མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོའི་སྤྱི་ཚོགས།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

དམངས་གཙོ་ནི་སྲིད་གཞུང་ཞིག་ཇི་ལྟར་འཁོར་སྐྱོད་བྱེད་ཆེད་དུ་གཏན་འབེབས་བྱས་པའི་རྩ་ཁྲིམས་ཀྱི་དོན་ཚན་ཁག་དང་བརྒྱུད་རིམ་ཙམ་ཞིག་མིན། དམངས་གཙོའི་སྤྱི་ཚོགས་ནང་དུ། སྲིད་གཞུང་ནི་སྤྱི་ཚོགས་ཤིག་གི་རྩིགས་གྱང་མི་འདྲ་བ་མང་པོ་སྟེ། སྒྲིག་འཛུགས་ཁག སྲིད་དོན་ཚོགས་པ། མཉམ་འབྲེལ། མཐུན་ཚོགས། སྐྱིད་སྡུག་བཅས་དང་མཉམ་དུ་གནས་པའི་གྲུབ་ཆ་གཅིག་ཡིན། སྣ་འདུས་རང་བཞིན་འདི་ལ་དབང་ཆ་མཉམ་བགོ་རིང་ལུགས་ཟེར་ལ། འདིས་དམངས་གཙོའི་སྤྱི་ཚོགས་ནང་གི་རྩ་འཛུགས་རང་བཞིན་གྱི་ཚོགས་པ་ཁག་དང་སྒྲིག་འཛུགས་ཁག་གིས་རང་རང་གི་འཚོ་གནས་དང་། སྒྲིག་ཁྲིམས། དབང་ཆ་བཅས་སྲིད་གཞུང་ལ་བརྟེན་མི་དགོས་པར་བྱས་ཡོད།

དམངས་གཙོའི་སྤྱི་ཚོགས་ནང་དུ་སྒེར་གྱི་ཚོགས་པ་སྟོང་ཕྲག་འགའ་རེ་ཡོད་ལ། དེ་དག་གི་སྐོར་ཞིག་ནི་ས་གནས་རིམ་པ་དང་ཁག་ཅིག་ནི་རྒྱལ་ཡོངས་རིམ་པར་ཡོད། འདི་དག་གི་མང་པོ་ཞིག་གིས་མེ་སྒེར་དང་རྙོག་འཛིང་གི་སྤྱི་ཚོགས། དེ་བཞིན་གཞུང་གི་སྒྲིག་འཛུགས་ཁག་གི་བར་དུ་འདུམ་འགྲིག་པ་ལྟ་བུའི་ཞབས་འདེགས་ཞུ་གིན་ཡོད་ལ། ཁོང་ཚོས་མི་སྒེར་དག་ལ་དམངས་གཙོའི་སྤྱི་ཚོགས་ཤིག་གི་མི་སེར་གྱི་ཐོབ་ཐང་ལ་ལོངས་སྤྱོད་དང་ལས་འགན་སྒྲུབ་པར་སྦྱོང་བརྡར་གྱི་གོ་སྐབས་འབུལ་གྱི་ཡོད།

ཚོགས་སྡེ་འདི་དག་གིས་གཞུང་གི་ལས་བྱེད་འོས་འདེམ་དང་། གནད་དོན་ལ་བགྲོ་གླེང་། སྲིད་བྱུས་འགྱུར་བ་གཏོང་ཕྱོགས་ལ་ཤུགས་རྐྱེན་སྤྲོད་ཐབས་བྱེད་པ་སོགས་ལམ་ཁ་སྣ་མང་ནས་རང་རང་གི་ཚོགས་མི་དག་གི་མངོན་འདོད་མཚོན་པར་བྱེད་ཀྱི་ཡོད། འདི་ལྟའི་ཚོགས་པ་ཁག་བརྒྱུད་ཚེ། མི་སྒེར་བ་དག་གིས་སྲིད་གཞུང་དང་སོ་སོའི་སྤྱི་ཚོགས་ནང་དོན་སྙིང་ལྡན་པའི་མཉམ་ཞུགས་བྱེད་པར་ལམ་ཁ་རྒྱ་ཆེན་པོ་རྙེད་ཐུབ། འདི་དག་གི་དཔེ་མཚོན་ནི་འདྲ་མིན་སྣ་ཚོགས་ཡིན་ཏེ། ཐེབས་རྩ་ཚོགས་པ་དང་། ཆོས་ཚོགས། ཁོར་ཡུག་ཚོགས་པ། ཚོང་ལས་ཚོགས་པ་དང་ངལ་རྩོལ་ཚོགས་པ་བཅས་ཡིན།

སྲིད་དབང་སྒེར་འཛིན་རིང་ལུགས་ཀྱི་སྤྱི་ཚོགས་ནང་དུ། དོན་དངོས་ཐོག་འདི་ལྟའི་ཚོགས་པ་མཐའ་དག་སྟངས་འཛིན་དང་། འགོག་སྡོམ། ལྟ་རྟོག་ནན་མོ་སོགས་བྱེད་ལ། དེ་མིན་ན་ལམ་ཁ་གཞན་ནས་གཞུང་ལ་འགན་ལེན་བྱེད་དགོས་ཀྱི་ཡོད། དམངས་གཙོའི་སྤྱི་ཚོགས་ནང་དུ་སྲིད་གཞུང་གི་དབང་ཚད་ནི་ཁྲིམས་ཀྱི་འོག་ཡོད་ལ། གསལ་བོར་འགྲེལ་ཞིང་གཟབ་ནན་གྱིས་ཚོད་འཛིན་བྱས་ཡོད། དེར་བརྟེན། སྒེར་གྱི་ཚོགས་པ་ཁག་ནི་གཞུང་གི་སྟངས་འཛིན་ལས་རང་དབང་ཐོབ་ཡོད། སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་དང་མི་འདྲ་བར། ཁོང་ཚོས་གཞུང་ལ་ངོ་རྒོལ་བྱས་ཏེ་གཞུང་གིས་ལས་ཀ་གནང་ཕྱོགས་ཐད་ནས་ཁོང་ཚོར་འགན་ལེན་བྱེད་དགོས་པར་བརྗོད་ཀྱི་ཡོད། དེ་བཞིན་དུ་སྒྱུ་རྩལ་དང་། ཆོས་ལུགས་དད་མོས། ཤེས་ཡོན་ཉམས་ཞིབ་སོགས་རིགས་སྒོ་མང་པ་ཞིག་གིས་གཞུང་དང་མཉམ་དུ་འབྲེལ་མཐུད་མེད་པར་བྱེད་པའམ། འབྲེལ་གཏུགས་ཏོག་ཙམ་རེ་མ་གཏོགས་མེད་ཀྱང་ཆོག

དམངས་གཙོའི་སྤྱི་ཚོགས་འདིའི་བྲེལ་འཚུབ་དང་སྒེར་བདག་རང་བཞིན་གྱི་ཁྱབ་ཁོངས་འདིའི་ནང་དུ། མི་སེར་རྣམས་ཀྱིས་སྲིད་གཞུང་གི་ལག་པ་ལྗིད་མོའི་གནོན་ཤུགས་དེ་འཁུར་མི་དགོས་པར་རང་དབང་དང་རང་སྐྱོང་གི་འོས་འགན་ལ་འཚོལ་སྙེག་བྱེད་ཆོག

དམངས་གཙོའི་ཀ་ཆེན་དག

྾ མི་དམངས་ཀྱི་བདག་དབང་།
྾ གཞུང་ནི་མི་སེར་གྱི་མངོན་འདོད་གཞི་ལ་བཞད་ནས་འཛུགས་རྒྱུ།
྾ མང་སྣའི་དབང་སྒྱུར།
྾ ཉུང་སྣའི་ཐོབ་ཐང་།
྾ འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་ཁག་འཁུར།
྾ རང་དབང་དང་ལུགས་མཐུན་གྱི་འོས་བསྡུ།
྾ ཁྲིམས་མདུན་ནས་འདྲ་མཉམ།
྾ ཁྲིམས་ལུགས་ཀྱི་བརྒྱུད་རིམ་འཐུས་ཚང་།
྾ སྲིད་གཞུང་ལ་རྩ་ཁྲིམས་ཀྱིས་ཚོད་འཛིན།
྾ སྤྱི་ཚོགས་དང་དཔལ་འབྱོར། ཆབ་སྲིད་བཅས་ཀྱི་དབང་ཆ་མཉམ་བགོ། བཅས་ཡིན།

 

རང་དབང་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

ཆུ་ཚོད་ ༦ སྔོན་ལ།
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༦ སྔོན་ལ།
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་དང་འབྲེལ་བའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese