད་བརྒྱུད་ལམ་པ་ ༡༥༠ ལྷག་ཀྱང་མོན་རྟ་དབང་ཡུལ་དུ་ཕེབས་ཏེ་༧གོང་ས་མཆོག་གི་མཛད་འཕྲིན་དང་མཉམ་དུ་རྒྱ་དཀར་ནག་གཉིས་ཀྱི་ཡུལ་བབ་སྲིད་བྱུས་ལས་འཕྲོས་པའི་དཔྱད་གཏམ་མང་པོ་བརྒྱུད་ལམ་གང་སར་སྤེལ་ཡོད།
 གཉིས་པ་དེ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་པེ་ཅིན་དུ་ཕེབས་དུས་ཀྱི་བོད་དོན་སྐོར་ནས་རེད། སྲིད་འཛིན་ཨོ་བྷ་མའི་མཛད་འཕྲིན་ལོགས་ཀ་ཡིན་ཡང་། སྐབས་འདིར་གསར་འགོད་བརྒྱུད་ལམ་དག་གི་གླེང་གཞི་གཙོ་བོ་ནི་བོད་དོན་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྐོར་རེད། ༼ཐེངས་འདིར་ཨོ་བྷ་མས་ཞིན་ཅང་གི་སྐོར་ཚིག་ཟུར་ཙམ་དུ་ཡང་མ་གླེང་བ་དེར་ཡིད་སྐྱོ་སྐྱོ་འདྲ་བྱུང་། ཕལ་ཆེར་ཨོ་ས་མ་བྷིན་ལ་ཌིན་གྱི་འབྲེལ་བའི་དབང་གིས་ཡིན་ཀྱང་སྲིད།༽ གང་ལྟར་སྲིད་འཛིན་ཨོ་བྷ་མས་རྒྱ་གར་གྱི་ལུགས་ལྟར། བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་རྒྱ་གར་གྱི་སྲིད་བློན་ཟུར་པ་ཝ་རྗི་བྷ་ཡེ་མཆོག་གི་ཚིག་འབྲུ་ཇི་བཞིན་དུ་དྲངས་ནས་བསྒྲགས་གཏམ་སྤེལ། ཡིན་ཡང་། ཁོང་གིས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ཐུགས་རེ་ལྟར། མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་༧གོང་ས་མཆོག་གི་སྐུ་ཚབ་ཚོའི་མཉམ་དུ་འབྲེལ་མོལ་མྱུར་ཏུ་བསྐྱར་གསོ་བྱ་དགོས་པའི་འབོད་སྐུལ་ཞུས་སོང་། ད་ལྟའི་ཆར་ང་ཚོའི་ངོས་ནས་འདི་ལས་ལྷག་པའི་རེ་བ་ཞིག་བརྒྱབས་ཀྱང་རེ་སྟོང་ཙམ་ཡིན་པའི་ངེས་པ་བརྙེད་སོང་བ་ལྟར་བོད་མི་ཚོའི་ངོས་ནས་ཐེངས་འདིར་དེ་ཙམ་གྱི་དོ་སྣང་སྤྲོད་ཐུབ་མེད་པ་ལྟར་སྣང་།
 གང་ལྟར་བོད་དོན་འདི་ད་སྐབས་འཛམ་གླིང་གི་སྟོབས་ཤུགས་ཆེན་པོ་འདི་གསུམ་གྱི་བར་དུ་ཡོད་ལ། རྒྱལ་ཁབ་འདི་གསུམ་གྱི་བར་འབྲེལ་བའི་གླེང་སློང་ཇེ་ཆེར་འགྲོ་བཞིན་པའི་སྐབས་སུ། བོད་མི་རྣམས་ཀྱིས་ཀྱང་སྔར་ལས་དོ་སྣང་དང་རྣམ་རིག་སྒྲིམ་སྟེ་ཁོང་ཚོ་དང་བོད་དོན་གྱི་འབྲེལ་བ་འདི་མི་བརླག་པ་ཞིག་བཟོ་རྒྱུ་ནི་གལ་ཆེ་བར་འདོད་ལ། འདིའི་ཐད་གཞུང་དམངས་གཉིས་ཀར་འཐབ་བྱུས་གསལ་བོ་ཞིག་ཡོད་ན་ལེགས་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

སྐར་མ ༤༥ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༧ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

མཆན། 3

  1. Lobsang says:
    ལོ་ 16 སྔོན།

    སྲིད་འཛིན་ཨོ་བྷ་མ་ལྟར། རྒྱ་གར་གྱི་སྲིད་བློན་ཟུར་པ་ཝཱཇ་པ་ཡཱི་མཆོག་གིས་ཀྱང་བོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་ངོས་འཛིན་བྱས་ཚུལ་གོང་དུ་གསུངས་འདུག་ཀྱང༌། ཝཱཇ་པ་ཡཱི་མཆོག་གི་”བོད་རང་ས྄ྐྱོངས་ལ྄ྗོངས་ར྄ྒྱ་ནག་མི་དམངས་ས྄ྤྱི་མཐུན་ར྄ྒྱལ་ཁབ་”ཀྱི་ཆ་ཤས་ཡིན་པར་ངོས་འཛིན་ཙམ་ལས་བྱས་མེད། ཆབ་སྲིད་པ་དང་མཚན་ཉིད་པའི་ས྄ྐད་ཆ་ལ་ཟིན་མཚམས་ཡོད་པས། འདི་རིགས་ལ་དོ་ས྄ྣང་གནང་གལ།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་མིས་བོད་དོན་བྱེད་རྒྱུ་དེ་ནི། གོང་ནས་བཀའ་སློབ་གནང་མཁན་རེ་ཡིས་བཀའ་སློབ་གནང་། འོག་ནས་འབུངས་མི་དག་གིས་བཀའ་སློབ་དེ་ཚོ་ཉན་རྗེས་ཁུ་སིམ་མེར་འགྲོ་རྒྱུ་དེ་མིན་པ་མི་མང་བོ་ཞིག་གི་ཤེས་ཀྱི་ཡོད་ཀྱང་། ད་ལྟའི་བར་དུ་ང་རང་ལྟ་བུ་དག་གི་ཁ་འགུལ་ནས་འདུག་པ་ལས་ལག་ལེན་དངོས་ལ་རང་ཉིད་ཀྱིས་དབུ་ཁྲིད་དེ་འགྲོ་མཁན་ནི་དཀོན་པོ་ཡིན་པས། བོད་དོན་ནི་རྒྱལ་སྤྱིའི་རྩེད་འགྲན་སྟེང་གི་སྤོ་ལོ་ལྟ་བུ་ཞིག་ཆགས་ཡོད་པ་རེད། སྤོ་ལོ་འཕེན་མཁན་སུ་ཞིག་ལ་ཁེ་ཕན་རེག་ན་ཡང་། སྤོ་ལོ་ནི་སྤོ་ལོ་རང་དུ་འདུག་རྒྱུ་ལས་མེད་པ་ལྟ་བུ་ཞིག་ཆགས་ཡོད་པ་རེད།

    Reply
  3. བདེ་བ་ཅན། says:
    ལོ་ 16 སྔོན།

    རེད། ང་ཙོ་གཞུང་དམངས་གཉིས་ཀས་རང་དོན་རང་གཅེས་ཀྱིས་ཕྱོགས་གང་ས་ནས་ཆིག་བསྒྲིལ་གྱི་ནུས་པ་སྤུངས་ཏེ་འཐབ་བྱུས་གསར་པ་དང་། ཁ་ཡོད་ལག་ཡོད་ཀྱི་ལག་ལེན་འཁེལ་རྒྱུ་འདི་གལ་ཆེན་པོར་མཐོང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese