ཚོགས་པ་གསར་པས་ལྡི་ལིའི་གཞུང་འཛིན་རྒྱུ་རེད། བོད་ཀྱི་དུས་བབ། ༢༠༡༣/༡༢/༢༥ རྒྱ་གར་རྒྱལ་ས་ལྡི་ལིར་ལོ་གཉིས་གོང་གསར་དུ་བཙུགས་པའི་མི་མང་དཀྱུས་མའི་ཚོགས་པས་ཁ་སང་གསལ་བསྒྲགས་ཤིག་སྤེལ་ཏེ། ལྡི་ལི་ས་གནས་སྲིད་གཞུང་ཁོ་རང་ཚོས་འཛིན་སྐྱོང་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་སྤེལ་འདུག་་་ ཇེ་མང་ཀློགས།
ཨི་ཇིབ་ནང་འབར་གས་དོན་རྐྱེན་བྱུང་། བོད་ཀྱི་དུས་བབ། ༢༠༡༣/༡༢/༢༤ ཁ་སང་ཨི་ཇིབ་ཀྱི་མངའ་སྡེ་ཌ་ཁཱ་ལ་ཡཱའི་རྒྱལ་སའི་གྲོང་ཁྱེར་ཉེན་རྟོག་ཁང་དུ་འབར་གས་དོན་རྐྱེན་བྱུང་སྟེ་མི་ ༡༤ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་ ༡༣༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག་་་ ཇེ་མང་ཀློགས།
མུ་ཤི་ར་ཧྥིར་ཁྲིམས་ཐག་གཅོད་རྒྱུ་རེད། བོད་ཀྱི་དུས་བབ། ༢༠༡༣/༡༢/༢༤ པ་ཀི་སི་ཐན་གྱི་སྲིད་འཛིན་ཟུར་པ་མུ་ཤི་ར་ཧྥིར་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་ཁྲིམས་ཐག་གཅོད་རྒྱུ་ཡིན་འདུག་་་ ཇེ་མང་ཀློགས།
སྲིད་བློན་ལྕམ་སྐུ་མཆོག་ལ་ངོ་རྒོལ། བོད་ཀྱི་དུས་བབ། ༢༠༡༣/༡༢/༢༣ དེ་རིང་ཐེ་ལན་ཌིའི་དམངས་གཙོ་ཚོགས་པ་དང་ཚོགས་པའི་རྒྱབ་སྐྱོར་བ་གཅིག་ཁྲི་ལྷག་འདུ་འཛོམས་ཀྱིས་ཐེ་ལན་ཌིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་དེབ་སྐྱེལ་བྱེད་སའི་མཐའ་བསྐོར་ཏེ་གཞུང་ལ་ངོ་རྒོལ་བྱེད་ཀྱིན་ཡོད་འདུག་་་ ཇེ་མང་ཀློགས།
ཉི་ཧོང་གིས་དམག་ཆས་འགྲོ་སོང་སྤར་ཆ་བྱས། བོད་ཀྱི་དུས་བབ། ༢༠༡༣/༡༢/༢༢ ཉི་ཧོང་གཞུང་གིས་རྒྱལ་སྲུང་བདེ་འཇགས་སྔོན་རྩིས་བརྒྱ་ཆ་ ༥ སྤར་ཆ་བཏང་སྟེ་དམག་ཆས་ཤུགས་ཆེ་རུ་གཏོང་འཆར་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག་་་ ཇེ་མང་ཀློགས།
ཞི་བདེ་རྒྱ་མཚོའི་ཐོག་གི་རྒྱ་ནག་དང་ཨ་རིའི་འགལ་བ། བོད་ཀྱི་དུས་བབ། ༢༠༡༣/༡༢/༢༠ དེ་རིང་ཨ་རིའི་བདེ་སྲུང་དྲུང་ཆེ་ཡིས་ཉེ་ཆར་རྒྱ་ནག་རྒྱ་མཚོའི་ལྷོ་ཕྱོགས་སུ་ཨ་རིའི་དམག་གྲུ་ལ་རྒྱ་ནག་གི་དམག་གྲུ་ཞིག་གིས་གདོང་ཐུག་རྒྱག་གྲབས་བྱས་པའི་སྐོར་ལ་བསྒྲགས་གཏམ་སྤེལ་ཏེ་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག་་་ ཇེ་མང་ཀློགས།
ཨ་རིའི་རྒྱ་ནག་གཞུང་ཚབ་ལ་སུ་ཞིག་བསྐོ་སྲིད་དམ། བོད་ཀྱི་དུས་བབ། ༢༠༡༣/༡༢/༡༩ ཨ་རིའི་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་པེ་ཅིན་གྱི་ཨ་རིའི་གཞུང་ཚབ་ཆེན་མོ་གྷ་རི་ལོག་གི་ཚབ་ཏུ་གྲོས་ཚོགས་གོང་མའི་འཐུས་མི་མེག་སེ་བྷ་ཁ་སེ་བསྐོ་འཆར་ཡོད་ཚུལ་བརྗོད་འདུག་་་ ཇེ་མང་ཀློགས།
རྒྱ་གར་དང་ཨ་རིའི་གཞུང་ཚབ་བར་གྱི་རྩོད་ཉོག བོད་ཀྱི་དུས་བབ། ༢༠༡༣/༡༢/༡༨ ཨ་རིའི་ནེའུ་ཡོག་ཏུ་ཡོད་པའི་རྒྱ་གར་གཞུང་ཚབ་ཡན་ལག་དང་ཨ་རིའི་གཞུང་བར་འགལ་བ་ཞིག་བྱུང་བ་དང་བསྟུན་ཏེ། ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ལའང་རྒྱ་གར་གཞུང་གིས་རྣམ་འགྱུར་མི་ལེགས་པ་བསྟན་ཡོད་འདུག་་་ ཇེ་མང་ཀློགས།