ཡོན་ཏན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས།

བོད་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རང་ལོ་ ༢༤ ཙམ་ཡིན་པའི་བོད་མི་ཡོན་ཏན་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་ཏེ་རྒྱ་ནག་གཞུང་གི་བཙན་གནོན་སྲིད་བྱུས་ལ་ངོ་རྒོལ་གནང་རྗེས་སྐུ་གྲོངས་ཡོད་འདུག

ཟླ་འདིའི་ ༡༡ ཚེས་ ༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ ཡོལ་ཙམ་ལ། བོད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་རང་ལོ་ ༢༤ ཙམ་ཡིན་པའི་ཡོན་ཏན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གནང་ནས་སྐུ་གྲོང་ཡོད་འདུག་ལ། ད་ལྟའི་ཆར་ས་གནས་ལ་དམ་དྲག་་ག་འདྲ་བྱེད་ཀྱི་ཡོད་མེད་དང་། རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་ནང་མིར་རག་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཁོང་ནི་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཕ་བསོད་དོན་དང་། མ་ཚེ་ཁོ་སྐྱིད་གཉིས་ཀྱི་བུ་ཡིན་འདུག་ལ། ཆུང་ཆུང་སྐབས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་མྱོང་ཡོད་ཀྱང་རྗེས་སུ་སྐྱ་སར་བབས་ནས་འབྲོག་པའི་འཚོ་བ་སྐྱེལ་ནས་བསྡད་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པ། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས།

བསྐྱར་བཅོས།: ༢༠༡༩/༡༡/༢༨

Leave a Reply

4 thoughts on “ཡོན་ཏན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས།

  1. ཐོས་པ་དགའ།

    རྒྱལ་གཅེས་དཔའ་བོ་མཆོག་ལ་མྱ་ངན་གུས་འདུད་ཞུ། སྐྱེས་པ་ནས་ཚེ་རབས་ཐམས་ཅད་དུ་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་འཛིན་པའི་གསོལ་འདེབས་དང་སྨོན་འདུན་ཤུགས་དྲག་ཞུ།

  2. གཞུང་པ་ཚེ་དབང་བསོད་ནམས

    རྒྱལ་ཁབ་མི་རིགས་རྩ་དོན་རང་བཙན་དོན་དུ་རང་ལུས་གསོན་པོ་མེ་ལ་ཕུལ།
    ཕོ་རྒོད་གངས་ཕྲུག་མཆོད་སེམས་བརྟན་པ་བྱང་ཆུབ་སེམས་པའི་སྤྲུལ་པ་ཙམ།
    འཛམ་གླིང་ཧྲིལ་པོ་འགུལ་དུ་བཅུག་པ་གཞིས་བཞུགས་བོད་མིའི་སྙིང་སྟོབས་འདིའི།
    བོད་ཀྱི་རང་བཙན་གངས་རིའི་རྩེ་ནས་སྐྱ་རེངས་དང་པོ་ཤར་ལ་ཉེ།
    བྱེས་འབྱོར་ང་ཚོའི་གདུང་སེམས་མཉམ་སྐྱེད་མཆོད་འབུལ་སྨོན་ལམ་འོག་ཏུ་སྲུང།
    གཞིས་བྱེས་མཉམ་འཛོམ་བོད་མིའི་བསོད་ནམས་གངས་ཅན་ཡུལ་དུ་སྨིན་པ་ཤོག།
    ཨོམ་མ་ཎི་པདྨེ་ཧུང་ཧྲི་་་་་ཨོམ་མ་ཎི་པདྨེ་ཧུང་ཧྲི་་་་་ཨོམ་མ་ཎི་པདྨེ་ཧུང་ཧྲི་་་་་་་ཧྲི

  3. 😲 བླ་མ་རྒྱལ་བ་མཁྱེན་ནོ། ཨོཾ་མ་ཎི་པདྨེ་ཧཱུཾ། 🕯💐 🙏 བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེད་པ་རྣམས་སྐྱེད་འགྱུར་ཤིང་། །སྐྱེད་བ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིག་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་གཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་བཛོད།། 🙏 ཨེ་མ། ཨེ་མ། 🕯🕯🕯💐 😟😞😔😢😪

    ད་ དེ་པ་ཁ་མཆུ་ ཨང་ ༢༠ པ་དང་། ལས་ཤག་འཐབ་རྩོད།

  4. ༄། རྒྱལ་བཅེས་དཔའ་བོ་ལགས་ཁྱོད་ཀྱི་སྙིང་སྟབས་ལ་ཡིད་རངས་ཞུ།བོད་དོན་བདེ་མཐའ་མ་སེལ་བར་དུ་འདུ་ལྟ་བུའི་ལས་འགུལ་དུས་ནམ་ཡང་རྒྱུན་ཆད་མི་སྲིད།