མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མའི་མཇལ་འཕྲད།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྡིགས་ར་དང་ངོ་རྒོལ་ལ་མ་ལྟོས་པར་སྲིད་འཛིན་ཨོ་བྷ་མ་མཆོག་གིས་༧གོང་ས་མཆོག་ཕོ་བྲང་དཀར་པོའི་ནང་གདན་ཞུས་ཀྱིས་མཇལ་འཕྲད་གནང་ཡོད་པ་མ་ཟད། ཁོང་གིས་བོད་མི་ཚོའི་ཆོས་རིག་སྲུང་སྐྱོབ་དང་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་གི་ཡོད་སྐོར་གསུངས་ཡོད་པ་རེད།

ཕྱི་ཚེས་ ༡༨ ཉིན་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་ཡོད་ལ། ཁོང་གཉིས་ཀྱི་མཇལ་འཕྲད་ཀྱི་ཁང་བ་ནི་ཕོ་བྲང་དཀར་པོའི་ཁང་བརྩེགས་འོག་མའི་ནང་གི་ས་ཁྲའི་ཁང་ཆེན་ནང་དུ་མཇལ་འཕྲད་གནང་ཡོད་པ་རེད། དེ་ནི་ཨ་རིའི་སྲིད་འཛིན་མཆོག་གི་གཞུང་འབྲེལ་གྱི་ཁྱིམ་ཡིན་འདུག ས་ཁྲའི་ཁང་བ་ཞེས་མིང་ཐོགས་དོན་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་དེ་དུས་ཀྱི་ཨ་རིའི་སྲིད་འཛིན་ཧྥུ་རན་ཁུ་ལིན་རོ་སུ་ཝེལ་ཊི་མཆོག་གིས་ཁང་བ་འདིའི་ནང་དུ་དམག་འཁྲུག་གི་གཡུལ་སའི་ས་ཁྲར་ལྟ་ས་ཡིན་སྟབས་དེ་ལྟར་དུ་བཏགས་འདུག

མཇལ་འཕྲད་གནང་གྲུབ་རྗེས་ཨ་རིའི་ཕོ་བྲང་དཀར་པོས་གསར་འགོད་གལ་བསྒྲགས་སྤེལ་དོན། སྲིད་འཛིན་གྱིས་དེ་རིང་ཞོགས་པར་ཕོ་བྲང་དཀར་པོའི་ནང་དུ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་མཇལ་འཕྲད་གནང་སོང་། སྲིད་འཛིན་གྱིས་སྐབས་དེར། ཁོང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ངོ་རྟགས་གཅེས་འཛིན་ཡོང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་བོད་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་ཐད་ཤུགས་ཆེའི་རྒྱབ་སྐྱོར་ཡོད་སྐོར་གསུངས་སོང་། དེ་བཞིན་དུ་སྲིད་འཛིན་གྱིས། ཏཱ་ལའི་བླ་མ་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་དང་། ཁོང་གི་འཚེ་མེད་ཞི་བའི་ལྟ་བ་གཞིར་བཟུང་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་ཡོང་ཐབས་ལ་བློ་བརྟེན་འགྱུར་བ་མེད་ངང་གནས་པ་དེར་རྗེས་སུ་ཡི་རངས་ཞུས་སོང་། སྲིད་འཛིན་གྱིས་ནན་གྱིས་གསུངས་དོན། ཁོང་གིས་དུས་རྒྱུན་དུ་ཕྱོགས་གཉིས་ཀས་ཐད་ཀའི་བཀའ་མོལ་གནང་སྟེ་འགལ་བ་གང་ཡོད་སེལ་ཐབས་བྱ་དགོས་པ་དང་། ཉེ་ཆར་འབྲེལ་བ་བསྐྱར་མཐུད་ཀྱིས་བཀའ་མོལ་གནང་བ་གོ་བས་དགྱེས་ཚོར་བྱུང་ཚུལ་གསུངས་སོང་། སྲིད་འཛིན་དང་ཏཱ་ལའི་བླ་མ་རྣམ་གཉིས་ཀྱིས་ཨ་རི་དང་རྒྱ་ནག་གི་བར་དུ་བཟང་ཕྱོགས་དང་མཉམ་ལས་ཀྱི་འབྲེལ་བ་འཛུགས་དགོས་སྐོར་ལ་ཐུགས་མཐུན་གནང་གི་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད།

མཇལ་འཕྲད་གནང་གྲུབ་རྗེས་༧གོང་ས་མཆོག་གིས་གསར་འགོད་པ་རྣམས་ལ་གསུངས་དོན། ཁོང་ཉིད་རླབས་ཆེ་བའི་དམངས་གཙོའི་རྒྱལ་ཁབ་ཅིག་གི་དབུ་ཁྲིད་ལ་མཇལ་བར་དགའ་སྤྲོ་བྱུང༌ཅེས་དང་། སྲིད་འཛིན་ཀྱིས་བོད་དོན་དང་འཛམ་གླིང་སྟེང་གི་དཀའ་རྙོག་མང་པོ་ཞིག་ལ་སེམས་ བསམ་པའི་སྟེང་ནས་ཐུགས་བསམ་བཞེས་ཀྱི་འདུག ངས་ཀྱང་འགྲོ་བ་མིའི་རིན་ཐང་དར་ཁྱབ་གཏོང་རྒྱུའི་ཆོད་སེམས་སྐོར་ཁོང་ལ་བཤད་པ་ ཡིན།དེ་བཞིན་རྒྱ་བོད་འབྲེལ་མོལ་ཐད་དབུ་མའི་ལམ་གྱི་སྲིད་ཇུས་བཟུང་ནས་བོད་ རྒྱ་གཉིས་བར་མུ་མཐུད་གྲོས་མོལ་བྱེད་རྒྱུར་སྲིད་འཛིན་གྱིས་རྒྱབ་སྐྱོར་བྱེད་ ཀྱི་འདུག་ཞེས་གསུངས་བྱུང༌།

ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཱ་ཀྲའོ་ཞོའུ་ཡིས་རྒྱུན་ལྡན་གྱི་གསར་འགོད་འདུ་འཛོམས་ཤིག་གི་སྟེང་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་ཀྱི་མཇལ་འཕྲད་སྐོར་ལ་བཤད་དོན། ཨོ་བྷ་མས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་བ་དེར་ཀྲུང་གོའི་ཕྱོགས་ནས་མོས་མཐུན་རྩ་བ་ནས་བྱེད་ཀྱི་མེད་ལ། མཇལ་འཕྲད་དེས་ཨ་རིའི་གཞུང་གིས་ཐེངས་མང་པོར་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། ཨ་རིས་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པ་ཡོངས་བསྒྲགས་བྱས་པའི་རྩ་དོན་རྣམས་རྡོག་རོལ་དུ་བཏང་ཡོད་པ་རེད། ཀྲུང་གོའི་ཕྱོགས་ནས་མཇལ་འཕྲད་འདི་ལ་མོས་མཐུན་རྩ་ནས་མེད་ལ། དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད། ཨ་རིའི་ངོས་ནས་ཀྲུང་གོའི་ལངས་ཕྱོགས་ལ་བསམ་བློ་ནན་ཏན་བཏང་སྟེ་མགྱོགས་པོར་བྱེད་ཐབས་ནུས་ལྡན་སྤྱད་དེ་ཤུགས་རྐྱེན་ངན་པ་མེད་པར་གཏོང་བ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་དང་དེ་རྒྱ་ཡན་ཏུ་གཏོང་མཚམས་འཇོག་པ། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་བཞག་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཨ་རྒྱའི་འབྲེལ་བར་གནོད་སྐྱོན་མེད་པར་བཟོ་བ་དང་། བརྟན་པོའི་ངང་གོང་དུ་འཕེལ་བར་སྲུང་སྐྱོབ་བྱེད་དགོས་སྐོར་བཤད་འདུག

༧གོང་ས་མཆོག་གིས་སྲིད་འཛིན་ཨོ་བྷ་མར་མཇལ་འཕྲད་གནང་གྲུབ་པ་དང་། ཉིན་རྒྱབ་དེར་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧ་ལ་རེ་ཁུ་ལིན་ཊོན་མཆོག་ལའང་མཇལ་འཕྲད་གནང་ཡོད་པ་རེད།

སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་གནང་བ་འདི་བོད་ནང་ནས་གོ་སྟབས། མདོ་སྨད་ཀྱི་རྔ་པ་དང་མགོ་ལོག རེབ་གོང་། ཐེ་བོ་སོགས་ནས་བོད་མི་ཚོས་དགའ་སྟོོན་གྱི་རྟེན་འབྲེལ་ཞུ་ཆེད་རྒྱས་སྟོན་བཤམས་པ་དང་། ཤོག་སྦག་བརྒྱབས་པ་སོགས་དགའ་སྤྲོའི་རྣམ་འགྱུར་མངོན་གསལ་གྱིས་བསྟན་ཡོད་འདུག

དེ་བཞིན་༧གོང་ས་མཆོག་ཨ་རིར་ཕེབས་པའི་སྐབས་སུ་ཨ་རིའི་སི་་ཨེན་ཨེན་གསར་ཁང་གིས་མང་ཚོགས་ཁྲོད་བསམ་ཤོག་བསྡུས་སྐབས། ཨ་རིའི་མི་དམངས་ཕལ་ཆེ་བས་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་འོས་པའི་བསམ་ཤོག་འཕངས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༢ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༥ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༢༣ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥

མཆན། 21

  1. ཕྱོགས་གླང། says:
    ལོ་ 16 སྔོན།

    རང་གི་རྐང་པའི་སྒང་ལ་རང་ལངས་མ་ཐུབ་ན་འགྲིགས་ཐབས་མེད་ཙང་༸གོང་ས་སྐྱབས་མགོན་ཆེན་པོས་གཞོན་སྐྱེས་ཚོར་༼ སློབ་སྦྱོང་མཐའ་འཁྱོལ་བ་བགྱིས་ཨང་༽ ཞེས་མ་ཎི་འདོན་འདོན་བཀའ་གནང་དགོས་དོན་ཡང་དེ་རང་རེད། འོན་ཀྱང་རྒྱབ་སྐྱོར་བྱེད་མཁན་མེད་ན་
    ༼ ལག་ཟླུམ་བྲག་ལ་འཛེགས་དང་འདྲ། ༽ ཞེས་པའི་དཔེ་ལྟར་ཆགས་ཀྱི་རེད་དོ།། རྒྱ་དམག་བོད་དུ་འབྱོར་སྐབས་༼ མཐུན་བསྒྲིལ་བྱས་ན་སྟོབས་ཤུགས་ཡོད། ༽ ཅེས་གཞས་བཏང་བ་ནང་བཞིན་མཐུན་བསྒྲིལ་རྡོག་རྩ་གཅིག་བསྒྲིལ་གྱི་ཐོག་ནས་ལས་འགུལ་སྤེལ་རྒྱུ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་རེད་བསམ་གྱི་ཡོད།།

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    བོད་རྒྱལ་ལོ།
    གནས་ལུགས་རྒྱལ་ལོ།
    བདེན་པ་རྒྱལ་ལོ།

    Reply
  3. མཁར་རྔ་། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།

  4. མཁར་རྔ་། says:

  5. གྲྭ་རྒོད says:
    ལོ་ 16 སྔོན།

    ༧གོང་ས་སྐྱབས་མཆོག་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་གནང་བ་འདི་བོད་པ་ཚང་གི་གཟི་བརྗེད་ཞིག་རེད་བསམ་གི་ཡོད།དེ་བོད་ལ་ཆོས་སྲིད་གཉིག་གྱི་ཐོག་ལ་རྒྱབ་སྐྱོར་ཞིག་རེད།བོད་མི་རྣམས་རང་གི་རྐང་པའི་ཐོག་རང་ཉིད་ལང་ཐུབ་བྱེད་རྒྱུ་གལ།

    Reply
  6. karma dorje says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གིས་མཇལ་འཕྲད་བཀའ་དྲིན་ཤིན་ཏུ་ཆེ་ན་ཡང་བོད་གཞིས་བྱེས་ཚང་མས་
    ༸གོང་ས་མཆོག་གིས་ལམ་སྟོན་གནང་བའི་དབུ་མའི་ལམ་ལ་འཚི་མེད་ཞི་བའི་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ལས་འགུལ་སྤེལ་མ་ཐུབ་ན་ནི། ཡང་བོད་རེ་བས་ཕོངས་ནས། ལོ་འདིའི་ལས་འགུལ་ལ་ཞེན་ཆ་བྱུང་སྲིད་པས་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་འདི་རིང་ནས་གཟབ་དགོས་སྙམ།

    Reply
  7. karma dorje says:
    ལོ་ 16 སྔོན།

    ཨ་རི་བ་ཚོས་ལོ་བརྒྱ་ཕྲག་རྒྱལ་པོའི་ཕོ་ཕྲང་བཞག་ནས་དཀའ་ལས་མང་པོ་བརྒྱབས་ནས་ཁང་པ་དཀར་པོ་ཞེས་བཏགས་ཐུབ་པ་ལ། ཡང་བོད་པས་རྒྱལ་པོ་མེད་པའི་ཁང་པ་དཀར་པོ་ལ་ཨ་རིའི་ཕོ་བྲང་དཀར་པོ་ཟེར་ནས་ཨུ་ཚུགས་བརགྱབས་ནས་བཏགས་ནས་བོད་སྐད་ནང་ལ་མ་དག་རྒྱུན་འཇགས་གསར་པ་བཟོ་བགྱིན་འདུག་གོ། མདོར་ན་ཕོ་་བྲང་དཀར་པོ་མ་རེད། ཁང་པ་དཀར་པོ་རེད། = WHITE HOUSE

    Reply
  8. ཤིང་རྟ། says:
    ལོ་ 16 སྔོན།

    ད་ལོའི་ལོ་གསར་པ་འདི་བྱ་བ་བཟང་པོ་ཞིག་ནས་འགོ་བཙུགས་སོང། ལོ་ཁམས་དེ་ཡང་ལྕགས་ཡིན་ལ་ལོ་རིས་དེ་ཡང་སྟག་ཡིན་འདུག་པས་འདི་ལོར་གང་ཅིས་ཐད་བཟང་པོ་རྐྱང་འཛོམས་འདུག་ད་བོད་མི་རིགས་ཀྱི་ལས་དབང་རླུང་རྟ་མཐོ་ངེས་རེད།

    Reply
  9. གངས་མྱུག says:
    ལོ་ 16 སྔོན།

    མཇལ་འཕྲད་གནང་ཐུབ་པ་ཙམ་ལའང་དགའ་སྤྲོ་ཆེ། ཡིནའང་སྲིད་འཛིན་གྱི་སྐད་ཆ་ནི་སྔོན་མའི་ཆེན་པོ་དག་གིས་བསྐྱར་བཤད་ཙམ་ལས་ཅི་ཡང་མ་ཚོར། སོ་སོས་ཤུགས་རྒྱག་དགོས་ཟེར་བ་དེའང་བསྐྱར་ཟློས་ཙམ་ལས་མ་མཐོང་།

    Reply
  10. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    མཇལ་ཕྲད་གནང་བ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ཡིན་ནའང་བོད་གཞིས་བྱེས་གཉིས་ཀས་ཨ་རི་ལ་བསྐྱངས་པའི་རེ་བ་དེ་ཧ་ཅང་ཆེ་ནའང་ཨོ་བྷ་མས་དངུལ་ལོའི་ཆེད་དུ་བོད་ལ་གཟིགས་དཔྱད་གཏན་ནས་གནང་མྱོང་མེད་དེ་དོན་དྲྭ་གྲོགས་ཚོས་གཟིགས་དང་།

    Reply
  11. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    དགའ་སྤྲོས་ཁེངས་ནས་ཡོད་ད།
    ཚང་མ་ལ་འཚམས་འདྲི་དང་།
    ་་༧་གོང་ས་ཡིད་བཞིན་ནོར་བུ་སྐུ་བརྟན་ཅིང་མཛད་འཕྲིན་མཁའ་ལྟར་ཡུན་ནས་ཡུན་དུ་ཁྱབས་པར་ཤོག

    Reply
  12. ནགས་མེ། says:
    ལོ་ 16 སྔོན།

    ནུབ་སྡོད་ཨ་རི་བ་ཚོས་བོད་མི་རིགས་ཀྱི་བདེན་རྒྱབ་བྱེད་བཞིན་པ་དང་ཆབས་ཅིག་ཏུ་གཙོ་ཆེ་ཤོས་ང་ཚོ་རང་སོ་སོའི་ངོས་ནས་འཇོན་ཚོད་དཔག་ཚོད་ཀྱིས་བོད་སྤྱི་ཕན་ལས་དོན་ལ་འབུངས་དགོས་པ་རེད། དུས་རྟག་པར་གོང་ས་མཆོག་གང་དུ་ཕེབས་མིན་ལ་ལྟ་གིན་བསྡད་པས་ཅི་ཡོད་པ་རེད།

    Reply
  13. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 16 སྔོན།

    སྤྱིར་ངེད་ཀྱང་ཡིག་ནོར་འབྲི་མཁན་ཞིག་ཡིན། གཞན་ལ་མཛུབ་མོ་འཛུགས་པའི་བློ་གདེང་ཅི་གང་མེད། ཡིན་ནའང༌། ཁ་སང་དུས་བབ་གསར་ཁང་གི་ལས་བྱེད་གསང་མིང་རོགས་ཆུང་ལོ་ཅན་ནས་ཡིག་ནོར་སྐོར་ནས་རང་དང་མི་འཚམ་པའི་ལབ་ཤོབ་ཆེན་པོ་འཐེན་སོང༌། གཤམ་གྱི་ཡིག་ནོར་བརྡ་ནོར་དག་ལས་བྱེད་ཁོང་ལ་སྐྱེས་སུ་བཏེགས་པ་ཙམ་མོ།།

    ༡། ཕོ་བྲང་དཀར་པོས་གསར་འགོད་གལ་བསྒྲགས་སྤེལ་དོན།
    ༢། སེམས་བསམ་པའི་སྟེང་ནས་ཐུགས་བསམ་བཞེས་ཀྱི་འདུག
    ༣། སྲིད་འཛིན་གྱིས་རྒྱབ་སྐྱོར་བྱེད་ཀྱི་འདུག་ཞེས་གསུངས་བྱུང༌།
    ༤། རྒྱ་ཡན་ཏུ་གཏོང་མཚམས་འཇོག་པ།

    Reply
  14. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 16 སྔོན།

    གནད་དོན་གཙོ་བོ་ཐུག་ས་ནི་བོད་མི་མང་ཤོས་ཀྱིས་ཆབ་སྲིད་པ་ལ་དཔའ་བོ་སྟག་དང་གཡོ་ཅན་ཝ་ཡི་རང་གཤིས་གཉིས་ལྡན་ཡིན་པ་གཟིགས་ཐུབ་ཀྱི་མེད་པ་འདི་རེད།

    ལོ་གཅིག་གི་སྔོན་ཞིག་ལ་འབྲུག་གི་མཁས་དབང་ཞིག་གི་སར་སྐད་ཆ་འདི་འདྲ་ཞིག་གོ་མྱོང༌། ཆབ་སྲིད་པ་ལ་དཀར་པོ་དང་ནག་པོ་གང་གི་ཁ་དོག་ཀྱང་མེད་པར། གཙོ་བོ་གནས་བབ་དང་དུས་སྐབས་ལ་བསྟུན་ནས་རང་མདོག་མངོན་པ་རེད་ཟེར། ངེད་ཀྱིས་བསམ་བློ་ཡང་སེ་བཏང་མཐར། སྐད་ཆ་འདི་ནི་ཧ་ཅང་ལྗིད་ཁོག་ཆེ་བ་ཞིག་ལ་མཐོང་སོང༌། དེ་རིང་དྲ་གྲོགས་ཚོར་ཚོར་ཤེས་ཀྱི་བགོ་བཤའ་བྱས་པ་ཡིན།

    Reply
  15. ཉི་ཟླའི་མགྲོན་བདག says:
    ལོ་ 16 སྔོན།

    གོང་ས་མཆོག་དང་ཨོ་བྷ་མ་ལ་ཐུགས་འཕྲད་བྱུང་བ་དགའ་བོ་བྱུང་ཡང་དམིགས་གསལ་གྱི་སྲིད་འཛིན་ཁོང་གིས་གཏམ་བཤད་ནང་དུ་དངོས་གནས་སེམས་ཚོར་ཆེ་བའི་སྟེང་བོད་དོན་ལ་ཐུགས་ཁུར་བཞེས་མེད་པ་འདྲ་མཐོང་སོང་།སོ་སོ་མ་ཤུ་སོ་སོ་རེད་ཟེར་བ་ནང་བཞིན་སོ་སོའི་རང་བཙན་སོ་སོའི་རྩོད་ཡ་མ་གཏོགས་མི་གཞན་ཞིག་དང་རྒྱལ་ཁབ་གཞན་ཞིག་གི་རང་བཙན་ལེན་རྒྱུ་རེད་བསམ་མཁན་དེ་ཚོས་བསམ་བློ་དེ་ཉིན་དེ་རིང་ནས་དོར་རོགས་མཁྱེན་།གང་ཐུབ་ཅི་ཐུབ་ཀྱི་བོད་དོན་ལ་སོ་སོའི་ནུས་བ་བཏོན་ན་དེ་ལས་ལྷག་ཕན་ཐོག་མེད་པ་འདྲ་མཐོང་སོང་།

    Reply
  16. ཉི་ཟླའི་མགྲོན་བདག says:

  17. ཟླ་ཞུན། says:
    ལོ་ 16 སྔོན།

    མཇལ་འཕྲད་གནང་ཐུབ་པར་རྟེན་འབྲེལ་ཞུ་་

    Reply
  18. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    གང་དང་ལ་བཅོས་་་་

    Reply
  19. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    མཇལ་འཕྲད་གནང་ཐུབ་པར་རྟེན་འབྲེལ་ཞུ་་་་བོད་ནང་གི་སྤུན་ཟླ་ཚོའི་གོ་རྟོག་གང་གཅིག་བསྒྲིལ་ལ་ཡིན་སྨོན་ཤོར་ནི་ཞིག་རེད་་་་་་་་་་རང་དབང་ན་འཚོ་བཞིན་པ་ཚོ་མགོ་ལ་རྡོ་གཞུས་ཀྱང་ཚོལ་བ་ཨེ་ཡོད་བསམ་གི་འདུག་་་་

    Reply
  20. སྨྱུག་སྡོང་། says:
    ལོ་ 16 སྔོན།

    ཁོང་རྣམ་གཉིས་མཇལ་ཕྲད་གནང་བ་ཞེ་དྲག་དགའ་བོ་བྱུང་། ཡིན་ན་ཡང་ཨ་རིའི་སྲིད་འཛིན་གྱིས་གཏམ་བཤད་དེ་ནམ་རྒྱུན་གྱི་གཏམ་བཤད་ཅིག་ལས་དམིགས་བསལ་བ་མཐོང་མ་སོང།

    Reply
  21. དབྱངས་བུ། says:
    ལོ་ 16 སྔོན།

    ཕ་ཡུལ་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བར་གཞིགས་ན། རྔ་བ་ཁུལ་སོགས་བོད་ནང་
    གི་ཡུལ་གྲུ་མང་པོར་༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་ལ་
    དགའ་སྟོན་རྟེན་འབྲེལ་ཞུ་བཞིན་ཡོད་འདུག ངོ་མ་བོད་ཀྱི་དོན་གྱི་བདག་པོ་བོད་
    ནང་གི་མི་མང་ཚོ་ཡིན་པ་དངོས་བདེན་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese