མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་དམངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུཊ།

བོད་ཀྱི་དུས་བབ།
༢༠༠༩/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

 

ལྔ་བཅུའི་དུས་དྲན་མཛད་སྒོའི་དབུ་འཛུགས་དང་བསྟུན་ཏེ་བོད་གཞུང་དམངས་ལྷ་མི་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ལ། ༧གོང་ས་མཆོག་གིས་ཀྱང་ཐུགས་ཧ་ཅང་རྒྱས་པའི་ངང་ནས། ཁྱེད་ཅག་གིས་བློ་བདེ་བོ་བྱོས། ངས་ད་དུང་ཕན་པ་རིང་བོ་གཏོང་གིན་ཡོད། ཅེས་ཞལ་བཞེས་གནང་ཡོད་པ་རེད།

 

བོད་མིའི་ཞི་བའི་གྱེན་ལངས་དང་གཞུང་དམངས་བཙན་དུ་འབྱོར་ནས་ལོ་ངོ་ཧྲིལ་བོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་མགོ་འཛུགས་དང་མཇུག་སྡོམ་གཉིས་ལ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཐུགས་གཏན་འཁེལ་ཡོད་པ་ལྟར། དེ་རིང་ཞོགས་པ་ཆུ་ཚོད་ ༨ སྟེང༌། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཏུ་བོད་གཞུང་དམངས་ལྷ་མི་ཡོངས་ཀྱིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་བར་ཆད་ཀྱི་རིགས་ཞར་ཡང་མི་བཞེས་པར་སྐུ་ཁམས་རྡོ་རྗེ་ཆོས་ཀྱི་ངོ་བོར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོས་མཐའ་དག་དགག་མེད་ལྷུན་འགྲུབ་ཡོང་ཆེད་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད།

 

སྐབས་དེར་༧གོང་ས་མཆོག་གིས་མི་དམངས་ལ་བཀའ་སློབ་བསྩལ་དོན། དེ་རིང་བརྟན་བཞུགས་ཐོག་ཕེབས་པ་ཚོ་དང༌། འདི་བརྒྱུད་ནས་འཛམ་གླིང་གང་སར་གནས་པའི་གངས་ཅན་པ། ལྷག་པར་ཏུ་བོད་གངས་ཅན་ལྗོངས་སུ་སྡུག་བསྔལ་དང་དངངས་སྐྲག་ངང་སྡོད་མཁན་ཚོ་དང༌། སྡུག་སྦྱོང་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་པ་དེ་དག་གི་སེམས་ཀྱི་རེ་བ་སོགས་ནུས་པ་གཅིག་ཏུ་སྒྲིལ་ཏེ་བརྟན་བཞུགས་གནང་བ་རེད། དེར་ངོས་ནས་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། དེ་བཞིན་འཛམ་གླིང་འདིའི་སྒང་གི་དྲང་བདེན་ལ་དགའ་བ་དང་ལྷག་བསམ། གཞན་ཕན་གྱི་བསམ་པ་ཅན་ང་རང་གི་ངོ་ཤེས་པ་ཕལ་ཆེར་མང་པོ་ཞིག་གིས་འདུན་པ་གཏོང་གིན་ཡོད་པ་རེད་བསམ་ཡོད། དེ་བཞིན་དུ་རྒྱ་ཡུལ་གྱི་ཆོས་གྲོགས་ཕོ་མོ་ཚོའི་ནང་ནས་ཀྱང༌། ང་རང་ལ་དངོས་སུ་ཐུག་མཁན་མང་པོ་ཞིག་ཡོང་གིན་འདུག་ལ། ལན་བཏང་ཡོང་མཁན་ཡང་མང་པོ་ཞིག་འདུག

ཚང་མའི་འདུན་པ་དང་དད་པ། དམ་ཚིག་བསྲེས་ལྷད་མེད་པ་བྱས་ཏེ། འདུན་པ་གཅིག་ཏུ་སྒྲིལ་ནས་དེ་རིང་འདིར་སྨོན་ལམ་རྒྱག་གིན་ཡོད་སྟབས། ལུས་པོ་དངོས་སུ་མེད་ནའང་བསམ་པ་དེའི་ཐོག་ལ་བཏང་བསྡད་ཡོད་པ་ཚང་མ་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།

དེ་རིང་འདིར་བོད་ལྗོངས་ལྷ་མི་སྤྱིའི་བརྟན་བཞུགས་གནང་བ་རེད། ས་སྐྱ་བདག་ཁྲི་རིན་པོ་ཆེ་དབུ་བཞུགས་གནང་བའི་ཐོག ཐུགས་སྨོན་བདེན་ཚིག་གནང་གིན་ཡོད་པ་རེད། ནམ་རྒྱུན་ནས་ང་རང་གིས་འདུན་པ་རིང་པོ་གཏོང་གིན་ཡོད། ལྷག་པར་ཏུ་སེར་སྐྱ་ལྷ་མི་ཚང་མས་འདུན་པ་གཅིག་སྒྲིལ་ཐོག་ནས་ནུས་པ་འདོན་གྱིན་ཡོད་ལ། ལྷག་པར་དུ་ཛ་དྲག་གི་ཁ་ཐུག་ལ་དད་པ་དང་འདུན་པ། ལྷག་བསམ། དམ་ཚིག་སོགས་གཅིག་ཏུ་སྒྲིལ་ནས་ཡོང་གི་ཡོད་སྟབས། ང་རང་གི་ངོས་ནས་ཀྱང༌། དེ་བཞིན་བྱས་ཏེ་ལྷག་བསམ་བསྐྱེད་དེ་ཕན་པ་རིང་པོ་ད་དུང་ཡིན་ནའང་སེམས་ཤུགས་བསྐྱེད་དེ་སྨོན་ལམ་རྒྱག་གི་ཡིན། ཁྱེད་རང་ཚང་མ་ཐུགས་བདེ་བོས་ངང་བཞུགས་རོགས་གནོངས། ཐུགས་རྗེ་ཆེ། ཅེས་བཀའ་བསྩལ་སོང༌།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༦ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

མཆན། 3

  1. བློ་བཟང་དངོས་གྲུབ་ says:
    ལོ་ 17 སྔོན།

    ༸གོང་ས་མཆོག་སྐུ་ཚེ་ཡུན་དུ་གནས་པའི་སྨོན་འདུན་ཞུ།།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གངས་རིའི་ལྷ་སྐལ་འཕགས་མཆོག་མི་ཡི་རྣམ་རོལ་སྐུ་ཚེའི་ཞབས་བརྟན་བརྟན་ཞིང་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པར་སྨོན།

    Reply
  3. གངས་ཕྲུག says:
    ལོ་ 17 སྔོན།

    ༢ དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེས་དད་དམ་མོས་གུས་རྩེ་གཅིག་ཏུ་བསྒྲིལ་ནས་སྤྱན་ཆབ་གཡོ་བཞིན་པར་མཎྜལ་ལྗགས་བཤད་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese