མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འུ་ཐུག་ཐབས་ཟད་ཀྱི་བོད།

བོད་ཀྱི་དུས་བབ།
༢༠༠༩/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

ལྷ་ལུང་རྒྱལ།

 

རྒྱ་མིས་བོད་ལ་བཙན་འཛུལ་བྱས་ནས་ད་བར་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་ཞིང། མི་ལོ་ལྔ་བཅུ་ནི།་བོད་མི་རིགས་ལ་མཚོན་ན། རང་ཉིད་ཀྱི་རེ་འདུན་མངོན་འགྱུར་གྱི་ཆེད་དུ། སྡུག་སྦྱོང་མནར་གཅོད་སོགས་སྒེར་སྡོམ་དྲག་སྤྱོད་པའི་ཡ་ང་སྙིང་རྗེ་མེད་པའི་དབང་སྒྱུར་རྐྱང་ལ་སྐྱེལ་དགོསརྒྱ་མིས་བོད་ལ་བཙན་འཛུལ་བྱས་ནས་ད་བར་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་ཞིང། མི་ལོ་ལྔ་བཅུ་ནི།་བོད་མི་རིགས་ལ་མཚོན་ན། རང་ཉིད་ཀྱི་རེ་འདུན་མངོན་འགྱུར་གྱི་ཆེད་དུ། སྡུག་སྦྱོང་མནར་གཅོད་སོགས་སྒེར་སྡོམ་དྲག་སྤྱོད་པའི་ཡ་ང་སྙིང་རྗེ་མེད་པའི་དབང་སྒྱུར་རྐྱང་ལ་སྐྱེལ་དགོས་བྱུང་ཞིངརྒྱ་མིས་བོད་ལ་བཙན་འཛུལ་བྱས་ནས་ད་བར་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་ཞིང། མི་ལོ་ལྔ་བཅུ་ནི།་བོད་མི་རིགས་ལ་མཚོན་ན། རང་ཉིད་ཀྱི་རེ་འདུན་མངོན་འགྱུར་གྱི་ཆེད་དུ། སྡུག་སྦྱོང་མནར་གཅོད་སོགས་སྒེར་སྡོམ་དྲག་སྤྱོད་པའི་ཡ་ང་སྙིང་རྗེ་མེད་པའི་དབང་སྒྱུར་རྐྱང་ལ་སྐྱེལ་དགོས་བྱུང་བྱུང་ཞིང་། གལ་སྲིད། ལོ་ངོ་ལྔ་བཅུའི་རིང་གི་སྡུག་བསྔལ་འདི་མིག་མཐོང་ལག་ཟིན་གྱི་དངོས་པོ་ལྟ་བུ་ཞིག་ཡིན་ན། དེ་ནི་ནམ་མཁས་མི་ཁེབས་ཤིང། ས་གཞིས་མི་ཐེག་པ་ཞིག་གི་ཚད་ན་ཡོད་ངེས་ཡིན། དེ་ལྟ་བུའི་ཁྱོན་ཆེན་པོ་ཞིག ལྗིད་ཚ་བོ་ཞིག བོད་མི་ཚོས་ད་བར་རང་གི་ཁོག་ལ་ཤོང་པ་དང། སེམས་པས་འཁྱོག་ཏུ་བཅུག་ཡོད་ནའང། སྒེར་སྡོམ་དྲག་གཅོད་ཀྱི་སྦྱོར་བ་སྔར་བས་ཞི་ལྷོད་དང་གྲོས་མོལ། མཐུན་འགྲིག་གི་ཕྱོགས་ལ་འགྲོ་རྒྱུ་ལྟ་ཅི། དེ་ལས་ལྡོག་པར་གྱུར་སྟབས། ད་ནི་བོད་མི་ཚོ་འུ་ཐུག་ཐབས་ཟད་ཀྱི་ན་ཟུག་གིས་གཅུན་འགོ་བརྩམས་ཡོད།

 

འུ་ཐུག་ཐབས་ཟད་ཀྱི་ན་ཟུག་ནི་རིམ་པས་མི་ཚོའི་ལུས་ཡིད་ངག་གསུམ་ལ་ཁྱབ་འགྲོ་ཞིང། གང་ལ་བཟོད་བསྲན་ཡ་ལན་མ་ཐུབ་པའི་གནས་སྟངས་བྱུང་དུས། འཆི་བའི་འཇིགས་པ་ཟེར་བ་དེ་ཡང་བརྗེད་ངེས་ཀྱི་ཡུལ་དུ་སོང་སྟེ། རང་ཉིད་ཀྱི་གཅེས་པའི་སྲོག་ཀྱང་བློས་གཏོང་འཇིག་གཏོར་གྱི་མཚམས་ལ་སྐྱེལ་སྲིད་པ་ཡིན།

འདི་ལོར་མདོ་སྨད་རྔ་ཡུལ་གྱི་དགེ་འདུན་པ་བཀྲ་བྷེས་རང་ལུས་མེ་ལ་བསྲེགས་པ་དང། དེ་བཞིན་རྭ་རྒྱ་དགོན་ཆེན་གྱི་བཀྲ་ཤིས་བཟང་པོ་རྨ་ཆུར་ལྕེབས་པའང་རྒྱ་དམར་སྲིད་གཞུང་གི་དྲག་གནོན་རྫུན་སྒྲོག་དང། མཐོང་ཆུང་ཁྱད་གསོད་བཅས་ཀྱི་སྦྱོར་བ་ནག་པོས། འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱུར་ཅིང། སྡུག་བསྔལ་དེར་བཟོད་སྒོམ་གདོང་ལེན་མ་ཐུབ་པའི་ཉེར་ལེན་ལ་རང་སྲོག་རང་གིས་བཅད་པ་རེད། མེ་དམར་པོའི་ཀླུང་ལ་འཚིག་བཞིན་པའི་བཀྲ་བྷེ་དང། ཆུ་ཆེན་པོའི་དཀྱིལ་ལ་འཐིམ་བཞིན་པའི་བཀྲ་བཟང་གཉིས་ཀྱིས་ད་དུང་ལག་གིས་བོད་ཀྱི་རྒྱལ་དར་གཡུགས་ཞོར། ངག་གིས་ྋགོང་ས་ཆེན་པོ་སྐུ་ཚེ་བརྟན་ཅིང་བོད་རང་བཙན་སོགས་ཀྱི་འབོད་ཚིག་སྒྲོག་གི་འདུག་ཟེར།

 

སྒེར་སྡོམ་དྲག་སྤྱོད་ཀྱི་གཤིན་རྗེའི་རལ་གྲི་འདིས་ཅིའི་ཕྱིར་བོད་མི་རིགས་ཀྱི་ཤ་གཙབས་ཏེ་ཁྲག་མཆོད་དགོས་བྱུང་བ་རེད། ཡང་ཅིག་བཤད་ན། བོད་མི་ཚོས་སྒེར་སྡོམ་དྲག་སྤྱོད་པ་ཚོའི་ཅི་ཞིག་ཁས་འཆེ་མ་བྱས་པའི་རྐྱེན་གྱིས། ཁོང་ཚོ་འདི་ལྟར་གསོན་པར་དམྱལ་བར་འགྲོ་དགོས་བྱུང་བ་རེད། དེ་ནི་སྒེར་སྡོམ་དྲག་སྤྱོད་པའི་དྲག་སྤྱོད་ཀྱི་མཐའ་མའི་དམིགས་ཡུལ་ཏེ། བོད་མི་ཚོས་བློས་གཏོང་དྲན་བརྗེད་དུ་གཏོང་དགོས་པའི་དོན་གནད་གཉིས་ཀྱི་ཕྱིར་དུ་ཡིན་ལ། དོན་གནད་གཉིས་ནི། བོད་དོན་འཐབ་རྩོད་བློས་བཏང་ནས། ྋསྐྱབས་མགོན་ཆེན་པོ་བརྗེད་དགོས་པ་དེ་གཉིས་རེད།་ཡིན་ནའང། བོད་མི་ཚོར་མཚོན་ན་དེ་ནི་གཏན་ནས་མི་སྲིད་པ་ཞིག་སྟེ། དཔེར་ན། རང་ཉིད་ཀྱི་ཁོང་གྀ་སྙིང་བླངས་ནས་ཁྱི་རུ་སྟེར་མི་དཔེ་ལ། གལ་སྲིད་དེ་ལྟར་སྲིད་པར་རུང་ཡང། སྙིང་མེད་པའི་མི་ནི་སྐད་ཅིག་ཙམ་ཏུ་ཡང་འཚོ་སྡོད་མི་ཐུབ་པ་དང་གཅིག་མཚུངས་ཡིན། འོན་ཀྱང་རྒྱ་དམར་གཞུང་གིས་མི་སྲིད་པ་འདི་སྲིད་པར་བསྒྱུར་རྒྱུའི་བསམ་སྦྱོར་ཡུན་དུ་བསྲིངས་པའི་ཡ་ལན་ལ།་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་འཕག་འཚག་རིམ་པས་བརྒྱབ་པར་བརྟེན་བོད་ཀྱི་དོན་དག་ནི། ཁ་སང་དེ་རིང་གི་འདི་ལྟའི་རྣོ་ངར་ཅན་དང་རྒྱལ་སྤྱི་ཅན་གྱི་འཐབ་རྩོད་ཅིག་ལ་གྱུར་པ་རེད།

 

ཉིན་ནས་ཟླ་བ་དང། ཟླ་ནས་ལོ་ཡི་རིམ་པ་བརྒྱུད། སྒེར་སྡོམ་དྲག་སྤྱོད་ཀྱི་དབང་སྒྱུར་སྟངས་འཛིན་འོག་ཏུ། བོད་མི་ཚོས་དུས་རབས་ཕྱེད་ལྷག་ལུས་ཤིང། དུས་རབས་ཕྱེད་ལྷག་ཡུན་གྱི་མནར་གཅོད་དྲག་པོའི་སྡུག་བསྔལ་དེས། ཡང་ནས་བསྐྱར་དུ་གཅུན་ཏེ། དབུགས་ཀྱང་གཏོང་དཀའ་བ་ཞིག་ལ་གྱུར་ཡོད་པའི་མཚམས་འདིར། འུ་ཐུག་ཐབས་ཟད་ཀྱི་བོད་མི་ཚོས་དྲག་པོའི་རྒོལ་ལན་གྱི་འོས་ལངས་སྔ་ཕྱིར་མི་བྱེད་ཐབས་མེད་བྱུང་ཡོད། འོན་ཀྱང། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས། ད་ལྟའི་དྲག་རྒོལ་འོས་ལངས་ནི། ཁྱོན་ཡོངས་གཅིག་གྱུར་ཅན་དང། སྒྲིག་འཛུགས་ཅན་ཞིག་མིན་པ་དེས་འོས་ལངས་སྟོབས་ཤུགས་ལ་ཚད་བཀག་ཐེབས་ཡོད་མོད། ཅི་སྟེ་རྒྱ་དམར་གཞུང་གིས་ད་དུང་ཡང་དོན་གནད་འདི་གཉིས་མེད་བརླགས་རྩ་གཏོར་རམ། ཡང་ན་མི་སྲིད་པ་སྲིད་པ་བསྒྱུར་རྒྱུའི་སྟོང་བསམ་མུ་མཐུད་མཁྲེགས་འཛིན་གྱིས་གཉའ་གནོན་སུན་བཙུར་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་བ་ཡིན་ན། མ་འོངས་པར་ནི་གཅིག་གྱུར་ཅན་དང༌། སྒྲིག་འཛུགས་ཅན་གྱི་འོས་ལངས་རིམ་པར་བྱས་ཏེ་རྒྱལ་གཅེས་དཔའ་བོ་བཀྲ་བྷེ་དང་བཀྲ་བཟང་ལྟ་བུ་རང་སྲོག་བློས་གཏོང་བྱེད་མཁན་མང་ནས་མང་དུ་འགྲོ་རྒྱུ་ལས། ཁོང་ཚོའི་འདོད་རྔམ་ཧམ་བཤད་ཇི་བཞིན་བོད་མི་རིགས་དང་བོད་མི་རབས་གསར་པས་བོད་དོན་འཐབ་རྩོད་དང༌། ྋགོང་ས་ཆེན་པོ་བློས་གཏོང་དྲན་བརྗེད་ཀྱི་དུས་སྐབས་ཤིག་ནམ་ཡང་འབྱུང་མི་སྲིད་པ་ཡིན།།

 

 

 

འབྲེལ་ཡོད་གསར་འགྱུར།

TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦

མཆན། 1

  1. དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    ཁྱེད་རང་གསུངས་པ་དེ་ཤིན་ཏུ་བདེན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese