མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་སེམས་ཚོར།

བོད་ཀྱི་དུས་བབ།
༢༠༠༨/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

དབུས་ཕྲུག་ཚེ་རིང༌།

འདི་ནི་སྐབས་དང་དུས་ལ་བབས་ཤིང༌། ལོ་རྒྱུས་རང་བཞིན་གྱི་བོད་ཀྱི་དམིགས་བསལ་ཚོགས་ཆེན་ཞིག་ཡིན་སྟབས། བོད་མི་ཡིན་ནོ་ཅོག་གིས་ལེགས་ཉེས་ལ་མ་ལྟོས་པར་རང་འཁྲིའི་འགན་དབང་ཁུར་ཏེ་ཁ་སང་དང་དེ་རིང༌། འབྱུང་འགྱུར་གྱི་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཐོག་བསམ་ཚུལ་ཐུང་ངུ་ཞིག་ལས་མེད་ཀྱང་དངོས་ཤུགས་གང་ནས་ཀྱང་བརྒྱུད་སྤྲོད་བྱེད་དགོས། ཁ་སང་དེ་རིང་གནས་ཚུལ་འདིའི་ཐོག་སོ་སོའི་ལྟ་བ་དང་མཐུན་པའི་གླེང་སློང་མང་དག་ཅིག་རྡ་སའི་གནས་ཡུལ་གང་སར་བྱེད་ཀྱིན་ཡོད། ལྷག་དོན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བསམ་ཚུལ་ཤུགས་ཆེར་བཏོན་དང་འདོན་བཞིན་ཡོད་པ་རྣམས་སྒྲུབ་དགོས་ངེས་ཤིག་ཡིན། གལ་ཏེ་ཚོགས་ཐོག་འདིར་མི་དམངས་རང་བཞིན་གྱི་ཚོགས་ཆུང་རྣམས་ཀྱི་བསམ་ཤོག་ནང་བརྒྱ་ཆ་དྲུག་ཅུ་བདུན་ཅུ་ལྷག་གིས་བོད་རང་བཙན་དང་རང་ཐག་རང་གཅོད་ཀྱི་བསམ་ཚུལ་སླེབས་ཡོད་ན། ད་ལྟའི་བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་ཐད་བསམ་གཞིག་མི་གནང་ཐབས་མེད་དུ་གྱུར་ཡོད། དེ་ནི་ང་ཚོའི་གཞུང་འདི་མི་དམངས་ཀྱིས་སྐྱོང་བའི་མང་གཙོའི་གཞུང་ཞིག་ཡིན་པས་རེད། དེ་མིན་ཚོགས་ཆེན་འདི་གཞུང་གི་རྩ་བའི་སྲིད་ཇུས་གཞིར་བཞག་ཐོག་བསམ་ཚུལ་བསྡུ་རྒྱུ་ཙམ་ཞིག་ཡིན་ན། ཚོགས་ཆེན་འདི་ཉིད་ཀྱི་བརྗོད་གཞིར་ཚད་བཀག་ཡོད་པར་བརྟེན་མི་དམངས་འཐུས་ཚབ་ཀྱི་ངོ་བོར་འགྱུར་དཀའ་བ་ཡིན། ཡིན་ནའང་འདི་ལྟ་བུའི་བསམ་ཚུལ་གླེང་བར་ལས་སླ་པོ་རྩ་བ་ནས་མེད། ད་ལྟ་དང་འབྱུང་འགྱུར་བོད་རྒྱ་ཆེའི་མི་མང་གི་བདེ་སྡུག་དང་འབྲེལ་བ་ཡོད་སྟབས་འགན་ལེན་བྱེད་དགོས་པ་ཡིན། དེ་བཞིན་སྤྱི་ལོ་༡༩༥༩ ནས་སྤྱི་ལོ་༡༩༧༩ བར་དང་དེ་ནས་སྤྱི་ལོ་༢༠༠༢ ནས་དེ་རིང་བར་གཞུང་གི་ལངས་ཕྱོགས་ཁག་གཉིས་པོར་འཐུས་ཚང་གཟབ་ནན་གྱིས་བལྟ་ཞིབ་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོ་སོ་བྱུང་ནས་དེ་རིང་བར་གྱི་བོད་རང་བཙན་གྱི་ལས་འགུལ་ཁྲོད། ཕན་ནུས་ཇི་བྱུང༌། རྒྱལ་ཁབ་ཁག་དང་མི་དམངས་རང་བཞིན་གྱི་རྒྱབ་སྐྱོར་གྱི་ནུས་ཤུགས་སོགས་ལ་དབྱེ་ཞིབ། དེ་མིན་རྒྱལ་སྤྱི་དང་རྒྱ་ནག་སྤྱི་ཚོགས་ཀྱི་དམག་དོན་དང༌། དཔལ་འབྱོར་ཚན་རྩལ་མི་འབོར་སོགས་ཀྱི་གནས་བབ། དཔེར་ན་རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་ལྟ་བུར་མཚོན་ན་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུའི་འགོར་རྒྱལ་ཚོགས་ནས་ཐེ་ཝན་གྱི་གདན་ཐོབ་ཤོར་བའི་རྗེས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་མི་ཉུང་བ་ཞིག་ལྷག་ཡོད་རིགས་ལས་ད་ཆ་རྒྱ་ནག་གི་ཤུགས་རྐྱེན་འོག་ལོ་རེ་ནས་ཉུང་ངུར་འགྲོ་བ་དང༌། ཉེ་ཆར་ཇོར་ཇི་ཡའི་རྩོད་རྙོག་སྐབས་ཨ་རི་གཙོས་པའི་ཡུ་རོབ་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཇོར་ཇི་ཡའི་མངའ་ཁུལ་ནས་རང་བཙན་བྱེད་མི་རང་སྐྱོང་གི་ས་ཁུལ་དེ་གཉིས་རྒྱལ་ཚོགས་ཀྱི་སྟེང་ཇོར་ཇིའི་མངའ་འོག་ཏུ་འཁོད་པའི་རྒྱུ་མཚན་དག་མིན་ཇི་ལྟར། ས་ཁུལ་དེ་གཉིས་ཇོར་ཇི་ཡ་ནས་ཁ་བྲལ་ན་མི་འགྲིགས་ཞེས་ཚོར་ཤུགས་རྣོན་པོས་དགག་རྒྱག་ཚ་ནན་བྱས་ཡོད། རྒྱབ་ལྗོངས་ནི་ཇོར་ཇི་ཡ་བྱང་ཆིངས་དམག་དོན་སྒྲིག་འཛུགས་ནང་འཛུལ་ཞུགས་བྱ་རྒྱུ་ཡིན་པ་དང་ཡོ་རོབ་རྒྱལ་ཁབ་གཞན་དུ་ཤུགས་རྐྱེན་ངན་པ་མི་འབྱུང་བའི་ཆེད་རེད། སྐབས་དེར་རྒྱ་གཞུང་གིས་མགོ་ན་ན་བསམ་གཞིག་བྱས་ཏེ་ཕྱོགས་གཉིས་ཀར་མི་གནོད་པའི་ཟློས་གར་འཁྲབ་པ་ཡིན། མདའ་གཅིག་གིས་གླ་བ་གཉིས་གསོད་པར་རྒྱུ་མཚན་མང་དག་ཡོད། དེས་ན་དེང་འཛམ་གླིང་ནང་རང་ཉིད་ལ་སྟོབས་ཤུགས་ཡོད་ན་དྲང་བདེན་ཟེར་བ་ཁ་ཙམ་ལས་ཕྱིར་མངོན་རྒྱུ་དཀའ་བས་ན། སྔ་འདང་ཕྱི་འདང་ལེགས་པོ་བརྒྱབ་ནས་བསམ་ཚུལ་གླེང་དགོས་པ་ལས་འགན་ཁུར་མི་དགོས་པའམ་ནུས་པ་མེད་བཞིན་དུ་ཡོད་མདོག་མདོག་གིས་བཤད་ན། མེ་དོང་ནང་དུ་ལྷུང་ཡོད་པའི་བོད་མི་དམངས་དང༌། རིག་གཞུང་ཁོར་ཡུག་རྣམས་མིང་གི་ལྷག་མར་འགྱུར་ངེས་རེད། ཚོགས་ཆེན་འདིར་ལྟ་གྲུབ་ཙམ་རྩོད་གླེང་བྱེད་རྒྱུ་མིན་གཤིས། སོ་སོའི་ལངས་ཕྱོགས་འདྲ་མིན་ཡོད་པ་དེ་དག་ལེགས་སྒྲུབ་ཡོང་ཆེད་ཐབས་ལམ་འདི་དང་འདི་ཡོད་ཅེས་གདེང་ཚོད་ལྡན་པའི་ངང་རྒྱུ་མཚན་ཡང་དག་འདྲེན་རྒྱུ་དགོས་པ་ཡིན། དེ་མིན་རང་བཙན་ལྟ་བུར་མཚོན་ན། བོད་རང་བཙན་རེད། བོད་དུ་རང་བཙན་ཞེས་སྐད་འབོད་བྱེད་ཀྱི་འདུག དེ་ང་ཚོའི་ཐོབ་ཐང་དང་དམིགས་ཡུལ་ཡིན་ཞེས་པས་ཅི་ཡང་ཁུངས་འཁྱོལ་ཐབས་མེད། གཙོ་དོན། རང་བཙན་འཚེ་མེད་ཞི་བས་ལེན་རྒྱུ་ཡིན་ནམ། ཞི་དྲག་གཉིས་ཐོག་ནས་རྩོད་རྒྱུ་ཡིན། བློ་གཅིག་སེམས་གཅིག་གིས་བློས་གཏོང་བྱེད་ཕོད་པའི་མི་འབོར་དང༌། དཔལ་འབྱོར། ཤེས་ཡོན་གྱི་ནུས་ཤུགས་གང་འདྲ་འདུག ཚེ་སྲོག་དེ་ཙམ་བློས་གཏོང་བྱས་པའི་འགྲུབ་འབྲས་ལ་སྔོན་དཔགས་ཇི་ཙམ་ཡོད། དེ་དག་གི་རྒྱབ་ལྗོངས་ལ་བསམ་གཞིག་ནན་མོ་བྱེད་པ། འཛམ་གླིང་ནང་འཚེ་བ་མེད་པའི་རང་བཙན་ལེན་སྟངས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོར་སྙེག་པར་ལས་སླ་པོ་ནམ་ཡང་མེད། ང་ཚོས་རྩ་དོན་རྩོད་སྟངས་བཞིན་བརྩད་དེ་ང་ཚོའི་གནས་བབ་དང་མཚུངས་པར་རང་བཙན་རེག་པའི་དཔེ་མཚོན་གྱི་རྒྱལ་ཁབ་སུ་འཇོག་རྒྱུ་ཡིན། ལྷག་དོན་ཕྱི་ལོགས་སུ་ལས་འགུལ་སྤེལ་ནས་རང་གི་རྒྱལ་ཁབ་ནང་རང་བཙན་ཐོབ་པའི་རྒྱལ་ཁབ་ཡོད་དམ་མེད། མེད་ན་ཇི་ལྟར་བྱ་རྒྱུ་ཡིན། སོགས་ཀྱི་ཐོག་བསམ་བློ་དྲུག་གསུམ་བཅོ་བརྒྱད་གཏོང་དགོས། དེ་མིན་དབུ་མའི་ལམ་གྱི་ཐོག་ད་ལྟའི་བགྲོད་ལམ་དེའམ་དེ་མིན་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་ཉམས་མྱོང་ལས་བྱུང་བའམ་དེ་ལས་གཞན་རྩ་དོན་སྒྲུབ་ཕྱོགས་ཐད་བསམ་ཚུལ་ག་ཚོད་ཀྱི་མང་བ་ཡོད་ཀྱང་དེ་རྩིས་ཀྱིས་ལས་འགུལ་སྤེལ་ཕྱོགས་ཐད་གསོན་ཤུགས་རྒྱས་ངེས་ཡིན། དེ་འབྲེལ་བོད་ནང་མཉམ་འབྲེལ་ཐོག་ཤེས་ཡོན་དང་ཁོར་ཡུག་ཆེད་དཔལ་འབྱོར་གྱི་རྒྱབ་སྐྱོར་ཐུབ་ཐབས། ཕྱོགས་གཉིས་ཀའི་སྐུ་ཚབ་ཚོགས་པའི་སྤུས་ཚད་མཐོར་འདེགས་སོགས་དོན་གནད་འདི་དག་སྐོར་སྔ་རོལ་ནས་གྲ་སྒྲིག་ཚགས་ཚུད་དགོས་རྒྱུ། གཞན་དེ་ལས་མང་བ་ཞིག་བོད་རྒྱ་ཞི་མོལ་སྐུ་ཚབ་ཐེངས་བརྒྱད་པ་ཕེབས་གྲུབ་རྗེས་བསམ་ཚུལ་རྙེད་པར་ངེས། ཚོགས་མིའི་སྒྲུབ་ཆའི་སྟེང་གཞུང་དང་ཚོགས་པ་ཁག་འགའ་ཕུད་རྒྱ་བལ་འབྲུག་གསུམ་དང༌། ཕྱི་རྒྱལ་རྣམས་སུ་མི་སྣ་ལྔ་བཅུ་ལས་གདན་ཐོབ་མེད་པ་ནི་ཉུང་དྲག་པར་སེམས། གཞན་ངེས་པར་དུ་གདན་ཞུ་གནང་དགོས་པ་ཞིག་ལ་གཞུང་དང་ལངས་ཕྱོགས་མཐུན་མིན་ཇི་ལྟར་ཡང་བློ་བཟང་སེངྒེ་ལགས་དང་པདྨ་མ་འབུམ། ཚེ་རིང་ཤཀྱ་འཇམ་དབྱངས་ནོར་བུ་སོགས་ཆེད་ལས་མཁས་དབང་རྣམས་གདན་ཞུ་དང༌། ཁོང་རྣམས་ལ་ཚོགས་ཐོག་ཏུ་གཏམ་བཤད་ཀྱི་གོ་སྐབས་ངེས་པར་དུ་འབུལ་དགོས་པ་ཡིན། རྒྱལ་ཁབ་དང་མི་རིགས་གང་དུ་ཡང་ཤེས་ཡོན་ཅན་ནི་ནོར་བུ་ཡིན་པས་རེད། དོན་སྙིང༌། མགྱོགས་མྱུར་དམིགས་བསལ་ཚོགས་ཆེན་སྟེང༌། བོད། འཆི་ལ་ཉེ་བའི་ད་ལྟའི་ཛ་དྲག་གི་དུས་བབ་འདིར་རང་རེའི་རེ་སྒུག་གི་དོན་གནད་འདི་གང་མྱུར་ཐག་ཆོད་ཡོང་བའི་ཐབས་ལམ་ལེགས་པོ་ཞིག་ངེས་པར་དུ་འཚོལ་དགོས།།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༧ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༩ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

མཆན། 2

  1. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 18 སྔོན།

    ༡ བཀའ་ཁྲིས་དབུ་མའི་ལམ་གྱི་རྩ་འཛིན་གྲོས་ཆོད་ནུས་མེད་དུ་གྱུར་ཚུལ་དང་མི་རིགས་ས་གནས་རང་སྐྱོང་ལག་ལེན་དུ་འཁེལ་ཐུབ་པའི་གདེངས་ཚོད་བཤད་ཐུབ་ཀྱི་ཡོད་དམ།

    Reply
  2. གནས་ཚང་། says:
    ལོ་ 18 སྔོན།

    དོན་དག་ཁ་ཤས་འདུག
    ༡ བཀའ་ཁྲིས་དབུ་མའི་ལམ་གྱི་རྩ་འཛིན་གྲོས་ཆོད་ནུས་མེད་དུ་གྱུར་ཚུལ་དང་མི་རིགས་ས་གནས་རང་སྐྱོང་ལག་ལེན་དུ་འཁེལ་ཐུབ་པའི་གདེངས་ཚོད་བཤད་ཐུབ་ཀྱི་ཡོད་དམ།
    ༢ ཏཱ་ལའི་བླ་མས་དབུ་མའི་ལམ་གྱི་མཐའ་ཐུག་གི་ཐག་གཅོད་མི་མང་ལ་ཡོད་ཅེས་པ་ནི་༼རང་ཐག་རང་གཅོད་༽ཆགས་ཀྱི་ཡོད་དམ། རང་ཐག་རང་གཅོད་ལ་དགེ་མཚན་གསུམ་ཡོད།
    ༼༡༽པེ་ཅིང་གིས་རང་ཐག་རང་གཅོད་ངོས་ལེན་ཡོད་པའི་རྒྱལ་སྤྱིའི་ཡིག་ཆ་གཉིས་མིང་རྟགས་བཀོད་ཡོད་པས། འདི་བོད་མིས་ཁྲིམས་ལུགས་ཀྱི་རྒྱབ་བརྟེན་དུ་བཟུང་ཆོག་པར་མ་ཟད། པེ་ཅིང་གིས་ཀྱང་དེར་ཞཱ་མོ་གང་བྱུང་འདི་བྱུང་དུ་གཡོགས་ཐུབ་ཀྱི་མེད།
    ༼༢༽ པེ་ཅིང་གིས་རང་ཐག་རང་གཅོད་ངོས་ལེན་ཡོད་པའི་རྒྱལ་སྤྱིའི་ཡིག་ཆ་གཉིས་མིང་རྟགས་བཀོད་ཡོད་པའི་ཆ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་པེ་ཅིང་གིས་ཁྲིམས་སྲོལ་དེ་རིགས་ལག་ལེན་དོན་འཁྱོལ་ཡོང་བར་བསྐུལ་འདེད་བྱེད་པའི་འོས་འགན་ཡོད་ལ། ཁ་གཡར་སའང་གཙོ་བོ་ཞིག་ཆགས་ཡོད།
    ༼༣༽ ལམ་ཁ་འདི་གདམ་པ་ཡིན་ན། ད་ལྟའི་བོད་མིས་མ་འོངས་པའི་མི་རབས་ཀྱི་ལམ་ཁ་འགག་ཏུ་བཅུག་མེད། དེ་ལས་ལྡོག་ན། མ་འོངས་མི་རབས་ལ་ནུས་པ་ཡོད་ཀྱང་གཞི་འཛིན་ས་འཆོལ་ཟིན་པའི་དཀའ་ངལ་ཡོང་གི་ཡོད།
    ༣ སྐུ་ཚབ་ཚོགས་པ་ཤར་རྒྱག་ཏུ་ཐའི་ཝན་ནང་བཞིན་༼སྐམ་ས་ཚོགས་པ༽ལྟ་བུའི་ངོ་བོར་བསྒྱུར་རན་ནམ།

    ད་ཤོད་ཡཱ་སྨྱུག་འཛིན་པ་ཚོ། པཱ་ལེ་བ་ལ་གནང་དོགས་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese