༧གོང་ས་མཆོག་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུ་བཀའ་བཞེས་བསྩལ། བོད་ཀྱི་དུས་བབ། ༢༠༢༤/༠༣/༡༤ ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པའི་གནད་ཡོད་མི་སྣ་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་བསྟུན་༧གོང་ས་མཆོག་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་་་ ཇེ་མང་ཀློགས།
གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ལས་རིམ་དབུ་འཛུགས་གནང་སོང་། བོད་ཀྱི་དུས་བབ། ༢༠༢༤/༠༣/༡༣ སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དྲུག་པའི་མཇུག་སྐྱོང་ལས་རིམ་དབུ་འཛུགས་དང་འབྲེལ་སྤྱི་འཐུས་སྒེར་བ་ཞིག་གི་གནད་དོན་ཐོག་བདེ་སྲུང་ལས་ཁུངས་ཀྱི་རྩད་ཞིབ་མཇུག་འབྲས་སྙན་སྒྲོན་གནང་སོང་། ་་་ ཇེ་མང་ཀློགས།
ཉིན་གྲངས་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་མགོ་བཙུགས། བོད་ཀྱི་དུས་བབ། ༢༠༢༤/༠༣/༡༢ སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་གྲངས་མཛོད་དུ་བཅུག་སྟེ་འཇིག་རྟེན་འདི་མ་སྟོང་བར་དུ་སངས་རྒྱས་བསྟན་པ་དང་བཀའ་བསྟན་ཆ་ཚང་ཉར་ཚགས་བྱ་ཐུབ་རྒྱུར་དམིགས་ཡོད་སྐོར་གསུངས་སོང་། དྷ་ས་་་ ཇེ་མང་ཀློགས།
ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གཅིག་པ་འཚོགས། བོད་ཀྱི་དུས་བབ། ༢༠༢༤/༠༣/༡༢ བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བཅུ་གཅིག་པའི་ཐོག་གྲོས་གཞི་དོན་ཚན་བཅུ་གསུམ་ལ་གྲོས་ཆོད་གཏན་འབེབས་བྱུང་ཡོད་འདུག བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་་་ ཇེ་མང་ཀློགས།
བོད་ཀྱི་གློག་བརྙན་གསའ་ལ་བྱ་དགའ་གཉིས་ཐོབ་འདུག བོད་ཀྱི་དུས་བབ། ༢༠༢༤/༠༣/༡༡ ཨེ་ཤ་ཡའི་གློག་བརྙན་གཟེངས་རྟགས་ཆེན་མོའི་ཐོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་གསའ་ལ་གློག་བརྙན་འཁྲབ་གཞུང་རྩེ་གྲས་དང་བརྙན་ལེན་རྩེ་གྲས་ཀྱི་བྱ་དགའ་ཐོབ་འདུག་་་ ཇེ་མང་ཀློགས།
བོད་ལྷུན་འགྲུབ་རྫོང་ནས་བོད་མི་ཞིག་བཙན་འཁྲིད་བྱས། བོད་ཀྱི་དུས་བབ། ༢༠༢༤/༠༣/༡༡ རྒྱ་ནག་གཞུང་གིས་བོད་ལྷུན་འགྲུབ་རྫོང་ནས་ཡིན་པའི་ཕུན་ཚོགས་ཞེས་པ་ཞིག་ལ་གསང་བའི་ཡིག་ཆ་ཕྱི་ལ་བཀྲམ་པའི་ཉེས་མིང་འོག་བཙན་འཁྲིད་བྱས་ཡོད་འདུག བོད་མི་ཕུན་ཚོགས་ལགས་ལྷུན་འགྲུབ་རྫོང་ཐོག་ནས་འཛིན་བཟུང་བྱེད་སྐབས། ༢༠༢༤།༠༣།༠༥་་་ ཇེ་མང་ཀློགས།
བོད་མི་རྣམས་ཀྱིས་མུ་མཐུད་སེམས་ཤུགས་སྐྱེད་དེ་འཐབ་རྩོད་གནང་རོགས། བོད་ཀྱི་དུས་བབ། ༢༠༢༤/༠༣/༡༠ རྒྱ་གཞུང་གིས་དྲག་གནོན་ག་ཚོད་བྱས་ཀྱང་བོད་དོན་འཐབ་རྩོད་རྒྱུན་གནས་ཐུབ་ཡོད་པ་ནི་གཟི་བརྗིད་ཅིག་ཡིན་པས་མུ་མཐུད་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་གནང་། འཇར་མན་དང་ཨོ་གླིང་གི་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མིའི་་་ ཇེ་མང་ཀློགས།