ང་ཕོད་སྐུ་གྲོངས་སོང་། བོད་ཀྱི་དུས་བབ། ༢༠༠༩/༡༢/༢༣ ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུའི་སྙུང་གཞི་ཞིག་གི་དབང་གིས་དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ དང་སྐར་མ་ ༥༠ སྟེང་རྒྱ་ནག་པེ་ཅིན་ནས་སྐུ་གྲོངས་ཡོད་ཅིང་། ད་ལོ་ཁོང་དགུང་གྲངས་ ༡༠༠་་་ ཇེ་མང་ཀློགས།
སྦྲང་ཆར་བྱ་དགའ། བོད་ཀྱི་དུས་བབ། ༢༠༠༩/༡༢/༢༡ ཉེ་ཆར་མཚོ་སྔོན་གནའ་མཁར་ཟི་ལིང་དུ་སྐབས་དྲུག་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་མཛད་སྒོ་ཚོགས་ཏེ། ལྷ་བྱམས་རྒྱལ་དང་འཇུ་སྐལ་བཟང་། བདེ་སྐྱིད་སྒྲོལ་མ། ཨ་བུ་བཅས་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་ཡོད་འདུག་་་ ཇེ་མང་ཀློགས།
ཡང་སྲིད་ཐག་གཅོད་ཀྱི་བདག་དབང་བོད་མིར་ཡོད། བོད་ཀྱི་དུས་བབ། ༢༠༠༩/༡༢/༡༩ རྒྱ་གཞུང་གིས་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་ལ་ཐེ་བྱུས་བྱེད་ཀྱིན་པའི་ དམིགས་ཡུལ་གཙོ་བོ་ནི། ༧གོང་ས་མཆོག་དགོངས་པ་རྫོགས་མཚམས་སུ་རྒྱ་ནག་གི་འདོད་མོས་ལྟར་ཡང་སྲིད་ཞིག་ འཚོལ་རྒྱུ་དེ་རེད་ཅེས་བཙན་བྱོལ་བོད་གཞུང་གིས་ལན་འདེབས་གནང་་་ ཇེ་མང་ཀློགས།
ཨ་ལགས་འཇམ་དབྱངས་ཆོས་གྲགས་འཇུས་འདུག བོད་ཀྱི་དུས་བབ། ༢༠༠༩/༡༢/༡༨ ཟླ་འདིའི་ཚེས་ ༦ ཡས་མས་སུ་རྒྱ་གཞུང་གིས་རྔ་བ་སྒོ་མང་དགོན་པའི་ཨ་ལགས་འཇམ་དབྱངས་ཆོས་གྲགས་ལགས་འཛིན་བཟུང་བྱས་ཡོད་འདུག་་་ ཇེ་མང་ཀློགས།
གྲྭ་བཀྲ་ཚེ་བཙོན་གྲོལ་ཐོབ་པ། བོད་ཀྱི་དུས་བབ། ༢༠༠༩/༡༢/༡༨ མདོ་སྨད་རྔ་བ་སྒོ་མང་དགོན་པའི་དགེ་འདུན་པ་བཀྲ་ཚེའམ་འཇིགས་མེད་དགེ་འདུན་ལགས་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནས་བཙོན་གྲོལ་བཏང་ཡོད་འདུག་་་ ཇེ་མང་ཀློགས།
མདོ་དབུས་མཐོ་སྒང་ལ་ཚ་རླབས་འཕྱུར་བའི་ཟིན་ཐོ། བོད་ཀྱི་དུས་བབ། ༢༠༠༩/༡༢/༡༨ འཛམ་གླིང་ཧྲིལ་བོའི་གནམ་གཤིས་ལ་འགྱུར་ལྡོག་འགྲོ་བ་དང་བསྟུན་ཏེ། སའི་གོ་ལའི་སྣེ་མོ་གསུམ་པ་བོད་ཡུལ་མདོ་དབུས་མཐོ་སྒང་གི་ཚ་དྲོད་འཕར་ཏེ། སྔོན་མའི་གངས་ཀྱི་ར་བ་གཡའ་བྲག་གི་ར་བར་གྱུར་ཞིང་། མཚོ་དང་མཚེའུ་གྲམ་པར་གྱུར། རྩྭ་ཐང་་་ ཇེ་མང་ཀློགས།
སྟོན་པ་བཅོམ་ལྡན་འདས་ཀྱང་ཚན་རིག་པ་ཞིག་ཡིན། བོད་ཀྱི་དུས་བབ། ༢༠༠༩/༡༢/༡༨ ༧གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་སྐབས་ང་བརྒྱད་པའི་ལོ་འཁོར་ཚན་རིག་པའི་ཚོགས་ཆེན་སྟེང་ཆིབས་བསྒྱུར་བསྐྱངས་ཏེ་ལུས་ཁམས་ཚན་རིག་དང་རྒྱ་གར་གྱི་གནའ་བོའི་ནང་ པའི་ལྟ་གྲུབ་ཅེས་པའི་བརྗོད་གཞིའི་སྟེང་གསུང་བཤད་གནང་ཡོད་པ་རེད།་་་ ཇེ་མང་ཀློགས།
སློབ་གྲྭ་བཤས་རྭར་བསྒྱུར་འདུག་ཟེར། བོད་ཀྱི་དུས་བབ། ༢༠༠༩/༡༢/༡༧ རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་གསར་འཛུགས་གནང་བའི་སློབ་གྲྭ་གཉིས་བྱ་གསོ་རྭ་བ་དང་བཤས་རྭར་བསྒྱུར་ཡོད་འདུག་་་ ཇེ་མང་ཀློགས།