མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གད་སྙིགས་ཀྱི་དཀའ་ངལ་སེལ་ཐབས།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

གད་སྙིགས་ཀྱི་འབྱུང་རྐྱེན་གཙོ་བོ་ནི་རྒྱུན་ལྡན་གྱི་འཚོ་བའི་ནང་ང་ཚོས་དངོས་རྫས་རྣམས་བེད་སྤྱོད་ཚུལ་བཞིན་མི་བྱེད་པ་དང་། གད་སྙིགས་དབྱེ་འབྱེད་མི་བྱེད་པར་ཡོད་ཚད་མཉམ་གསེས་ཀྱིས་གཡུག་པར་བརྟེན་གད་སྙིགས་ཀྱི་དཀའ་ངལ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། མི་མང་བོ་ཞིག་གིས་སོ་སོའི་སྡོད་ཁང་གཙང་ཉར་ཙམ་ལས་གད་སྙིགས་རྣམས་སྣང་མེད་ཀྱིས་ཆུར་གཡུག་པ་དང་། མེར་སྲེག་པ། གང་སར་གཡུག་པ་སོགས་ཀྱི་གོམས་གཤིས་ངན་པ་ཞིག་འཇགས་ཡོད། དེས་རྐྱེན་པས་ཁོར་ཡུག་ལ་འབག་བཙོག་བཟོས་ཏེ། རང་བྱུང་ཁམས་ཀྱི་ཆ་སྙོམ་གྱི་རང་བཞིན་ལ་འགྱུར་བ་ཐེབས་བཞིན་ཡོད་པས། དང་པོར་གད་སྙིགས་མི་ཡོང་བའི་ཐབས་ཤེས་གནང་དགོས། དཔེར་ན་ཁྲོམ་ནས་སྔོ་ཚལ་དང་ཤིང་ཏོག་སོགས་ཉོ་སྐབས་ཚོང་པས་འགྱིག་རིགས་སྤྲད་ཀྱང་མི་ལེན་པར་རང་གི་ལྟོ་ཕད་དམ་སྒྱེའུ་བེད་སྤྱོད་དགོས་པ་དང་། ཡང་ཆོས་ཕྱོགས་ཀྱི་དུས་ཆེན་ཁག་དང་། མཛད་སྒོ་ཁག སྤྲོ་སྐྱིད་བྱེད་པ་དང་སྐྱེས་སྐར་གཏོང་བ། བག་སྟོན་ལྟ་བུ་སོགས་ཀྱི་སྐབས་སུ་གད་སྙིགས་ཕོན་ཆེ་འབྱུང་བའི་དངོས་རྫས་རིགས་བེད་སྤྱོད་བྱེད་མི་རུང་།
གད་སྙིགས་ལ་ཞིབ་ལྟ་བྱས་ཚེ་དེའི་ནང་གི་དངོས་རྫས་མང་བོ་ཞིག་དོན་དངོས་ཐོག་གད་སྙིགས་མིན་ཡང་རྒྱུན་དུ་གད་སྙིགས་རྣམས་དབྱེ་འབྱེད་མ་བྱས་པར་ཡོད་ཚད་མཉམ་བསྲེས་ཀྱིས་གཡུག་པར་བརྟེན་ནས་གད་སྙིགས་དེ་དག་བྱུང་གིན་ཡོད། དེས་ན། འགྱིག་རིགས་དང་། ཤོག་བུ། ལྕགས་རིགས། ཧ་ཡང་། ཤེལ་དམ་སོགས་སོ་སོར་དབྱེ་འབྱེད་བྱས་ཏེ་གད་སྙིགས་མཁོ་བསྡུ་བྱེད་མཁན་ལ་བཙོང་ན། དེས་གད་སྙིགས་ཀྱི་དཀའ་ངལ་ཉུང་དུ་གཏོང་བ་མ་ཟད། རང་བྱུང་ཐོན་ཁུངས་ཆུད་སོས་སུ་མི་འགྲོ་བའི་ཁེ་ཕན་ཡོད། ཡང་ཤིང་ཏོག་དང་ཚལ་རིགས་ཀྱི་པགས་པ། ཤིང་གི་ལོ་མ། ཟས་སྙིགས་སོགས་གད་སྙིགས་གཞན་མཉམ་དུ་མ་གཡུག་པར་ས་དོང་ཞིག་ཏུ་ལུད་སྦྱོར་བྱས་ཚེ་རང་བཞིན་གྱིས་ཞིག་རུལ་དུ་གྱུར་ཏེ། ས་བཅུད་བཟང་དུ་གཏོང་ཆེད་ཀྱི་ལུད་ཕུལ་དུ་བྱུང་བ་ཞིག་ཏུ་འགྱུར་ཐུབ་ཅིང་། དེ་ནི་རྫས་ལུད་ལྟར་མ་ཡིན་པར་རང་བྱུང་ཁམས་དང་འཕྲོད་སྦྱོར་ལྡན་པ་ཞིག་ཡིན། འོན་ཀྱང་འགྱིག་ཤོག་གཙོ་བོར་གྱུར་བའི་ཞིག་རུལ་དུ་འགྲོ་མི་ཐུབ་པའི་གད་སྙིགས་རིགས་གང་སར་གཡུག་ན་ལོ་ངོ་སྟོང་ཕྲག་ཕྱིན་ཡང་རང་འཇགས་སུ་གནས་པ་ཙམ་དུ་མ་ཟད་དེ་དག་ལས་བྱུང་བའི་དུག་རྫས་ཀྱིས་རང་བྱུང་ཁོར་ཡུག་ལ་འབག་བཙོག་བཟོས་ཏེ་དབུགས་ཐོགས་ཀུན་གྱི་འཚོ་གནས་དང་རྩི་ཤིང་རིགས་ཀྱི་སྐྱེ་འཕེལ་ལ་གནོད་སྐྱོན་བཟོ་བཞིན་ཡོད་ཅིང་། ཡང་མི་མང་བོས་གད་སྙིགས་མེར་སྲེག་བཏང་སྟེ། གད་སྙིགས་མེད་པར་བཟོ་ཐབས་བྱེད་ཀྱིན་ཡོན་ནའང་། དེ་ནི་ཕྱི་ཚུལ་དུ་གད་སྙིགས་མི་སྣང་བའི་རྣམ་པ་ཙམ་ལས་དོན་དངོས་ཐོག་མཁའ་རླུང་འབག་བཙོག་བཟོས་ཏེ་སྐྲན་ནད་ཀྱིས་གཙོས་པའི་བཅོས་ཐབས་དཀའ་བའི་ནད་རིགས་མང་བོ་འབྱུང་རྐྱེན་དུ་འགྱུར་གྱིན་ཡོད་ལ། འཛམ་གླིང་ཧྲིལ་བོར་གོ་ལའི་ཚ་དྲོད་འཕེལ་བཞིན་པ་ཡང་འབྱུང་རྐྱེན་གཙོ་བོ་དབྱེ་འབྱེད་མ་བྱས་པར་གང་སར་གཡུག་པའི་གད་སྙིགས་ལས་ཐོན་པའི་དྲོད་རླངས་དང་དེ་དག་མེར་སྲེག་བཏང་བའི་སོལ་རླུང་སོགས་ཀྱི་དུ་ངན་ལས་བྱུང་བར་ཁོར་ཡུག་ཞིབ་འཇུག་པས་འགྲེལ་བརྗེད་བྱེད་བཞིན་ཡོད། གཞན་ཡང་འགྱིག་ཤོག་དང་། ཤོག་བུ། སྨན་རྙིང་པ། བེད་སྤྱོད་ཟིན་པའི་གློག་མེ་སོགས་ཆུར་གཡུག་པས། དེ་དག་ལས་བྱུང་བའི་གནོད་ཚབས་ཅན་གྱི་རྫས་ངན་རིགས་ཆུ་ནང་དུ་བཞུར་ཏེ། རིམ་པས་རྒྱུག་ཆུ་དང་གཙང་ཆུ། མཚོ་དང་མཚེའུ། རྒྱ་མཚོ་སོགས་སུ་འདྲེས་ཏེ་ཆུར་གནས་པའི་སྲོག་ཆགས་རིགས་ཀྱི་འཚོ་སྡོད་གནས་ཡུལ་ལ་གཏོར་སྐྱོན་ཐེབས་ཏེ། སྲོག་ཆགས་དེ་རིགས་རྩ་སྟོང་དུ་འགྱུར་ཉེན་ཡོད་པ་དང་། འབག་བཙོག་ཅན་གྱི་ཆུ་རིགས་ཞིང་ཆུ་དང་། ས་འོག་གི་ཆུར་འདྲེས་ཏེ་དེ་དག་ལ་ལོངས་སུ་སྤྱོད་མཁན་གྱི་སྐྱེ་འགྲོ་དང་རྩི་ཤིང་རིགས་ལ་དུག་སྐྱོན་ཕོགས་ནས་སྔར་མེད་ཀྱི་ནད་ངན་མང་བོ་གསར་དུ་འཕེལ་ཏེ། འཆི་སྐྱོན་གྱི་ཚད་ཉིན་རེ་བཞིན་ཇེ་མང་དུ་འགྲོ་མུས་མིན།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༤ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese