འདོད་ཆགས་མེ་ཡི་ཟོལ་གྱིས་འབར་ནས་འོང་།། ཞེ་སྡང་དུག་གི་ཚུལ་གྱིས་བསྲེག་ནས་འོང་།། གཏུ་མིག་ཕག་གི་ནད་བཞིན་འགོས་ནས་འོང་།། ད་ནི་འདི་གསུམ་ལས་ཀྱི་མི་གཏོང་གི།་་་
ཇེ་མང་ཀློགས།དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ང་རང་ལ་དམིགས་བསལ་གྱི་ལོ་རྒྱུས་ཁྱད་པར་བ་དེ་འདྲ་གང་ཡང་མེད་ཀྱང། གངས་ཅན་བོད་པ་ཚང་གི་ལས་དབང་ལ་དུངས་ཞེན་ཆེ་སྟབས། དེ་རིང་དུས་བབ་ཚང་གི་ཕུན་སུམ་ཚོགས་པའི་འཛིན་སྐྱོང་དེའི་འོག་སྐྱེད་ཚལ་ཞིག་རེག་པ་ལ། སྙིང་ཐག་པ་ནས་དགའ་མོས་བྱུང་བ་དང་ཆབས་གཅིག གངས་ཅན་བོད་པའི་ཡི་གེའི་དྲ་ཚིགས་འདི་འཛམ་གླིང་གི་བོད་པ་ཚང་གི་མི་ཡོད་ཚད་ཀྱིས་ལོངས་སྤྱོད་དུ་གང་མགྱོགས་མགྱོགས་ཡོང་བའི་རེ་སྨོན་ཞིག་དང་བཅས། དྲ་གྲོགས་ལྷན་རྒྱས་ལ་འཚམས་འདྲི་ཞུ། ཡིན་ཡང་ངས་གང་ཡང་མ་ཤེས་པ་ནས་ཅུང་ཙམ་ཤེས་པ་དང་། ཅུང་ཙམ་ཤེས་པ་ནས་ང་རྒྱལ་བྱེད་རྒྱུར་དགའ་བའི་རང་གཤིས་དེ་མེད་ལ། ངའི་རང་གཤིས་ལ་མི་གཞན་གྱིས་སྡོམ་ཚིག་རྒྱག་མི་ཐུབ་པ་མ་ཟད། རང་ཉིད་ཀྱིས་ཀྱང་རང་ཉིད་ལ་སྡོམ་ཚིག་རྒྱག་ཐུབ་ཀྱི་མེད། ང་རང་དེ་རིང་འདིར་ཡོང་དོན་གཙོ་བོ་ནི། བོད་པ་ཚང་གི་གནས་བབ་ཀྱི་འགྱུར་ལྡོག་ལ་བོད་པ་རང་ཉིད་ཀྱིས་རང་གི་མི་རིགས་ལ་ཁ་ཁོག་པ་མེད་པའི་ལས་དོན་ཞིག་གི་ཆེད་དུ་གྲོས་གཞི་དང་། རང་རང་གི་ལྟ་ཚུལ་རྐྱང་རྐྱང་ལ་ཨུ་ཚུགས་མི་བྱེད་པར་གནས་ལུགས་དང་རྒྱུ་མཚན་རྟོགས་ཆེད་དུ་ངོ་ཤེས་བྱེད་དུ་ཡོང་བ་དང་། དྲ་གྲོགས་གསར་པ་གང་མང་མང་ཞིག་ཁ་ཡོད་ལག་ཡོད་ཀྱིས་བོད་སྐད་བཤད་སའི་གླིང་ག་འདི་འདྲ་ཞིག་ཡོད་པ་དེ། རང་རང་གི་ཉེ་འཁོར་གྱི་བོད་རིགས་སྤུན་ཟླ་ཚོར་གསུང་རོགས་གནོངས་ཞེས་འབོད་སྐུལ་སེམས་བསམ་པའི་གཏིང་ནས་བྱེད་ཀྱི་ཡོད། །
འདོད་ཆགས་མེ་ཡི་ཟོལ་གྱིས་འབར་ནས་འོང་།། ཞེ་སྡང་དུག་གི་ཚུལ་གྱིས་བསྲེག་ནས་འོང་།། གཏུ་མིག་ཕག་གི་ནད་བཞིན་འགོས་ནས་འོང་།། ད་ནི་འདི་གསུམ་ལས་ཀྱི་མི་གཏོང་གི།་་་
ཇེ་མང་ཀློགས།དུས་བབ་རྩོམ་སྒྲིག་པ་ལགས་ཀྱིས་ཕར་བཤུ་ཚུར་བཤུ་ཞེས་པའི་རྩོམ་ཡིག་དེ་ལས་འཕྲོས་པ།་་་
ཇེ་མང་ཀློགས།གཞས་ཚིག་འདི་གཞས་པ་སུ་ལ་འཁོ་ན་དེ་ཡི་བླངས་ན་འགྲིག་གི་ཡོད།་་་
ཇེ་མང་ཀློགས།བོད་ནང་གི་ཟིན་བྲིས་པ་ཞོགས་ལྗང་བ་མིང་འཛིན་པ་དེ་བོར་ནས་ཡུན་རིང་འགོར་བའི་ཉིན་ཞིག་ལ་བྲིས། ཨོ་རེད། བོར་ནས་ཞེས་བཤད་ན་ཁྱེད་ཅག་གིས་གོ་བ་གཞན་ཡང་ལེན་སྲིད། འདི་ནི་ཁོ་རང་ཁོ་རང་གིས་བོར་ཏུ་བཅུགས་པ་ལས་གཞན་གྱིས་་་
ཇེ་མང་ཀློགས།རྩོད་པ་རྩོད་རྒྱུ་དེ་ཡང་གཏན་ནས་མི་འདྲ། ཆེ་ཆུང་མི་འདྲ། ནུས་པ་མི་འདྲ། རྒྱུ་མཚན་མི་འདྲ། དགོས་འཁོ་མི་འདྲ། གཏན་ནས་མི་འདྲ་བའི་རྩོད་རྙོག་མང་བོ་མང་བོ་ཞིག་མིའི་རིགས་ཀྱི་བྲང་ཁོག་ནང་དུ་མེ་ལྕེ་བཞིན་ཏུ་འབར་བཞིན་ཡོད།་་་
ཇེ་མང་ཀློགས།ལྷ་ཆབ་ལགས་ཀྱིས་ཧོར་འཇིག་གིས་མདོ་སྨད་ལོ་རྒྱུས་བྲིས་པ་དེར་རྩོམ་ཡིག་ཞིག་བྲིས་པ་དེར་ཁ་བརྡའི་ནང་དུ་མི་མི་ཉུང་བ་ཞིག་གིས་ཁ་ནང་དུ་ཡོང་ཚད་ཅིག་བཤད་དེ་འགན་འཁུར་མེད་པས་སྐད་ཆ་བཤད་བཞིན་འདུག་པ་དེ་མཐོང་་་
ཇེ་མང་ཀློགས།རང་དབང་གླེང་རྒྱུ་དེ་དང་རང་དབང་རྩོད་རྒྱུ་དེ་ལ་འཛམ་གླིང་འདི་ན་ས་མཚམས་དང་མི་རིགས་ཀྱི་དབྱེ་བ་མེད། དེ་ནས་མི་སུས་ཀྱང་རྩོད་ཆོག་པ་ཞིག་ཡིན་པ་ཐུགས་འཇག་འཚལ།་་་
ཇེ་མང་ཀློགས།གནམ་ལྕགས་ལགས་ཀྱིས་ཟིན་བྲིས་ཤིག་བཀླགས་རྗེས་སུ་ཤར་མར་བྲིས་པ་ཡིན།་་་
ཇེ་མང་ཀློགས།དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།