ལྷ་སར་ཐ་མག་འཐེན་མི་ཆོག

ཉེ་ཆར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་རྒྱུན་ལས་གྲོས་མོལ་ཞིབ་དཔྱོད་ཚོགས་འདུ་ཟེར་བའི་ཐོག་ནས་གྲོས་འཆམ་བྱུང་དོན་ལྟར། ལྷ་ས་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་ལས་ཁུངས་ཀྱིས་༼ ལྷ་ས་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག་ལག་ལེན་བྱ་ཐབས ༽ ཞེས་པའི་འཕྲོད་བསྟེན་སྐོར་གྱི་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་མི་ཚོགས་འདུ་འཛོམས་བྱེད་པའི་ས་ཚིགས་ ༡༠ ཙམ་དུ་ཐ་མག་འཐེན་མི་ཆོག་པ་བཟོས་ཡོད་འདུག་ལ། ས་ཚིགས་དེ་དག་ནི་སྤྱི་སྤྱོད་རིག་གནས་རྩོལ་རྩེད་ར་བ་དང་ལུས་རྩལ་ཁང་། རླངས་འཁོར་དང་མེ་འཁོར། གནམ་གྲུ་སོགས་སྒུག་ཡུལ། ཚོང་ར། འཕྲོད་བསྟེན་དང་འབྲེལ་བའི་ལས་གནས་ཁག་དང་། སློབ་གྲྭ་དང་བུ་བཅོལ་ཁང་། འབྲུ་རིགས་མཁོ་འདོན་བྱེད་ས། དངུལ་རྩའི་ལས་གཉེར་ཁུལ། དཔེ་མཛོད་ཁང་། ཡིག་ཚགས་འཚོལ་ཀློག་ཁང་། འགྲེམས་སྟོན་ཁང་། གྲོས་ཚོགས་ཁང་སོགས་ཡིན་འདུག ས་ཚིགས་དེ་དག་ཏུ་ཐ་མག་འཐེན་མི་ཆོག་པའི་བཀའ་རྒྱ་སྦྱར་འགྲེམ་བྱས་ཏེ་ ༢༠༡༠ ཟླ་ ༡ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། མི་སུ་ཞིག་སྲོལ་ཡིག་དེ་དང་འགལ་ན་རྒྱ་སྒོར་ ༢༠ ནས་ ༥༠ བར་གྱི་ཉེས་ཆད་གཅོད་རྒྱུ་ཡིན་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

10 thoughts on “ལྷ་སར་ཐ་མག་འཐེན་མི་ཆོག

  1. དྲ་གྲོགས་ཚོ་ཐ་མག་འཐེན་དགོས་པའི་རྒྱུ་མཚན་གང་ཡིན་ནམ། སྤྱིར་ཐ་མག་འཐེན་ན་རང་ཉིད་གནས་སྐབས་གཅིག་རིང་ངལ་གསོ་ལ་ད་དུང་སེམས་པ་ལྷོད་ལ་བབ་པ་མ་ཟད་བསམ་བློ་ཡང་གཏོང་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།

    གལ་ཆེ་བ་ཞིག་ལ་ཐ་མག་མང་པོ་འཐེན་མཁན་གྱི་མི་ཕལ་ཆེ་བ་རྒན་གོག་ཆགས་ཀྱི་མེད་ཟེར། དེར་བརྟེན་གལ་སྲིད་ཁྱེད་རངགི་མུ་མཐུད་ཐ་མག་གང་མང་མང་འཐེན་ཐུབ་ན་ཁྱེད་རང་རྒན་ཁོག་མ་ཆགས་པ་མ་ཟད་ད་དུང་སྐྲ་དཀར་བ་དང་། ལུས་ཁོག་པ། གདོང་ལ་མཉེར་མ་མང་བ་སོགས་གཏན་ནས་མི་ཡོང་།

    གདེ་གང་ཡིན་ཟེར་ན་ནི་ཐ་མག་མང་པོ་འཐེན་ན་ལོ་ན་ཆུང་ཆུང་སྐབས་ནས་གློ་བ་དང་། སྙིང་། ཕོ་བ་སོགས་ལ་ཀན་སར་ ” lung cancer, stomach cancer and myo- cardic disease ཟེར་བའི་ནད་གཞི་བཅོས་ཐབས་མེད་པ་དེ་ཆགས་ནས་མགྱོགས་པོ་ཤི་བ་ཡིན་ཙང་ཁྱེད་རང་རྒན་ཁོག་ཆགས་མི་ཐུབ་པ་ཡིན།