མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་གི་རྒྱབ་དཔུང་ཡོད།

བོད་ཀྱི་དུས་བབ།
༢༠༠༨/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཕྱོགས་སུ་འཁོར་བའི་རྒྱ་ནག་གི་གདོང་མདོག་ཇེ་ནག་ཏུ་སོང་ཞིང༌། ཨོ་རྩེད་ཀྱིས་བསུས་པའི་པེ་ཅིན་གྱི་མཚར་མདངས་ཇེ་རྒྱས་སུ་གྱུར། བོད་གཞུང་གིས་བསྐུར་བའི་རྒྱལ་སྤྱིའི་རེ་དོགས་མག་མོག་ཏུ་འགྱུར་བཞིན་པའི་སྐབས་འདིར་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་ལས་འགུལ་སྣ་ཚོགས་ཤིག་སྤེལ་རྒྱུ་ཡིན་ཟེར།

བོད་ཀྱི་རྒྱལ་ས་ལྷ་སའི་མི་དམངས་ཀྱིས་གཞི་རྒྱ་ཆེ་བའི་གྱེན་ལངས་བྱས་ཏེ། ཟླ་ངོ་ཧྲིལ་བོ་ ༥ འཁོར་བའི་ཉིན་མོ་དང༌། རྒྱ་ནག་པེ་ཅིན་དུ་རྒྱལ་སྤྱིའི་རྩེད་འགྲན་འཚོགས་ཏེ། ཉིན་ ༦ འགྲོ་བཞིན་པའི་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག བཙན་བྱོལ་བོད་གཞུང་བཀའ་སྤྱི་གཉིས་ལས་གྲུབ་པའི་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་རྒྱ་ནག་དྲག་པོའི་དཔུང་དམག་གིས་བོད་ནང་ཚད་ལས་བརྒལ་བའི་མནར་གཅོད་མུ་མཐུད་གཏོང་བཞིན་ཡོད་པ་དང༌། ལྷག་པར་དུ་ཨོ་ལིམ་པིག་རྩེད་འགྲན་རྗེས་སུ་བོད་ནང་སྔར་ལས་ལྷག་པའི་དམ་དྲག་སྡུག་སྦྱོང་གཏོང་རྒྱུའི་ཉེན་ཁ་འདུག་སྟབས། འཛམ་གླིང་གང་སར་གནས་བའི་བོད་རིགས་ཡོངས་ཀྱིས་ས་གནས་ཛ་དྲག་ཚོགས་ཆུང་གི་འགན་འཁུར་འོག ཟས་བཅད་ངོ་རྒོལ་དང་ཞི་བའི་གོམ་བགྲོད། རྔམ་སྟོན་ཁྲོམ་སྐོར། རྐྱང་ཕྱག དགེ་འདུན་པའི་ཞི་བའི་གོམ་བགྲོད། གསར་འགོད་གསལ་བསྒྲགས། མར་མེ་ཁྲོམ་སྐོར། གཏམ་བརྗོད་འཁྲབ་སྟོན། ས་གནས་དཔོན་རིགས་ཀྱིས་བོད་དོན་སྐོར་གསུང་བཤད། བགྲོ་གླེང་དྲིལ་བསྒྲགས་སོགས་བྱས་ཏེ་རྒྱ་ནག་གི་བྱེད་སྤྱོད་དེ་རིགས་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་དགོས་ཞེས་གསར་འགོད་གསལ་བསྒྲགས་བསྐྱངས་སོང༌།

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་གཞུང་མང་ཛ་དྲག་ཚོགས་ཆུང་གི་ཚོགས་གཙོ་གཅིག་ལྕོགས་ཀརྨ་ཆོས་འཕེལ་ལགས་ཀྱིས་གསུངས་དོན། བོད་ནང་གི་ད་ལྟའི་དཀའ་ངལ་མ་སེལ་བར་དུ་ང་ཚོ་བྱེས་འབྱོར་རྣམས་ནས་ལས་འགུལ་མུ་མཐུད་སྤེལ་རྒྱུ། ང་ཚོའི་ཁུར་དུ་འཁྲི་བའི་ལས་འགན་ཡིན་སྟབས། འཚེ་མེད་ཞི་བ་དང༌། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་མ་འགལ་བའི་ཐོག ནུས་ལྡན་གྱི་ལས་འགུལ་སྣ་ཚོགས་སྤེལ་དགོས། ལྷག་པར་དུ་ཨ་རི་དང་སུད་སི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མཉམ་འབྲེལ་ཐོག་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་དགོས། ཡུན་རིང་ལ་ལས་འགུལ་སྤེལ་དགོས་སྟབས། མི་རེ་ཟུང་ལ་བསུན་གཙེར་ཡོང་ངེས་མོད། གཞིས་ལུས་རྒྱ་ཆེ་མི་མང་གིས་ཤི་རྒྱུ་དང༌། བཙོན་འཇུག རྡུང་རྡེག་ཕོགས་རྒྱུ་ཤེས་བཞིན་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད། རང་ཉིད་བློས་གཏོང་གིས་ཞི་བའི་ངོ་རྒོལ་བྱེད་ཀྱིན་པ་སྙིང་ལ་བཅིངས་ཏེ། ཁོང་རྣམ་པར་གདུང་སེམས་མཉམ་སྐྱེད་ཀྱིས་རྒྱབ་དཔུང་དུ། རང་དབང་ལུང་པར་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་རང་དོན་རང་གཅེས་ཀྱིས་ཞི་བའི་ངོ་རྒོལ་བར་མ་ཆད་པར་སྤེལ་དགོས་ཞེས་གསུངས་སོང༌།

གཞན། ཕྱི་ཟླ་ ༨ ཚེས་ ༣༠ རེས་གཟའ་སྤེན་པའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ པ་ནས་ཕྱི་དྲོ་ཆུ་ཚོད་ ༧ བར། ཆུ་ཚོད་ ༡༢ རིང་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས། འཛམ་གླིང་ཁྱོན་ཡོངས་ཀྱི་ཞི་བདེ་ལ་དགའ་བའི་མི་དམངས་ཡོངས་ཀྱིས། ༧སྤྱི་ནོར་གོང་ས་མཆོག་གི་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པ་དང༌། ད་ལོ་བོད་ནང་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་དོར་བའི་འདས་པོ་རྣམས། ད་ལྟ་རྒྱ་དམག་གི་དྲག་གནོན་འོག་མནར་གཅོད་མྱོང་བཞིན་པ། དེ་བཞིན་འཛམ་གླིང་ཡོངས་འཚེ་མེད་ཞི་བདེར་སྐྱོད་ཆེད། ཟས་བཅད་སྨྱུང་གནས་སྲུང་དགོས་པ་དང༌། དེ་དང་མཉམ་དུ་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་བའི་གདན་ས་ཁག་དང༌། བཙུན་དགོན་སོགས་ཆོས་སྡེ་སོ་སོའི་ཐུན་མོང་མ་ཡིན་པའི་གལ་ཆེའི་སྒྲུབ་མཆོད་དང་ཆོ་ག་གང་ཡིན་ཉམས་བཞེས་ཐོག ༧རྒྱལ་བའི་གསོལ་འདེབས་ཞབས་བརྟན་དང་གུ་རུའི་ཐུགས་དམ་གནད་སྐུལ། གསོལ་འདེབས་བདེན་པའི་རྔ་སྒྲ། བདེན་ཚིག་སྨོན་ལམ། སྒྲོལ་མ། མ་ནི་ཡིག་དྲུག་གང་མང་ཐོག་ལྷ་མོ་དང༌། གནས་ཆུང་འཕྲིན་སྐུལ་བཅས་ཀྱི་གསོལ་འདེབས་སྨོན་ལམ་གནང་དགོས། དེ་ཡང་གདན་ས་དང་བཙུན་དགོན་རྣམས་ནས་སོ་སོའི་ཚོགས་ཆེན་དང༌། གྲྭ་ཚང་གི་འདུ་ཁང་ནང་དུ་འཚོགས་དགོས་བ་དང༌། སློབ་གྲྭ་ཁག་གི་སློབ་ཕྲུག་དགེ་ལས་ཡོངས་ཚོགས་ཁང་ནང་འཚོགས་དགོས། བོད་མིའི་སྡོད་སྒར་ཁག་སྤྱི་ཁང་དུ་འཛོམས་དགོས་ཤིང༌། བོད་མི་ཁ་ཐོར་མཉམ་འཛོམ་བྱ་ཡུལ་མེད་རིགས་རྣམས་གང་ཐུབ་ཀྱིས་སོ་སོའི་ཁྱིམ་མཚེས་གཡས་གཡོན་མཉམ་རུབ་ཀྱིས་འཚོགས་དགོས་ཞེས་གསལ་བསྒྲགས་བསྐྱངས་སོང༌།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༥ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese