གཟའ་ལྷག་པ་ནམ་ཡིན་ལ་དཔུང་རྟཊ་དཀར་པོ་འདོག་དགོས། བོད་ཀྱི་དུས་བབ། ༢༠༡༡/༠༨/༠༡ དེ་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ པའི་སྙན་ཐོ་ཞིག་དབུ་འབྱེད་གནང་བའི་ནང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་་་ ཇེ་མང་ཀློགས།
བཀའ་བློན་སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག་བགྲེས་ཡོལ་དུ་ཕེབས། བོད་ཀྱི་དུས་བབ། ༢༠༡༡/༠༧/༢༩ ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག་གིས་ཕྱི་ལོ་ ༡༩༦༡ ནས་ ༢༠༡༡ བར་སྒེར་དོན་རྒྱབ་བསྐྱུར་དང་། སྤྱི་དོན་སྙིང་བཅང་གིས་བོད་གཞུང་དམངས་ལ་ཞབས་ཞུ་བསྒྲུབས་ཏེ། ད་ཆར་བགྲེས་ཡོལ་དུ་ཕེབས་བཞིན་ཡོད་འདུག ་་་ ཇེ་མང་ཀློགས།
བོད་པའི་སློབ་ཕྲུག་ ༥ ལ་ཨ་རིར་སློབ་སྦྱོང་གི་ཐོངས་མཆན་མ་རག བོད་ཀྱི་དུས་བབ། ༢༠༡༡/༠༧/༢༦ འདི་ལོར་ཨ་རིའི་ཡཱོ་སཱེ་ཨེ་ UCI གཙུག་ལག་སློབ་གྲྭའི་ངོས་ནས་སཱ་ར་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་ ༥ ལ་སློབ་ཡོན་གོ་སྐབས་སྤྲད་ཡོད་ཀྱང་། ལྡི་ལིའི་ཨ་རིའི་གཞུང་ཚབ་ཀྱིས་སློབ་ཕྲུག་དེ་དག་ལ་ཕྱིར་ལོག་གི་ཁག་ཐེག་མེད་སྐོར་་་ ཇེ་མང་ཀློགས།
ཁྲོམ་ས་ ༡༢༩ ལ་བསྐྱར་དུ་ལམ་ཁ་འཚོལ་རྒྱུ་ཡིན་ཟེར། བོད་ཀྱི་དུས་བབ། ༢༠༡༡/༠༧/༢༥ མེག་མོར་ཁུལ་གྱི་བོད་པ་ཐང་ཁྲོམ་སྟོན་མཁན་གྱི་དཀའ་རྙོག་ཐད། གཟའ་ཟླ་བའི་ཉིན་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མི་སྣ་ཆེད་ཕེབས་ཀྱིས་བཀའ་སློབ་ལམ་སྟོན་གནང་མཐར། ས་གནས་ཀང་ར་རྫོང་གི་བཅད་ཁྲ་ལྟར་ཐང་ཁྲོམ་སྟོན་མཁན་ ༡༢༩ ཙམ་གྱི་མིང་ཐོ་་་ ཇེ་མང་ཀློགས།
ཕྱག་མཛོད་ཀྱིས་གཞུང་རྒྱུ་སྒེར་བདག་བྱས་འདུག་ཟེར། བོད་ཀྱི་དུས་བབ། ༢༠༡༡/༠༧/༢༤ ཉེ་ཆར་ངྷ་ས་ཚེ་མཆོག་གླིང་དགོན་པའི་ཕྱག་མཛོད་ཀྱིས་གཞུང་རྒྱུ་སྒེར་བདག་བྱས་པ་དང་། དགོན་པའི་ནང་བུད་མེད་ཁྲིད་དེ་ཞག་སྡོད་བྱས་ཚུལ་གྱི་སྦྱར་ཡིག་ཅིག་བཀྲམས་ཡོད་སྟབས། ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ཀྱིས་རྒྱ་གར་ཉེན་རྟོག་པར་ཞུ་གཏུག་་་ ཇེ་མང་ཀློགས།
བཞུཊ་སྒར་དུ་ཆིབས་ཕེབས། བོད་ཀྱི་དུས་བབ། ༢༠༡༡/༠༧/༢༠ ༸གོང་ས་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་དུས་འཁོར་དབང་ཆེན་དང་། ཨོ་བྷ་མ་དང་མཇལ་འཕྲད་གནང་བ་སོགས་ཟླ་ཕྱེད་རིང་གི་མཛད་འཕྲིན་ཁག་གྲུབ་སྟེ། དེ་རིང་ཞོགས་པ་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་སོང་། ་་་ ཇེ་མང་ཀློགས།
བོད་མི་ཆབ་སྲིད་བཙོན་པ་ ༡༤༠༠ ཡོད་ཟེར། བོད་ཀྱི་དུས་བབ། ༢༠༡༡/༠༧/༢༠ དེ་རིང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་གཞུང་གིས་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་སྟེ་མི་ལོ་ ༦༠ འཁོར་བའི་དུས་དྲན་ལ་ངོ་རྒོལ་ཆེད། རྒྱ་གཞུང་གིས་དམར་གསོད་བཏང་བའི་བོད་མི་ ༦༠ ཡི་ལོ་རྒྱུས་མཚན་་་ ཇེ་མང་ཀློགས།
ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་ལྟར་སློབ་དེབ་གསར་བསྒྲིགས། བོད་ཀྱི་དུས་བབ། ༢༠༡༡/༠༧/༡༩ ཟླ་འདིའི་ཕྱི་ཚེས་ ༡༢ ནས་ཉིན་གསུམ་རིང་ངྷ་ས་གངས་སྐྱིད་དུ་ཤེས་རིག་ལས་ཁུངས་ཀྱིས་གསར་དུ་རྩོམ་སྒྲིག་བྱས་པའི་གཞི་རིམ་བར་མ་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་ལ་མཐའ་མའི་བསྐྱར་ཞིབ་དང་གཏན་འབེབ་བྱེད་པའི་ཚོགས་འདུ་་་ ཇེ་མང་ཀློགས།