མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧིན་སྒོར་ས་ཡ་གཉིས་ལྷག་གི་ཞལ་འདེབས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་དགོན་སྡེ་གྲྭ་ཚང་ཁག་དང་གཞིས་གྲོང་ཁག་ནས་ཧིན་སྒོར་ ༢༡༣༧༠༠༠ ཞལ་འདེབས་བསྡུས་ཏེ་ངྷ་སའི་ ༡།༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ལ་ཕུལ་ཡོད་འདུག

འདི་ག་གསར་ཁང་ལ་ ༼ རྒྱ་གར་ལྷོ་ཕྱོགས་མོན་གྷོའི་བོད་མིའི་ཁམས་སྐྱེ་རྒུ་མདོའི་བསྔོ་སྨོན་དང་ཞལ་འདེབས་ཚོགས་ཆུང་ ༽ གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། མོན་གྷོ་འདོད་རྒུ་གླིང་གི་སེར་སྐྱ་བོད་མི་རྣམས་ཀྱིས་ཁམས་ཡུལ་ཤུལ་ལ་ས་འགུལ་གྱིས་མི་རྒྱུ་གཉིས་ལ་ཚབས་ཆེའི་གོད་ཆག་བྱུང་སྐབས་ཏེ། ཟླ་ ༤ ཚེས་ ༡༥ ཉིན་མོན་གྷོའི་ས་གནས་རང་བདེན་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་དང་ཆོས་སྡེ་ཁག་གི་ཕྱག་མཛོད། གཞིས་གྲོང་ཁག་དགུའི་སྤྱི་མི། ས་གནས་གཞོན་ལྷན་དང་ས་གནས་བུད་མེད་ཚོགས་གཙོ་བཅས་ཀྱིས་མཉམ་འབྲེལ་ཐོག་གདུང་སེམས་མཉམ་སྐྱེད་ཆེད་ལས་གཞི་ཅི་ཞིག་བསྒྲུབ་པར་གྲོས་ཁ་བསྡུར་ཏེ། ས་ཡོམ་སྐབས་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད། གཞིས་གྲོང་ཁག་ནང་བསྔོ་སྨོན་མཆོད་འབུལ་འཚོགས་པ་དང་མཆོད་མེ་བརྒྱ་མཆོད་དང་སྟོང་མཆོད་ཕུལ་ཡོད་པ་མ་ཟད། བདུན་ཚིགས་དང་པོ་དང་གཉིས་པ། གསུམ་པ་སོགས་སྲུང་གཙི་དང་བསྔོ་སྨོན་གསོལ་འདེབས་ཞུས་ཡོད་འདུག

དེ་བཞིན་བཀའ་སྤྱི་གཉིས་ཀྱིས་ལམ་སྟོན་ཕེབས་པ་ལྟར། བློ་གསལ་གླིང་གྲྭ་ཚང་གི་ལྡན་མ་ཁང་ཚན་གྱི་སྐྱེ་རྒུ་མདོ་ནས་ཡིན་པའི་གྲྭ་ཕུན་ཚོགས་ལེགས་སྨོན་དང་ཕུན་ཚོགས་ཚེ་རིང་། བསོད་ནམས་ཡེ་ཤེས། འཇིགས་མེད་རབ་བརྟན་བཞི་དང་གཞིས་གྲོང་ཁག་གི་སྤྱི་མི། ཆོས་སྡེ་ཁག་གི་ཕྱག་མཛོད། ས་གནས་གཞོན་ནུ་དང་ས་གནས་བུད་མེད། ས་གནས་རང་བདེན་ཚོགས་གཙོ་བཅས་མཉམ་རུབ་ཐོག བསྡུ་རུབ་བྱས་པའི་ཞལ་འདེབས་ཁྱོན་སྡོམ་ཧིན་སྒོར་འབུམ་ཉེར་གཅིག་དང་གསུམ་ཁྲི་བདུན་སྟོང་ ༢༡༣༧༠༠༠ བྱུང་བ་ངྷ་སའི་ ༤།༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ལ་ཕུལ་ཡོད་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༣ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༧ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 10

  1. གདོང་དམར་བོད་རིགས། says:
    ལོ་ 16 སྔོན།

    ཨ་རི་བ་བོད་མི་བསམ་ཆུ༹ལ་འདོན་སྤེལ་བྱེད་མཁན་ཡོངས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད།།

    Reply
  2. བཤད་ལ་དགའ་ says:
    ལོ་ 16 སྔོན།

    རྩོམ་ཡིག་རིན་ཐང་པ་ཞིག་འདུག
    བཙན་བྱོལ་བོད་མིར་ཡུལ་ཤུལ་ས་འགུལ་ཁྲོད་ན་སྒ་ཚིགས་དང་ལག་པ་མི་འདུག
    ཨ་རིའི་བོད་པ་ནས།

    ཁ་བཤད་ཆུ་ཡི་དབུ་བ་ཡིན།།
    ལག་ལེན་གསེར་གྱི་ཐིགས་པ་ཡིན།།
    ཡུལ་ཤུལ་ནས་རྒྱུ་རྒྱ་ནག་གིས་བསྒྲུབས་སྟེ་རྐྱེན་ས་འགུལ་ལ་བརྟེན་ནས་བོད་མི་ཁྲི་ཕྲག་ལྷག་གི་ཚེ་སྲོག་ཤོར་བ་དང་ཁྲི་ཕྲག་འགར་རྨས་སྐྱོན་དང་དཀའ་ངལ་ཕྲད་པར་རྒྱ་ནག་གི་མགོ་ཁྲིད་ཀྱི་ཁ་མ་གྲགས་པའི་སྔོན་༧་གོང་མཆོག་གིས་གསུང་འཕྲིན་གནང་བ་བདེན་མོད། ལོ་ཤས་སྔོན་རང་དབང་གི་རྩ་ཐང་ན་འཚོ་བའི་འབྲོག་པ་རྣམས་རྒྱ་གཞུང་གིས་བཙན་དབང་གིས་སློབ་གྲ་དང་འདུག་ཁང་ཐེབ་ཆག་རེ་ནང་བཙན་དབང་གིས་ཕྱོགས་བསྡུས་བྱས་ནས་བཅུགས་ཡོད་ཚད་ཚེ་སྲོག་ཤོར་སོང་བ་སུས་འགན་འཁུར་དགོས་མིན་ཁྲིམས་ཐོག་ནས་རྩོད་པ་རྒྱག་མཁན་ཕར་ཤོག འགུལ་ཚད་༦.༩་ཙམ་གྱིས་ཁང་པ་བརྒྱ་ཆའི་དགུ་བཅུ་རྡིབ་པ་དང་དེའི་ཁྲོད་དུ་མི་ཉིས་སྟོང་ཉིས་བརྒྱ་ཙམ་ལས་ཤི་མེད་པར་བརྗོད་པར་དོགས་འདྲི་བྱེད་མཁན་ཙམ་ཡང་མི་འདུག ནམ་རྒྱུན་བོད་ནང་གི་ཐོབ་ཐང་དང་རང་དབང་འཐབ་རྩོད་མཁན་བཙན་བྱོལ་བོད་གཞུང་གིས་སྒ་བ་སྒུར་སྒུར་བྱས་ནས་ཐུགས་རྗེ་ཆེ་རོགས་པ་ཡག་པོ་བྱས་སོང་ཟེར་ནས་མཆོད་འབུལ་རེ་བྱས་སྟེ་བསྡད་འདུག་པ་འདི།ཁོ་ཚོ་རྒྱ་ནག་གིས་གཉེན་ཕྲད་ལ་ཤོག་ཟེར་བ་ཙམ་ལ་མགོ་འཁོར་བ་རེད་དམ། སྐོག་སྐོག་སུལ་སུལ་ནས་བཙན་བྱོལ་གཞུང་གྲུང་གོ་དང་ཟླ་སྒྲིལ་བྱས་སོང་བ་རེད།
    ཡུལ་ཤུལ་ནས་གྲ་བ་རྣམས་གཙོ་བྱས་ནས་བོད་པ་ཚོས་རྒྱལ་བའི་ཞབས་བརྟན་དང་བྱང་ཆུབ་སེམས་མཆོག་བཏོན་ནས་ཧུའུ་ཅན་ཐོའི་ཆབ་སྲིད་ཟློས་གར་ལ་ངོ་རྒོལ་བྱས་དུས། ནམ་རྒྱུན་སྐད་འབོད་ལ་དགའ་བའི་ཚོགས་པ་ཚོས་མར་མེ་ཁྲོམ་སྐོར་ཙམ་ཡང་མེད་པར་ཁུ་སིམ་མེར་ཡོད་པ་ནི་བཀའ་ཤག་གི་བཀའ་ནན་མོའི་གསང་ཕྲིན་འབྱོར་བ་རེད་དམ། རང་རང་གི་སྒེར་དོན་གྱིས་ཡོང་མ་ཐུབ་པ་རེད། ཡུལ་ཤུལ་གྱི་གོད་ཆག་ལ་ཕྱོགས་གང་ས་གང་ནས་སྤར་ཁ་ཡངས་པར་ཕྱེ་ནས་ཨ་སྒོར་ས་ཡ་ལྔ་བརྒྱ་ལྷག་ཞལ་འདེབས་བྱུང་ཡོད་སྐད་།དེའི་ནང་ལ་རྒྱ་གཞུང་གིས་ངན་སྐུལ་ལས་བསླངས་བའི་སྲིད་དངུལ་དུག་རྫས་ཀྱིས་མང་པོ་ཟིན་ཡོད་ལ་།དེའི་ནང་ལ་་བོད་པ་རང་ཉིད་ལས་ཆོས་སེམས་དང་རིགས་ཞེན་ལས་བྱུང་བའི་དངུལ་རྫས་ཀྱིས་ཡང་གང་མཚམས་ཟིན་ཡོད།དཔེ་མཚོན་ཙམ་ནི།གསེར་ཤུལ་ཁྲི་བ་རིན ་པོ་ཆེ་ནས་རྒྱ་སྒོར་ཁྲི་སྟོང་གཅིག་དང་བརྒྱ་(༡༡༠༠༠༠༠༠)ལྷག་ཕུལ་འདུག་པ་ནི་བོད་པའི་ནང་གི་ཆེ་མང་ཤས་ཀྱི་ཞལ་འདེབས་རེད་འདུག།རྒྱ་སྒོར་ཁྲི་བརྒྱ་ཡན་ཕུལ་མཁན་ར་ཉག་སྤྲུལ་སྐུ་སོགས་སྤྲུལ་སྐུ་འགའ་རེ་འང་བྱུང་ཡོད་ལ།ཁྲི་བཞི་བཅུ་ལྔ་ཕུལ་མཁན་སྤྲུལ་སྐུ་དང་དགོན་སྡེ་ཚོང་པ་སོགས་གང་མཚམས་བྱུང་ཡོད་པར་མ་ཟད།བོད་ནང་གི་དགོན་པ་དང་སྡེ་བ་མང་ཆེ་བས་རྒྱ་སྒོར་ཁྲི་བཅུ་ཡས་མས་རེ་ཕུལ་ཡོད་འདུག ་ཁོ་བོར་གསལ་ཆ་ཡོད་པའི་མི་ཚང་ཉིས་བརྒྱ་ཙམ་ལས་མེད་པའི་སྡེ་བ་སྐྱོ་བོ་ཞིག་གིས་ཡང་ཐིང་བཞི་ལ་ཞལ་འདེབས་བསྡུས་ནས་སྒོར་ཁྲི་བཅུ་ལྷག་ཕུལ་འདུག བོད་ཁམས་ཡོངས་ནས་དཔལ་འབྱོར་གྱི་འདུན་པ་གཅིག་ལ་སྒྲིལ་བའི་སྐབས་འདིར་
    རྒྱལ་བ་ཀརྨ་པ་རང་ཉིད་ལ་བཞུགས་གནས་ཙམ་ཡང་མེད་ནའང་ཡུལ་ཤུལ་ལ་ཨ་སྒོར་འབུམ་གཉིས་ལྷག་གི་ཞལ་འདེབས་ཕུལ་བ་ནི་བདེན་མོད། ་
    སྤྱིར་བཙན་བྱོལ་བོད་མིའི་ལག་པ་འཁུམས་འདུག ་
    ནམ་རྒྱུན་ནུབ་ཕྱོགས་ན་སློང་མོ་ལ་བྲེལ་བའི་རྒྱ་གར་གྱི་བོད་པའི་དགོན་ཆེན་འགས་སྒོར་མོ་ས་གནས་རྒྱ་གར་བའི་དངུལ་ཁང་ནང་མ་ཤོང་པར་ཡོད་པར་ཐོས་མྱོང་ལ།ཧིན་སྒོར་འབུམ་གཅིག་སྟོང་དངུལ་ཁང་ནང་ཡོད་མཁན་ནི་དགོན་པ་སྤྱིར་གཏང་བའི་གྲོས་ཡིན་ཟེར། ཡིན་ནའང་དགོན་པ་དེ་དག་གིས་གོད་ཆག་འདི་ལ་སྨོན་ལམ་རེ་གསུངས་བ་མ་གཏོགས་ཞལ་འདེབས་གནང་བ་གོ་ཐོས་མ་བྱུང་།ཨ་རིའི་ནང་ཨ་སྒོར་བརྒྱ་རེ་ཉིན་གླ་ལེན་མཁན་ཚོའི་ནང་ཨ་སྒོར་བཅུ་ལག་པ་འདར་ཞོར་ལ་སྟེར་མཁན་མཐོང་མྱོང་ལ། རྡ་ས་ན་གསོལ་ཕོགས་ཧིན་སྒོར་ལྔ་སྟོང་ཡན་ལེན་མཁན་ནང་ཧིན་སྒོར་བརྒྱ་བྱིན་ནས་སྐད་ཆེན་པོ་བརྒྱགས་མཁན་ཡང་གོ་མྱོང་། ད་དུང་ཞིབ་བཙགས་ཤིག་བྱས་ན་རྫོགས་ཆེན་རིན་པོ་ཆེ་སྤྲུལ་སྐུ་གཞན་ཞིག་དང་མཉམ་འབྲེལ་གྱིས་རྒྱ་སྒོར་ཁྲི་སུམ་བརྒྱ་ལྷག་ཕུལ་འདུག་མོད། ཕྱི་ལོགས་ན་ཆོས་ཚོགས་བརྒྱ་ཕྲག་དང་ཨ་སྒོར་ས་ཡ་འགའ་ཤས་ཀྱི་་བདག་པོར་གྱུར་ཞིང་འཛམ་གླིང་ན་སྐད་གྲགས་ཅན་གྱི་བསོད་རྒྱལ་སྤྲུལ་སྐུའི་ཚ་བོར་གྱུར་བའི་རྫོགས་ཆེན་རིན་པོ་ཆེ་ནས་ནུབ་ཕྱོགས་སྟོབས་འབྱོར་གླིང་ནས་ཧིན་སྒོར་འབུམ་གཅིག་(རྒྱ་སྒོར་གཅིག་ཁྲི་ལྷག་)བསྐུར་འདུག་ཟེར། དེའི་ཕྱིར་་བཙན་བྱོལ་བོད་མིར་སྒ་ཚིགས་དང་ལག་པ་མི་འདུག་ཟེར་ན་འདོད་གི
    ༢༠༡༠ ལོའི་སྤྱི་ཟླ་༥་བའི་ཚེས་༡༧་ཉིན་ཨ་རིའི་བོད་པས་ཨ་རི་བྱང་མ་གླིང་ནས་བྲིས།

    Reply
  3. ཨ་འདུས་མིག་ཆུ། says:
    ལོ་ 16 སྔོན།

    གྲྭ་ཚང་གང་གིས་གང་གནང་ལ་ངས་བསམ་བློ་བཏང་མ་མྱང།ཡིན་ནའང་གཙོ་བོ་བོད་ནང་གི་ཡུལ་ཤུལ་མི་མང་ལ་རྒྱ་ཆེའི་བརྒྱ་དོ་སྣང་བྱེད་དུས།བཙན་བྱོལ་ན་ཡོད་པའི་ཡུལ་ཤུལ་མི་མང་ལ་བརྒྱ་ཆའི་ལྔ་བཅུ་དོ་སྣང་བྱེད་དགོས་ཀྱི་འདུག།ང་ལ་དཔལ་འབྱོར་ཏོག་ཙམ་ཡོད་ན་ངས་ཁོང་ཚོ་ལའང་ངེས་པར་ལྟ་ངེས།འདི་ངའི་བསམ་ཙམ་ཡིན།ཞལ་འདེབས་གནང་མཁན་ཚང་མར་སྙིང་རུས་པའི་གཏིང་ཐུགས་རྗེ་ཆེ་ཞུ

    Reply
  4. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    གནས་ཚུལ་བཟང་ནི་རེད། ཡིན་ནའང་འགྲོ་ས་དེ་དམིགས་ཡུལ་ཇི་བཞིན་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།

    Reply
  5. བཀྲིས་ says:
    ལོ་ 16 སྔོན།

    ངའི་གོ་ཐོས་ལ་གྲྭ་ཚང་བློ་གསལ་གླིང་གིས་འབུམ་གསུམ་སྤྲད་པ་རེད་ཟེར། འདི་འདྲ་ཡིན་དུས་དེ་བཞིན་ཚང་མས་སྤྲད་ཡོད་ན་གྲྭ་ཚང་ཆེ་བ་བཞིས་འབུམ་༡༢དང་ཆུང་བ་ལྔ་དྲུག་ཡོད་གཟོ་འདུག་པ་དེ་དག་གིས་འབུམ་རེ་རྩིས་ན་འབུམ་༡༨དང་། མི་མང་ནས་འབུམ་གསུམ་ཙམ་གཏོན་པས་དབང་དུ་བཏང་ན། ད་དུང་བླ་བྲང་ཆེ་ཆག་དང་སྦྱིན་བདག་ཆེ་ཁག་མང་པོས་མི་སྤྲད་པ་འདྲ་པོ་འདུག འ་ཛི་རྩེད་མོ་བྱས་པ་ཡིན། རྗེས་སུ་ཡིད་རངས་གཙང་མ་ཡོད།

    Reply
  6. དོན་འགྲུབ་ says:
    ལོ་ 16 སྔོན།

    ༄༅། མོན་གྷོ་འདོད་རྒུ་གླིང་དགོན་སྡེ་གྲྭ་ཚང་དང་རྒྱ་ཆེ་མི་མང་ནས་གཞིས་ལུས་སྤུན་ཟླ་རྣམས་ལ་རང་བྱུང་ས་ཡོམ་གྱི་འཇིགས་པ་ཚབས་ཆེན་བྱུང་བའི་སྐབས་འདིར་སྐྱིད་སྡུག་མཉམ་མྱོང་གདུང་སེམས་མཉམ་བསྐྱེད་ཐོག་ཞལ་འདེབས་དངོས་གནས་རྒྱ་ཆེན་པོ་གནང་འདུག་པ་སྐྱ་སེར་ཚང་མར་བསྔགས་བརྗོད་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞུ་གི་ཡིན།།

    Reply
  7. རྨེ་གླིང་གདོང་ནག says:
    ལོ་ 16 སྔོན།

    ༄༅། ། ཞལ་འདེབས་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ༡།༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ལ་དངུལ་དེ་དག་རྒྱ་གཞུང་ལ་སྤྲོད་རྒྱུ་མིན་པར་ཡུལ་ཤུལ་མི་མང་རང་གི་ལག་ཏུ་འབྱོར་རྒྱུའི་རེ་བ་ཞུ།

    Reply
  8. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ལ་ཞུ་རྒྱུ་ཁྱོད་ཚོས་རྒྱལ་བ་རིན་པོ་ཆེན་ལ་བཀའ་འདྲི་ཞུ་ནས་རྗེས་སུ་ས་ཡི་འཇིག་པ་དེ་འདྲ་མི་ཡོང་བའི་ཆད་དུ་མཆོད་རྟེན་ནམ་སྐུ་འདྲ་སོགས་གང་དགའ་བཞེང་ཐུབ་ན་ཧ་ཅང་བཟང་།སྤྱིར་ཁྱེད་ཚོས་མ་མཁྱེན་པ་མེད་ཀྱང་མཁས་པ་ལ་དྲན་གསོ་ཟེར་ལྟར་ཡིན་པའི་འདྲ་མིན་མ་དགོང་རོགས།

    Reply
  9. karma dorje says:
    ལོ་ 16 སྔོན།

    སྤུན་ཟླ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་ཆེ།

    Reply
  10. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    གནས་ཚུལ་བཟང་པོ་རེད་་་་
    སྤུན་ཟླ་རྣམས་ལ་སྙིང་ཐག་པ་ནས་དཀའ་དྲིན་བཞིན་ཐུགས་རྗེ་ཆེ་ཞུ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese