བློ་བཟང་གིས་བན་སྡེ་འཚོ་ཁྲིད་དེ་སྐུ་འབུམ་དུ་ཕྱིན་པ།་་་
ཇེ་མང་ཀློགས།དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ང་རང་ལ་དམིགས་བསལ་གྱི་ལོ་རྒྱུས་ཁྱད་པར་བ་དེ་འདྲ་གང་ཡང་མེད་ཀྱང། གངས་ཅན་བོད་པ་ཚང་གི་ལས་དབང་ལ་དུངས་ཞེན་ཆེ་སྟབས། དེ་རིང་དུས་བབ་ཚང་གི་ཕུན་སུམ་ཚོགས་པའི་འཛིན་སྐྱོང་དེའི་འོག་སྐྱེད་ཚལ་ཞིག་རེག་པ་ལ། སྙིང་ཐག་པ་ནས་དགའ་མོས་བྱུང་བ་དང་ཆབས་གཅིག གངས་ཅན་བོད་པའི་ཡི་གེའི་དྲ་ཚིགས་འདི་འཛམ་གླིང་གི་བོད་པ་ཚང་གི་མི་ཡོད་ཚད་ཀྱིས་ལོངས་སྤྱོད་དུ་གང་མགྱོགས་མགྱོགས་ཡོང་བའི་རེ་སྨོན་ཞིག་དང་བཅས། དྲ་གྲོགས་ལྷན་རྒྱས་ལ་འཚམས་འདྲི་ཞུ། ཡིན་ཡང་ངས་གང་ཡང་མ་ཤེས་པ་ནས་ཅུང་ཙམ་ཤེས་པ་དང་། ཅུང་ཙམ་ཤེས་པ་ནས་ང་རྒྱལ་བྱེད་རྒྱུར་དགའ་བའི་རང་གཤིས་དེ་མེད་ལ། ངའི་རང་གཤིས་ལ་མི་གཞན་གྱིས་སྡོམ་ཚིག་རྒྱག་མི་ཐུབ་པ་མ་ཟད། རང་ཉིད་ཀྱིས་ཀྱང་རང་ཉིད་ལ་སྡོམ་ཚིག་རྒྱག་ཐུབ་ཀྱི་མེད། ང་རང་དེ་རིང་འདིར་ཡོང་དོན་གཙོ་བོ་ནི། བོད་པ་ཚང་གི་གནས་བབ་ཀྱི་འགྱུར་ལྡོག་ལ་བོད་པ་རང་ཉིད་ཀྱིས་རང་གི་མི་རིགས་ལ་ཁ་ཁོག་པ་མེད་པའི་ལས་དོན་ཞིག་གི་ཆེད་དུ་གྲོས་གཞི་དང་། རང་རང་གི་ལྟ་ཚུལ་རྐྱང་རྐྱང་ལ་ཨུ་ཚུགས་མི་བྱེད་པར་གནས་ལུགས་དང་རྒྱུ་མཚན་རྟོགས་ཆེད་དུ་ངོ་ཤེས་བྱེད་དུ་ཡོང་བ་དང་། དྲ་གྲོགས་གསར་པ་གང་མང་མང་ཞིག་ཁ་ཡོད་ལག་ཡོད་ཀྱིས་བོད་སྐད་བཤད་སའི་གླིང་ག་འདི་འདྲ་ཞིག་ཡོད་པ་དེ། རང་རང་གི་ཉེ་འཁོར་གྱི་བོད་རིགས་སྤུན་ཟླ་ཚོར་གསུང་རོགས་གནོངས་ཞེས་འབོད་སྐུལ་སེམས་བསམ་པའི་གཏིང་ནས་བྱེད་ཀྱི་ཡོད། །
བློ་བཟང་གིས་བན་སྡེ་འཚོ་ཁྲིད་དེ་སྐུ་འབུམ་དུ་ཕྱིན་པ།་་་
ཇེ་མང་ཀློགས།བན་སྡེ་འཚོ་དང་ལྷན་དུ་ལམ་བར་ནས་འཆར་གཞི་སྒྲིག་པ།་་་
ཇེ་མང་ཀློགས།རླངས་འཁོར་ནང་དུ་བན་སྡེ་འཚོ་དང་འཕྲད་ནས་སྙིང་གཏམ་གླེང་འགོ་བཙུགས།་་་
ཇེ་མང་ཀློགས།ཕོ་ཏྰ་ལའི་མདུན་ཐང་གི་ཕོ་གསར་གྱི་སྐད་ཆ་དེས་བློ་བཟང་གི་སེམས་སུ་རང་ཡུལ་ནས་རང་མི་ལས་མེད་དུ་གྱུར་བཞིན་པའི་ངང་ཚུལ་སོགས་དངོས་སུ་མཐོང་དུ་བཅུགས།་་་
ཇེ་མང་ཀློགས།བློ་བཟང་སྐབས་དེར་བཟུང་མེད་པ་རེད། གོ་ནོར་བརྡ་ནོར་བརྒྱབ་པ་དེས་ནང་མི་སེམས་ཁྲལ་ལ་གཏད་ཀྱང་། རྗེས་སུ་གནས་ཚུལ་ཤེས་ཡོད།་་་
ཇེ་མང་ཀློགས།དེ་རིང་ང་ཟུར་ཉན་ཞིག་དུ་བཅར་བ་ཡིན། དེ་དུས་ཁོང་ཚོས་འདི་འདྲ་གླེང་གི་འདུག ཁྱེད་ཅག་གིས་གཟིགས་ན་འདི་དག་གི་གླེང་བཞིན་པའི་ཁྲོད་དུ་ལེན་རྒྱུ་འདྲ་འདུག་གམ།་་་
ཇེ་མང་ཀློགས།དེང་སང་བོད་ཡིག་ལ་དགའ་བའི་བོད་པ་དག་གིས་བོད་ཡིག་འབྲི་ས་དང་སྐར་ཆ་གཅིག་གི་ནང་དུ་ཕན་ཚུན་ལ་བརྡ་ལན་སྤྲོད་ཐུབ་པའི་བརྒྱུད་ལམ་མི་ཉུང་བ་ཞིག་ཡོང་གི་ཡོད་པས་དཔེ་མཚོན་རེད། འདི་དར་ནས་ལོ་གཅིག་སོང་ཡང་། ད་་་
ཇེ་མང་ཀློགས།བོད་ཀྱི་སྐུ་ཚབ་ཡིན་ནམ། རྒྱའི་སྲིད་གཞུང་གི་མགྲིན་ཚབ་པ་རེད་དམ།་་་
ཇེ་མང་ཀློགས།དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།