མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་པོའི་སྙིང་སྟོབས་ཀྱིས་བསྒུལ་བའི་བོད།

བོད་ཀྱི་དུས་བབ།
༢༠༠༨/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

 

སྐལ་བཟང་ལུང་རིགས།

དཔའ་ཞིང་རྟུལ་ཕོད་ལ་དེས་ཤིང་དཀྱེལ་ཆེ་བའི་ཡར་ཀླུང་གི་དཔའ་རྒོད་ཚོའི་སྙིང་སྟོབས་ཀྱི་སྒུལ་ཤུགས་མ་བཟོད་པའི་རྒྱ་ནག་གི་གོང་མ་ཆེན་མོས་གསེར་གྱི་ཁྲི་འཕང་རྡོ་བཞིན་གཡུགས་ནས། ཤར་ཕྱོགས་སུ་ཝ་བཞིན་བྲོས་པའི་ལོ་རྒྱུས་བྱུང་མྱོང་ལ། ཆུ་བོ་གངྷའི་ཉེ་འགྲམ་གྱི་བྱེ་མའི་ཁུང་བུར་ལྕགས་ཀྱི་ཀ་བ་གནམ་ལ་བསླངས་ནས་བོད་རྒྱལ་ཁབ་ཆེན་མོའི་མངའ་ཐང་ནམ་མཁའི་མཐའ་ལ་གཏུགས་པར་བྱས། འདི་ལྟར་བོད་བཙན་པོའི་སྙིང་སྟོབས་དགུང་དུ་བསྟད་པའི་དཔའ་མཛངས་རྟུལ་ཕོད་ཀྱི་སྙན་གྲགས་ས་ཁྱབ་རྡོ་ཁྱབ་ཏུ་བགྱིས་མྱོང༌། འདི་ལྟར་བསམ་ན། སྙན་གྲགས་འཛམ་བུའི་སྒང་ལ་བཞག་མྱོང་བའི་སྒང་བ་བོད་ཀྱི་བཙན་པོ་ཚོ་འོད་ཀྱི་རྨུ་ཐག་ལ་འཐམས་ཏེ་དཔའ་ཉམས་དང༌། ང་རྒྱལ་གྱི་ཁྲོད་ནས་མི་མངོན་པའི་དབྱིངས་སུ་གཤེགས་ཤུལ་ན། ལས་ངན་པའི་ཁོང་ཚོའི་བུ་རབས་ཚ་རྒྱུད་ཚོའི་མགོ་ལ་ཡ་ང་བའི་ཆག་འཇིག་བསྟུན་མར་བྱུང་མྱོང༌། ཧོར་སེ་ཆེན་རྒྱལ་བོས་དམག་རྟ་ཁྲི་ཕྲག་གིས་ལམ་ཁ་ཁྲིད་ནས་བོད་རྒྱལ་ཁབ་ཆེན་མོའི་རི་ཀླུང་ཐང་གསུམ་ཁྲག་གིས་གཤིན་སར་བྱས་མྱོང་ལ། ཆོས་ཀྱི་རྒྱལ་བོ་རུ་བསྙད་པའི་སོག་པོའི་དམག་དཔོན་ཞིག་གིས་རྟ་དམག་བྱེ་བའི་དབུང་ཡང་ཁྲིད་ནས་གཙང་བ་རྒྱལ་བློན་ཚོ་སྤྱང་ཁྱུས་ར་ཁྱུ་འདེད་འདེད་དང༌། གླག་མོས་ལུ་གུ་འཛིན་འཛིན་བྱས་མྱོང༌། འདི་ནས་བརྩིས་པའི་མི་ལོ་ལྔ་བཅུའི་ཡར་སྔོན་དུ། གོང་མ་འཇམ་དབྱངས་ཆེན་མོའི་རྒྱལ་རྒྱུད་དུ་བསྙད་པའི་གདོང་སྨེ་ཅན་གྱི་ཆབ་སྲིད་པ་དེས། སྒང་བ་བོད་ཀྱི་ས་ཁམས་ཧྲིལ་བོ་རྡུལ་འཚུབ་སེ་བཏང་ནས། རྨ་འབྲིའི་རླབས་རྒྱུན་གྱིས་ཀྱང་མི་ཁོགས་པའི་ཡ་ང་བའི་དམག་དཔུང་གིས་བོད་ཆེན་པོའི་ས་ཁྱོན་ཡོངས་རྫོགས་ཡོས་འཐག་བགྱིས་ཤིང༌། བུ་བསད་ཨ་མ་ཡི་ངུ་འབོད་དང༌། ཟློག་དཀའ་བའི་ལོ་རྒྱུས་ཀྱི་གོད་ཆག་རབས་དང་རིམ་པར་བྱུང༌། བཟོད་དཀའ་བའི་བཙན་གནོན་གྱི་སྐྱོ་གར་གཅིག་ཐོག་གཅིག་ལ་བརྩེགས། དམར་གསོད་བཙན་གནོན་གྱི་ལོ་ཟླ་འདི་ལྟར་ཟོ་ཆུན་གྱི་འཁོར་ལོ་ལྟར་འཁོར་ནས་དེ་རིང་གི་དུས་ལ་ཐུག་སོང་ན་ཡང༌། འགྲོ་བ་མིའི་རིགས་ཀྱི་དམར་གསོད་ཀྱི་སྐྱོ་གར་ད་དུང་མཚམས་མ་ཆད་པར་མུ་མཐུད་ནས་འབྱུང་བཞིན་འདུག སྤྱིར་ན་དེ་རིང་ནི་འཆམ་མཐུན་གྱི་ཉི་མ་ཞིག་རེད། དེ་རིང་ནི་ཞི་བདེ་ཡི་དུས་ཚིགས་ཤིག་རེད་ཅེས་མི་ཤེས་ཚང་མས་གླེང་གི་ཡོད་པ་རེད། དེ་བས་ཕྱིན་ཟིན་པའི་ཁྲག་དྲི་བྲོ་བའི་ལོ་ཟླ་དག་བརྗེད་པར་བགྱིས་ན་ཆོག མ་གླེང་ནའང་ཆོག་མོད། ད་ནི་ང་ཚོས་མ་གླེང་ས་མི་འགྲོ་བའི་ཚད་ལ་གཏུགས་སོང༌། ལག་ན་ཕྲེང་བ་དང་ཁ་ན་མ་ཎི་ལས་མེད་པའི་བོད་པ་ཚོ་བསྡད་ན་འདུག་ས་དང༌། བྲོས་ན་འབྲོ་ས་མེད་པའི་ཚད་ལ་གཏུགས་སོང༌། སུམ་ཉིས་ས་ལ་དཔའ་རྟགས་བླ་ན་མེད་པ་འཇོག་མྱོང་བའི་བོད་བཙན་པོའི་ཕྱི་རབས་ཚོའི་མགོ་ལ་ཆག་འཇིག་རྦབ་རྡོ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་བབ་ཡོང་དུས། མེས་པོ་སྙིང་སྟོབས་ཅན་དག་གི་ཁྲག་རྒྱུན་ལ་ཡང་བསྐྱར་བླ་ན་མེད་པའི་གསོན་ཤུགས་རྒྱས་མགོ་བརྩམས་པ་རེད། གསུམ་གཅིག་བཞིའི་དོན་རྐྱེན་ཀྱིས་བོད་བཙན་པོའི་བྲང་ཁོག་གི་སྙིང་ཁྲག་ཁོལ་མ་ཡང་བསྐྱར་འཕྱུར་བའི་འགོ་བརྩམས་པ་རེད། མེས་པོ་དཔའ་ཉམས་ཅན་དེ་དག་ར་བྲག་ལ་གཤར་ལ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་མི་མངོན་པའི་ཁམས་ལ་འཕྲེང་ཞེན་དང་བཅས་གཤེགས་སོང་ནའང༌། ཁོང་ཚོའི་བདེན་པའི་མི་གཞི་དང་བླ་མེད་ཀྱི་སྙིང་སྟོབས་དག་ཁ་བ་རི་བོའི་ཁོང་གསེང་རེ་རེ་ན་མི་འགྱུར་ཐེར་ཟུག་གིས་གནས་འདུག་པའི་བརྡ་རྟགས་གསལ་བོར་བསྟན་སོང༌། གསུམ་གཅིག་བཞིའི་སྔ་ཕྱི་ཡི་ཉིན་མཚན་དེ་དག་ནི་བདག་གི་བཙན་པོ་ཚོའི་བླ་ན་མ་མཆིས་པའི་སྙིང་སྟོབས་ལ་ཡང་བསྐྱར་གསོན་ཤུགས་བརྟས་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེན་པོ་ཞིག་རེད། དུས་འདི་ནས་བཟུང་སྟེ་བདག་གི་བོད་པ་ཚོས་སེམས་པ་སེམས་པར་བསྙེས་ཤིང༌། ལག་པ་ལག་པར་ཁེན་ནས་དམངས་གཙོ་དང༌། ཞི་བདེ་ལ་མི་དགའ་བའི་སྲིད་གཞུང་དམར་བོ་ལ་ཁྲག་དམར་བོས་རྒོལ་ལན་སློག་ཅིང་རང་དབང་དང་ཞི་བདེ་ནི་གཅེས་པར་འོས་པའི་ཚེ་སྲོག་ལས་ཀྱང་རྩིས་ཆེ་བའི་བདེན་ལུགས་གསལ་བོར་བསྒྲགས། མནན་ན་མ་ནོན་པའི་ཁྲག་རྩའི་སྦུབས་ཀྱི་ཞེ་སྡང་དང༌། བཀག་ན་མི་ཁོག་པའི་སྙིང་སྟོབས་ཀྱི་འགུལ་སྐྱོད་དེས་ལག་དམར་བ་ཚོའི་སྲིད་གཞུང་དམར་བོ་དེའང་ཡོམ་ཡོམ་གཡོ་བར་བྱས་པས། ཁོ་བ་ཚོའི་ཁྲག་དམར་ཙར་ཙར་གྱི་ལག་པ་དེ་དག་གིས། ཁོ་བ་ཚོའི་སྒྲ་སྐད་འུར་འུར་གྱི་མཚོན་ཆ་དེ་དག་གིས་ཡང་བསྐྱར་བོད་ཞི་བའི་ཞིང་ཁམས་ཆེན་མོ་ཁྲག་དམར་ཆིལ་ལེ་བཏང་ནའང༌། ལག་དམར་བ་ཚོར་མགོ་འབུལ་ལུས་འབུལ་མི་བྱེད་པའི་བོད་བཙན་པོའི་བདེན་པའི་མི་གཞི་དང༌། སྙིང་སྟོབས་ནི་ཇི་སྲིད་འཚོ་བའི་བར་དུ་གནས་པའི་དཔའ་ཞིང་རྟུལ་ཕོད་ཀྱི་ཁྲག་རྒྱུན་ལྷོག་ལྷོག་འཕྱུར་གྱིན་འདུག འདི་ནི་བཙན་པོའི་སྙིང་སྟོབས་ཀྱིས་བསྒུལ་བའི་སྒང་བ་བོད་པ་ཚང་རེད། འདི་ནི་རང་དབང་དང་ཞི་བདེ་ལ་དགའ་བའི་ཆོས་ལྡན་བོད་པ་ཚང་རེད། འདི་ནི་སུམ་ཉིས་ས་ཆེན་བདག་གིར་བགྱིས་མྱོང་བའི་གདོང་དམར་བོད་པ་ཚང་རེད།།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese