མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཁྱིམ་སློབ་གྲྭའི་རིགས་ལམ་འདུ་འཛོམས་ཐེངས་དགུ་པ་མགོ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༡༩/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

རིགས་ལམ་ནི་ནང་བསམ་བློའི་སློབ་སྦྱོང་ཐད་རིག་པ་དང་རྒྱུ་མཚན་གྱི་ལམ་ནས་འགྲོ་ཐུབ་པའི་རིག་པའི་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་། ཕྱི་ལོ་ ༢༠༡༩ ལོའི་བོད་ཁྱིམ་སློབ་གྲྭའི་རིགས་ལམ་འདུ་འཛོམས་ཆེན་མོ་ཐེངས་དགུ་པ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་དང་དེང་རབས་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེ་ལགས། བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་རྒན་བསོད་ནམས་སྲིད་ཆོས་ལགས་གཙོ་བོར་གྱུར་བའི་བོད་ཁྱིམ་སློབ་གྲྭ་ཁག་གི་དབུ་འཛིན་རྣམ་པ་དང་ལྟ་གྲུབ་དགེ་རྒན་རྣམ། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་དགེ་རྒན་རྣམ་པ། རིགས་ལམ་འདུ་འཛོམས་ཁྲོད་མཉམ་ཞུགས་གནང་མཁན་སློབ་ཕྲུག་ ༢༤༢ དང་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ཡོངས་བཅས་ཁྱོན་མི་གྲངས་ ༡༠༠༠ མ་ཟིན་ཙམ་འཛོམས་འདུག

མཛད་སྒོའི་ཐོག་མར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་ནས་འཚམས་འདྲིའི་གསུང་བཤད་སྐབས། ལོ་རེ་བཞིན་བོད་ཁྱིམ་ནང་ཁུལ་དུ་རིགས་ལམ་འདུ་འཛོམས་ཆེན་པོ་ཐེངས་རེ་གནང་བཞིན་ཡོད་པ་ལྟར། འདི་ལོའི་རིགས་ལམ་འདུ་འཛོམས་དེ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་གོ་སྒྲིག་འོག་ཚོགས་བཞིན་ཡོད་པ་དང་། སྤྱིར་རིགས་ལམ་སློབ་སྦྱོང་བྱས་ཏེ་རིག་པའི་ལམ་ནས་དཔྱད་པ་གཏོང་དགོས་པ་དེ་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་ཡིན་པས། བོད་ཁྱིམ་ངོས་ནས་ད་བར་རིགས་ལམ་སློབ་སྦྱོང་ཐད་ཧུར་བརྩོན་བྱས་ཏེ་ད་ལྟའི་ཆར་གྲུབ་འབྲས་གང་འཚམ་བསླེབས་ཡོད་པ་དང་། མ་འོངས་པར་མུ་མཐུད་སློབ་ཕྲུག་ཚོར་རིག་པའི་ལམ་ནས་བརྟག་དཔྱད་ཀྱིས་འགྲོ་ཐུབ་པར་རིགས་ལམ་དེ་སློབ་ཚན་ཚང་མའི་ནང་ཁྱབ་ཐུབ་པ་བཟོ་དགོས་སོགས་བརྗོད་སོང་།

དེའི་རྗེས་བོད་ཁྱིམ་སློབ་གྲྭ་ཁག་གི་འཛིན་གྲྭ་ ༦ པ་ནས་ ༨ པ་བར་གྱི་སློབ་ཕྲུག་ཚོས་རིགས་ལམ་རྩོད་བཤད་དང་། ལོ་མང་རིང་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རིགས་ལམ་སྦྱོང་བརྡར་ཁྲོད་འཛུལ་ཞུགས་གནང་མཁན་དགེ་རྒན་ ༤༠ ལ་ལེགས་གསོའི་ཕྱག་རྟགས་གནང་སོང་བ་དང་། མཇུག་ཏུ་དགེ་བཤེས་ལྷ་རྡོར་ལགས་ནས་རིགས་ལམ་ནི་དངོས་པོའི་གནས་ལུགས་ཇི་བཞིན་ཤེས་པར་བརྟག་དཔྱད་ཀྱི་ལམ་ནས་སློབ་སྦྱོང་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན་པ་དང་། དེང་སང་ཤེས་ཡོན་པ་ཟེར་དུས་འབྲི་ཀློག་ཤེས་མཁན་ཙམ་ལ་ངོས་འཛིན་གྱིས་ནང་བསམ་བློའི་ཤེས་ཡོན་སྣང་མེད་དུ་འཇོག་གི་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནམ་རྒྱུན་ཤེས་ཡོན་སྡེ་ཚན་ནང་ཕྱི་དངོས་པོའི་སློབ་གཉེར་ཙམ་མིན་པར་ནང་བསམ་བློའི་ཤེས་ཡོན་སློབ་གཉེར་ལ་འབད་བརྩོན་དགོས་པར་སྐུལ་མ་གནང་བཞིན་ཡོད་སྟབས། རིགས་ལམ་དེ་ནང་བསམ་བློའི་སློབ་སྦྱོང་ཐད་རིག་པ་དང་རྒྱུ་མཚན་གྱི་ལམ་ནས་འགྲོ་ཐུབ་པའི་རིག་པའི་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་སྐོར་གསུངས་སོང་།

ཡང་ཁོང་གིས། བོད་ཁྱིམ་སློབ་གྲྭ་ཁག་ནང་རིགས་ལམ་སློབ་གཉེར་བྱེད་བཞིན་པ་དེ་ཧ་ཅང་ཡག་པོ་ཡིན་ན་ཡང་། ༧གོང་ས་མཆོག་གིས་གསུངས་པ་རེད་ཅེས་གང་བྱུང་མི་བྱེད་པར་རིགས་ལམ་གྱིས་དངོས་ནས་སློབ་མའི་རིག་པར་ཕན་ཐོགས་འདུག་གམ། དེ་བཞིན་སློབ་ཕྲུག་ཚོས་རིགས་ལམ་སྦྱོང་སྐབས་ངག་ཐོག་ལ་སྐྱོར་བ་ཙམ་མ་ཡིན་པར། སོ་སོས་རིག་པ་བཏང་ནས་སྦྱང་བ་ཡིན་ན་རིག་པ་ཡར་རྒྱས་དང་སློབ་སྦྱོང་ཐད་ཕན་ཐོགས་ཆེན་པོ་ཡོད་པ་དང་། སྤྱིར་རིགས་ལམ་སྦྱང་བ་དེས་མི་སྒེར་གྱི་ཤེས་ཡོན་གཙོའི་བློ་སྤོབས། གདེང་ཚོད་འཕེལ་བ། རྒྱུ་མཚན་ལྡན་པའི་བསམ་བློ་གཏོང་ཐུབ་པ་སོགས་ལ་ཕན་ཐོགས་ཡོད་སྐོར་གསུངས་སོང་།

ཐེངས་འདིའི་བོད་ཁྱིམ་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་དེ་བདུན་གཅིག་རིང་ཚོགས་བཞིན་ཡོད་པ་དང་། རིགས་ལམ་འདུ་འཛོམས་ཁྲོད་འཛུལ་ཞུགས་གནང་མཁན་རྒྱ་གར་ཧི་མ་ཅལ་མངའ་སྡེ་ཁུལ་དུ་ཡོད་པའི་བོད་ཁྱིམ་སློབ་གྲྭ་ཁག་གཙོ་བོར་གྱུར་བའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་ཅོན་ཏཱ་ར་སམ་བྷོཊ་སློབ་གྲྭ་གཉིས་བཅས་ཁྱོན་སློབ་གྲྭ་ཁག་ ༦  ནས་སློབ་ཕྲུག་ ༢༤༢ དང་། དྷ་སྟེང་བོད་ཁྱིམ་ནས་སློབ་ཕྲུག་ ༡༡༣  བཅས་ཁྱོན་སློབ་ཕྲུག་ ༣༥༥  མཉམ་ཞུགས་གནང་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༣ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese