མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་དྲིན་དང་བཟོད་གསོལ།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp
བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༤༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱ་གར་ལགས། ཐུགས་རྗེ་ཆེ། ཡིན་ཡང་། མི་ལོ་ ༥༠ ཐམ་པའི་རྗེས་ནས་ང་ཚོས་ཁྱེད་རྣམ་པར་ཕྱིར་དགོངས་དག་ཞུ་དགོས་ས་མང་ལ། མུ་མཐུད་དུ་སྐྱབས་འཇུག་ཞུ་དགོས་ས་དེ་བས་ཀྱང་མང་།

ཉིན་ཤས་སྔོན་བོད་གཞུང་དམངས་གཉིས་ཀྱིས་རྒྱ་གར་ལ་འདས་པའི་མི་ལོ་ ༥༠ རིང་གི་ཟས་གོས་གནས་མལ་གྱི་མཐུན་འགྱུར་དང་། བོད་ཀྱི་ཆོས་རིག་དང་སྐད་ཡིག་རྒྱུན་གནས་ཡོང་ཐབས་ཀྱི་ལམ་སྟོན་རོགས་རམ་བཅས་ལ་ཐུགས་རྗེ་ཆེ་ཞུས་ཡོད། ཡིན་ཡང་། ང་ཚོས་ངེས་པར་དུ་རྒྱ་གར་གཞུང་དམངས་གཉིས་ལ་དགོངས་དག་ཞུ་དགོས་ས་འགའ་ཡོད། དེ་དག་གི་གཅིག་ནི། རྒྱ་གར་གཞུང་གིས་ཐོག་མ་ནས་བོད་མི་ཚོར་རང་གི་སློབ་གྲྭ་ལོགས་སུ་ཁེར་གཙང་དུ་འཛུགས་རྒྱུའི་ལམ་སྟོན་དང་མཐུན་འགྱུར་གནང་ཡོད་མོད། ད་བར་དུ་འདིར་སྐྱེས་ཤིང་འཚར་བའི་བྱིས་པ་ཚོའི་ཁྲོད་དུ་བོད་ཡིག་གི་ལམ་ནས་འཕྲིན་ཡིག་གོ་བདེ་ཞིག་འབྲི་ཐུབ་མཁན་ཡང་དཀོན་པར་གྱུར་ཡོད། དེའི་ཁར་དེང་སྐབས་ཀྱི་བྱིས་པ་འདི་དག་གི་སེམས་ནས་རང་གི་སྐད་ཡིག་ལ་དགའ་བ་དང་། དགོས་མཁོ་གཉིས་ཀ་བརླགས་འདུག རང་རང་གི་སེམས་ནས་སྐད་ཡིག་འདིར་བཅངས་པའི་དགའ་བ་དང་དགོས་མཁོ་གཉིས་ཀ་བརླགས་ཚར་དུས་ཕལ་ཆེར་སྐད་ཡིག་དེའི་ནང་གི་རིག་གཞུང་དང་མི་རིགས་དེའི་ངོ་བོ་གཉིས་ཀ་བརླག་གིན་ཡོད། འདིའི་ཤུགས་རྐྱེན་ནི་ཐོག་མར་མཐོ་རིམ་སྤྱི་ཚོགས་ནས་བསླེབས་ཤིང་། རིམ་བཞིན་ཕ་མ་རྣམས་བརྒྱུད་སྤྱི་ཚོགས་ཡོངས་ལ་ཁྱབ་འདུག འཐུས་ཤོར་འདིའི་དབང་གིས་ང་ཚོས་ངེས་པར་དུ་རྒྱ་གར་གཞུང་དམངས་གཉིས་ལ་དགོངས་དག་ཞུ་འོས་པ་ཡིན། དོན་དག་གཉིས་པ་དེ། ལར་ནས་ང་ཚོས་ཁྱེད་རྣམ་པའི་བཀའ་དྲིན་ཚོར་ཡོད་ཀྱང་། ཐུགས་རྗེ་ཞུ་རྒྱུ་འཕྱི་དྲགས་ཡོད། ང་ཚོའི་སེམས་བསམ་པ་ནུབ་ཕྱོགས་སུ་འཁོར་ནས་ཡུན་རིང་ཕྱིན་སོང་། འདི་ལ་ང་ཚོས་འཐུས་ཤོར་གྱི་དུས་རིམ་ཞེས་འབོད་དགོས་པར་འདོད་ཡོད། ང་ཚོས་ཨ་རི་ལྟ་བུ་ནུབ་ཕྱོགས་ཀྱི་སྟོབས་ཤུགས་ལ་མ་གཏོགས་གནའ་སྔ་མོ་ནས་འདྲིས་གཤིབ་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་དག་ལ་ཡིད་ཆེས་དང་རེ་བ་བྱས་མེད། ཐ་ན་རྒྱ་གར་གཞུང་ལའང་བོད་ཀྱི་གནད་དོན་འདི་སེལ་ཐབས་ཀྱི་ཞུ་སྐུལ་དང་མི་དམངས་ལ་གསལ་བཤད་ཡང་དག་ཅིག་བྱེད་ཐུབ་མེད། དེའི་རྐྱེན་གྱིས་ཁ་སང་དེ་རིང་བོད་འདི་ས་སྟེང་གི་དམྱལ་ཁམས་ལ་འགྱུར་སྐབས་ཀྱང་། ང་ཚོའི་ཁྱིམ་མཚེས་དག་གིས་མཛུབ་མོ་ཀེར་ནས་ལྟད་མོར་བལྟས་བསྡད་ཡོད། དོན་དག་གསུམ་པ་ཞིག་ནི། ང་ཚོ་རྒྱ་གར་དུ་འབྱོར་མཁན་ཚོས་རང་དབང་ལུང་པར་བསླེབས་པ་རེད་ཅེས་རང་རང་གི་གནས་བབ་བརྗེད་ཅིང་། གོ་བའང་ལོག་གི་ཡོད། ང་ཚོར་ཁྲིམས་ཀྱི་འདུ་ཤེས་དེ་ད་དུང་འཇགས་ཐུབ་ཀྱི་མི་འདུག དེར་བརྟེན་མཚམས་རེར་སྤྱི་ཚོགས་ཀྱི་རིམ་པ་ནས་ང་ཚོས་ཡུལ་ཆུ་འཐུང་བཞིན་དུ་ཡུལ་ཁྲིམས་མ་སྲུང་ས་མང་ལ། ཡུལ་མིའི་བྱིས་པ་གཡོག་པོར་ཉར་བ་སོགས་ནི་འདི་དག་གི་དཔེ་མཚོན་རིགས་ཡིན། དེ་ལྟར་ཕྱོགས་ཡོངས་ནས་ང་ཚོས་རྒྱ་གར་གཞུང་དམངས་གཉིས་ལ་སེམས་གཏིང་གི་དགོངས་དག་རེ་ཞུ་འོས་པ་ཡིན།

སྐབས་འདིར་ང་ཚོས་རྒྱ་གར་གཞུང་དམངས་གཉིས་ལ་མུ་མཐུད་ནས་སྐྱབས་འཇུག་ཞུ་དགོས་སའང་མང་། ལྷག་པར་དུ་འབྱུང་འགྱུར་གྱི་མི་ལོ་ ༢༠ ནི་བོད་མི་རིགས་ཀྱིས་རང་གི་ཤེས་རིག་ལ་བདག་པོ་རྒྱག་ཐུབ་མིན་དང་། བོད་ཀྱི་འཐབ་རྩོད་ལ་ངེས་ཤེས་བརྙེད་མིན། དེ་བཞིན་རྒྱ་ནག་གི་འགྱུར་བ་སོགས་ཕྱོགས་གང་ཐད་ནས་བོད་ཀྱི་གནད་དོན་འདི་འཕྲལ་ཕུགས་གཉིས་ཀ་ནས་གཏིང་ཐག་གཅོད་པའི་དུས་རིམ་དེ་ཡིན་སྟབས། རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་མི་ཚོར་ཟས་གོས་གནས་མལ་ཙམ་མིན་པར། བོད་མི་རིགས་འདི་མཐའ་མཇུག་གི་ཆག་འཇིག་ལས་སྐྱོབ་ཐབས་སུ་རྒྱབ་དཔུང་གནང་རྒྱུ་ནི་གནད་དུ་ཆེ་བར་འདུག་གོ།།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།

མཆན། 16

  1. ཕྲེང་ཟུར་དོན་གྲུབ་ཆོས་འཕེལ། says:
    ལོ་ 16 སྔོན།

    རྒྱ་གར་སྲིད་གཞུང་སུ་འདྲ་ཞིག་ཡིན་རུང་༼བོད་རང་སྐྱོང་ལྗོངས་དེ་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད Tibet Autonomous Region is Part of People’s Republic of China༽ཟེར་བའི་སྲིད་བྱུས་ཤིག་ཡིན་བཟོ་ལས་༼བོད་དེ་རྒྱ་ཁོངས་རེད Tibet is Part of China༽ ཟེར་བའི་སྲིད་བྱུས་མིན་སྙམ། དེ་འདྲ་ཡིན་དུས་བོད་དེ་རྒྱ་ནག་གི་བཙན་འཛུལ་བྱས་ཏེ་རང་སྐྱོང་ལྗོངས་སུ་མ་འགྱུར་གོང་རང་བཙན་རྒྱལ་ཁབ་ཞིག་ཡིན་པ་ལ་གོ་དགོས་སྙམ། གོང་གི་འབྲེལ་བཤད་ལ་ནོར་འཕྲུལ་ཡོད་ན་དགོངས་སེལ་ཞུ།།

    Reply
  2. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། བཀའ་ཁྲི་འཚོལ་མཁན་དང་མཉམ་དུ་མདང་དགོང་གླེང་མོལ་བྱུང་།
    གླེང་མོལ་ཅི་བྱུང་ངེད་ཀྱི་པོད་ཁུག་ཏུ་བཞག་ཡོད། དེ་ནས་གཟིགས་པར་འཚལ།

    Reply
  3. བློ་གྲོས་རྒྱལ་མཚན། says:
    ལོ་ 16 སྔོན།

    དགོངས་དག  དེབ་སྐྱེལ་ལ་ཚོད་ལྟ་བྱས་པ་ཙམ་ཡིན་ལགས།

    Reply
  4. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    བཀུར་འོས་རྩོམ་སྒྲིག་པ་ལགས། ཐུབ་བསྟན་བསམ་འགྲུབ་ལགས་ལ་བཀའ་འདྲི་གནང་ཚར་བ་ཡིན། ཁོང་གི་བཀའ་ལན་ཅི་གནང་མདོར་བསྡུས་ཤིག་བྲིས་ནས་དྲ་ངོས་ལ་བཞག་ཆོག

    Reply
  5. བློ་གྲོས་རྒྱལ་མཚན། says:
    ལོ་ 16 སྔོན།

    ཀ་ཁ་ག་ང་།

    Reply
  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཐུབ་བསྟན་བསམ་འགྲུབ་དབྱིན་ལན་དོན་གཅོད་ལ་བསྐོས་ཚར་ཡོད་ན། ད་ཁོང་གིས་བཀའ་བློན་ཁྲི་བའི་འོས་འདེམས་སྐོར་གྱི་ཕྱག་ལས་དེ་མུ་མཐུད་ཀྱི་ཡིན་ནམ། འདིའི་སྐོར་ནས་སྐད་ཆ་འདྲ་འདུག་གམ། ཤུ་རེ་ཁོ། ད་ང་ཚོས་དྲ་ཐོག་ནས་རྒྱལ་ཁབ་འཛུགས་དགོས་ཀྱི་འདུག

    Reply
  7. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ད་ཞིབ་འཇུག་བྱེད་དགོས་ས་མང་གི་ཡ།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    རིག་འབྱུང་དོན་གྲུབ་ལགས།

    འབྱུང་འགྱུར་གྱི་ལོ་ ༢༠ དང་ཐ་ན་ལོ་ ༥ ནང་ལ་འགྱུར་བ་གང་འདྲ་ཞིག་འགྲོ་མིན་ནི་དངོས་གནས་བཤད་ཁག་པོ་རེད། ཡིན་ནའང་དུས་ཚོད་ཀྱི་ཐོག་ནས་བཤད་ན་འགག་འཕྲང་ཆེན་པོ་ཞིག་རེད་སྙམ། བཙན་བྱོལ་གྱི་མི་ལོ་ ༥༠ ཐམ་པ་ནི་ང་ཚོས་དེ་རིང་སྲུང་གཙི་བྱེད་ཀྱིན་ཡོད་པ་རེད། སྲུང་གཙིའི་ངོ་བོ་དང་རྣམ་པ་གང་ཡིན་ལ་མ་ལྟོས་པར་གང་ལྟར་ཀྱང་དུས་ཚིགས་འདི་ལ་ངོས་འཛིན་ཞིག་བྱས་པ་རེད།

    ངའི་བསམ་པར་འབྱུང་འགྱུར་གྱི་མི་ལོ་ ༢༠ ནི་དེ་བས་གལ་ཆེ་བར་འདོད། རྒྱལ་ཁབ་ཕལ་ཆེ་བར་རང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཕྱོགས་ལ་དམིགས་ཚད་ཀྱི་ལོ་རེ་ཡོད་པ་རེད། ལོ་ ༥ དང་ ༡༠། ༣༠། ༥༠ ལྟ་བུ་རེ་ཡོད་པ་རེད། དཔེར་ན། རྒྱ་ནག་གིས་ ༢༠༥༠ ལོ་ནི་རྒྱ་ནག་ཡོངས་སུ་དམངས་གཙོར་འགྱུར་བའི་ལོར་དམིགས་ཚད་བཟུང་བ་ལྟ་བུ་རེད། དེ་བས་ངའི་བསམ་པར་ང་ཚོར་ཡང་དམིགས་ཚད་ཀྱི་ལོ་ཞིག་དགོས་པ་རེད། ལོ་ ༥ དང་ ༡༠ ལབ་ན་ཐུང་སྐྱོན་དང་། ལོ་ ༣༠ དང་། ཡང་ད་ནས་ལོ་ ༥༠ རྗེས་ལབ་ན་རིང་སྐྱོན་ལྟ་བུ་མཐོང་གི་འདུག དེར་བརྟེན་ད་ནས་ལོ་ ༢༠ རིང་ནི་ང་ཚོའི་དམིགས་ཚད་ཀྱི་ལོ་དང་། ལོ་འདི་ནི་བོད་ཀྱི་གནད་དོན་འདི་གཏིང་ཐག་གཅོད་པའི་ལོ་ཞིག་ལ་དམིགས་ཚད་བཟུང་ན་འོས་པར་འདོད། ལྷག་པར་དུ་ལོ་ ༥༠ རིང་གི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་འབྱུང་འགྱུར་གྱི་ལོ་ ༢༠ རིང་ལ་ཤུགས་བརྒྱག་ཐུབ་ན་ང་ཚོས་ནག་ཁུང་ནས་དཀར་ཆ་ཏོག་ཙམ་མཐོང་ཐུབ་པར་འདོད། དཀར་ཆ་འདི་ནི་ང་ཚོའི་མདུན་ལམ་དང་རེ་བ། འཚོལ་སྙེག་བཅས་ཡིན་དགོས་པར་སྙམ།

    ༧རྒྱལ་བ་རིན་པོ་ཆེ་ཚང་གི་སྐུ་ཚེ་མི་གླེང་། ལོ་ ༢༠ རྗེས་ནས་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ ༧༠ འགོར་བ་རེད། མི་ཞིག་གི་ཚེ་ཚད་ཡང་ཆ་སྙོམ་ལྟར་ན་མི་ལོ་ ༧༠ ཡིན་རྒྱུ་རེད་སྙམ། དེ་བས་བཙན་བྱོལ་དུ་འབྱོར་རྗེས་མི་ཡུལ་ནས་ལྟེ་ཕྲག་འཐོར་བའི་མི་རབས་དང་པོ་དག་གིས་རང་གི་ཕ་ས་དང་མ་ས་མིག་གིས་མ་མཐོང་བར་ས་མཐའ་ནས་མིག་བཙུམ་ཞིང་རྩིབ་རུས་ས་ལ་གཏོར་མགོ་རྩོམ་དགོས་པ་རེད། འདི་ཡང་མི་ལོ་ ༥༠ སྲུང་གཙི་བྱས་པ་བཞིན། ལོ་རྒྱུས་ཀྱི་དུས་ཚིགས་གལ་ཆེན་ཞིག་ཡིན་རྒྱུ་རེད་སྙམ། འདི་བསམ་ན་ལྷག་པར་དུ་འབྱུང་འགྱུར་གྱི་ལོ་ ༢༠ རྗེས་ལ་གཏད་ནས་སྐད་ཆ་བཤད་མི་ཤེས་པ་ལྟ་བུ་ཞིག་རེད།

    ཉིད་ཀྱི་བཀའ་འདྲི་ལྟར། འབྱུང་འགྱུར་གྱི་ལོ་ ༥ དེ་ང་ཚོས་ཚོད་དཔག་བྱེད་ཐུབ་དགོས་པ་ཞིག་ཡིན་རུང་། ད་ནི་མག་མོག་ཏུ་འགྱུར་གྱིན་འདུག ལོ་ ༥ རིང་འདིར་ང་ཚོས་གོམ་པ་ཆེན་པོ་ཞིག་སྤོ་ཐུབ་དགོས་ཀྱང་ད་ནི་སེམས་ཤུགས་ཡལ་ལ་ཁད་ཅིག་རེད། ད་ལོར་མི་ཞིག་གིས་བཀའ་བློན་ཁྲི་པ་རྗེས་མ་དེ་འཚོལ་མགོ་བརྩམས་སོང་། ང་ཁོང་ལ་ཐུག་སྟེ་ཁོང་གི་འཆར་གཞི་དང་རེ་བ། གདེང་ཚོད་བཅས་ཕྱོགས་ཡོངས་ནས་གླེང་མོལ་བྱུང་། འོན་ཀྱང་། ཉེ་ཆར་ང་ཟླ་བ་གཅིག་གི་རིང་ཕྱི་ལོགས་ལ་ཕྱིན་ཏེ་ཕྱིར་ངྷ་སར་འཁོར་དུས་མི་དེ་ཟམ་གདོང་རིན་པོ་ཆེའི་ལག་ལ་ཤོར་འདུག ཁོང་རྐུབ་སྟེགས་ཤིག་གི་སྒང་ལ་བཞག་འདུག ལོ་འདི་འདྲ་ཞིག་གི་རིང་ལ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་མ་བརྙེད་པར། ཉེ་ལམ་ཐུབ་བསྟན་བསམ་འགྲུབ་ཀྱིས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་འཚོལ་སྐབས་ཟམ་གདོང་རིན་པོ་ཆེས་གློ་བུར་དུ་ཅི་ཞིག་རྟོགས་སོང་བ་ལྟར། ཐུབ་བསྟན་བསམ་འགྲུབ་དབྱིན་ཡུལ་དོན་གཅོད་ལ་བསྐོས་པ་རེད།

    འདི་ནི་ཁྱིས་ཟུག་སྐབས་མདུན་ལ་རུས་པ་གཡུག་པ་དང་གཅིག་མཚུངས་མ་རེད་དམ། ( ་་་་་་ ཁ་ཚུམས ་་་་ )

    དངོས་གནས་བྱས་ན། ང་ཚོར་དམངས་གཙོ་དགོས་ཀྱི་མེད་པའམ། ཡང་ན། ཟམ་གདོང་རིན་པོ་ཆེས་ད་སྔ་ནས་ཁོང་གི་རྗེས་སྐྱོང་བ་ཞིག་གྲ་སྒྲིག་བྱས་ཡོད་སྟབས་ལས་འགུལ་འདིའི་རིགས་ཀྱི་འུར་མགོ་གནོན་པའི་ཆེད་དུ་ཐུབ་བསྟན་བསམ་འགྲུབ་ཀྱི་ཁ་བཀག་པ་ལྟ་བུ་ཞིག་ཚོར་སོང་། དགོངས་དག ཉིད་ཀྱི་དྲི་བར་ལན་ཐོབས་མ་སོང་། ཡིན་ཡང་། རང་ཉིད་ཀྱི་རྨོངས་འཆར་ཙམ་འདི་ལྟར་ཐལ།

    Reply
  9. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། ཁྱེད་ཀྱིས་འབྱུང་འགྱུར་གྱི་ལོ་ངོ་ཉི་ཤུ་དེ་བོད་ཀྱི་གནད་དོན་དེ་གཏིང་ཐག་ཆོད་མིན་གྱི་དུས་རིམ་ཞིག་རེད་ཟེར། འདི་ཞིབ་འཇུག་གི་སྐད་ཆ་ཡིན་ན།
    འབྱུང་འགྱུར་གྱི་ལོ་ངོ་ལྔའི་ནང་ལ་འགྱུར་བ་ཅི་འདྲ་ཞིག་འགྲོ་མིན་ཅིག་གསུངས་རོགས།

    Reply
  10. གངས་བུ། says:
    ལོ་ 16 སྔོན།

    སྔོན་ཆད་ཀྱི་རྒྱ་གར་སྔོན་ཆད་ཀྱི་རྒྱ་གར་རེད་བཞུད་ཚར་སོང་། དེང་སྐབས་ཀྱི་རྒྱ་གར་དེང་རབས་ཅན་རེད་རྒྱུ་ལས་མི་མཁོ ། ང་ཚོ་ལ་རྒྱུ་ནོམ་དེ་ཙམ་སྟོན་རྒྱུ་མེད་པས་རྒྱ་གར་གཞུང་དམངས་གཉིས་ཀྱི་ངོ་མི་ལོན ། གནམ་འོག་འདི་ནས་མི་ལ་རྒྱུ་ལས་མི་དགོས་རང་རང་འཆི་དགོས་བའང་བརྗེད་འགྲོ །

    Reply
  11. གླེན་པ་ལུག says:
    ལོ་ 16 སྔོན།

    རྒྱ་གར་དྲིན་ཅན་ཡིན་པ་ཡོངས་གྲགས་ཡིན་ལ། དངོས་གནས་བཀའ་དྲིན་ཆེ། ཆབ་སྲིད་ཀྱི་ཕྱོགས་རྐྱང་པ་མི་བཤད། ད་ལྟའི་གཞིས་ཆགས་ཁག་གི་འཚོ་བ་དང་། བོད་ཕྲུག་དག་གི་སློབ་སྦྱོང་ལ་བསམ་ན་ཤིན་ཏུ་བཀའ་དྲིན་ཆེ། འོན་ཀྱང་ལ་དྭགས་དང་། མོན། སྤེ་ཏི་སོགས་ཀྱི་ཁྲག་རྒྱུན་ལ་རྒྱ་གར་ལ་སྒྱུར་བཞིན་པའི་ཟློ་གར་འདི་དག་མཐོང་ཚེ། དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར། དགྲ་དཀར་ནག་གཉིས་ཞེས་པ་ངང་ངམ་ཤུགས་ཀྱིས་དྲན་འོང་གི་འདུག

    Reply
  12. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    བཀའ་དྲིན་དང་བཟོད་གསོལ་གྱི་ཕྱོགས་ནས་ངེད་ལ་ཚིག་ཁ་ཤས་ཤིག་ཞུ་རྒྱུ་ཡོད། ཁ་སྔོན་བསམ་ཚུལ་ཐུང་ཐུང་དེ་ཀུན་གླེང་གི་ཐོག་ལ་བསྐུར་་བ་ཡིན་མོད།
    གཙོ་སྐྱོང་བ་རྡོ་རྗེ་ཚེ་བརྟན་ཞུ་བས་ངེད་ཀྱི་བསམ་ཚུལ་དེ་དྲི་བ་ཐུང་ཐུང་ཞིག་བཟོས་སོང་། སྤྱིར་བཏང་བསམ་ཚུལ་བསམ་ཚུལ་རེད། དྲི་བ་དྲི་བ་རེད། བསམ་ཚུལ་དང་དྲི་བ་སོགས་འགོད་ནོར་མ་ཐེབས་པ་བྱེད་དགོས་རྒྱུ་ནི་གསར་འགོད་པ་ཞིག་དང་གཙོ་སྐྱོང་བ་ཞིག་གི་གཞི་རིམ་གྱི་ཆ་རྐྱེན་ལྟ་བུ་རེད། གང་ཡིན་ན་ཡིན། རྨོངས་འཆར་ཐུང་ཐུང་དེ་དེ་རིང་འདིར་བསྐྱར་འགོད་བྱེད་ཀྱི་ཡིན།
    རྒྱ་གར་ལ་དྲིན་གཟོའི་སྐོར་ནས་ངེད་ལ་རྨོངས་འཆར་ཐུང་ཐུང་ཞིག་ཡོད།

    བོད་གཞུང་ཕྱི་དྲིལ་ལས་ཁུངས་དང་ལྡི་ལི་སྐུ་ཚབ་དོན་གཅོད། རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་བཅས་ཀྱི་གོ་སྒྲིག་འོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་བའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ། ཕྱི་ཚེས་༢༦ནས་༣༠བར་རྒྱ་གར་གཞུང་མང་ཡོངས་ལ་བོད་གཞིས་བྱེས་གཉིས་ནས་ཐུགས་རྗེའི་ལེགས་གསོལ་ཆེད། མི་ལོ་༥༠རིང་བོད་པ་སྐྱབས་བཅོལ་པ་ཚོས་སྐྱིད་སྡུག་གི་འཚོ་བ་རོལ་བའི་དྲན་གསོའི་འགྲེམས་སྟོན་མཛད་སྒོ་ཞིག་ཚོགས་ཡོད་པ་དེར་གུས་བ་བོད་ཀྱི་མི་སེར་དཀྱུས་མ་ཞིག་གི་ངོས་ནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
    མི་ལོ་ལྔ་བཅུའི་རིང་གི་བོད་མིའི་ཆོས་རིག་གི་བསྟི་གནས་དགོན་སྡེ་ཁག་དང་སློབ་གྲ་ཁག གཞན་གཞིས་ཆགས་ཁག ད་དུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དཀྱིལ་འཁོར་སོགས་ཕྱོགས་གང་ལ་བལྟས་་ན་ཡང་རྒྱ་གར་གཞུང་དམངས་གཉིས་ཀ་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་ནི་སྨྲོས་མེད་རེད།
    དེ་ཡང་ཞིབ་དུ་བསམ་ན། བཀའ་དྲིན་ཆེན་པོ་ཡིན་པ་ངོ་འཕྲོད་པའི་སྒོ་ནས་དྲིན་ཆེན་ལ་དྲིན་གཟོ་བྱེད་རྒྱུ་ནི་མཛད་སྒོ་འཚོགས་པ་དང་ཁ་གཡང་སྒྲོག་པ། བཀའ་དྲིན་ཆེན་པོ་ཡིན་ཞེས་ཡིག་ཐོག་ལ་ཕབ་རྒྱུ་གཅིག་པོ་མིན་པ་འདྲ། དེ་ལས་ལྷག་པའི་བཀའ་དྲིན་ལ་དྲིན་གཟོ་བྱེད་སྟངས་ཤིག་ང་ཚོས་ངེས་པར་དུམཁྱེན་དགོས་ཀྱི་འདུག་ལ་དེའི་ཕྱོགས་སུ་ཕྱག་ལས་ཀྱང་གནང་དགོས་ཀྱི་འདུག རྒྱ་གར་གཞུང་མང་གཉིས་ཀ་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་འདི་འབྱུང་འགྱུར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་སུ་ངེས་པར་དུ་འགོད་དགོས་བ་ཞིག་ཡིན་པར་མ་ཟད་འགོད་རིན་ཡོད་པ་ཞིག་ཀྱང་ཡིན། རྒྱ་གར་གཞུང་མང་གཉིས་ཀ་བཀའ་དྲིན་ཆེན་པོ་ཡིན་པ་འདི་བཤད་རྒྱུ་ཞིག་དང་འབྲི་རྒྱུ་ཞིག་ཡིན་ན། བཤད་མི་ཚར་བ་དང་བྲིས་མི་ཚར་བ་ཞིག་ཡོད།
    ད་མང་པོ་མི་བཤད། དེ་ལས་སོ་སོའི་རྨོངས་འཆར་གྱི་སྒང་ལ་འབབ།
    སྤྱིར་ང་ཚོ་རང་དབང་རང་བཙན་ལྡན་པའི་རྒྱལཁབ་ཞིག་ཡིན་ན། ང་ཚོས་ཀྱང་རྒྱ་གར་གཞུང་མང་གཉིས་ལ་དཔལ་འབྱོར་དང་མི་ཤུགས་ཀྱིས་ཐུགས་རྗེ་ལེགས་གསོལ་ཞུ་དགོས་བའི་དུས་ལ་སླེབས་ཡོད་མོད།
    འོན་ཀྱང་། ང་ཚོ་ནི་ད་དུང་ཡང་སྐྱབས་བཅོལ་བའི་ངོ་བོར་གནས་ཡོད་རྐྱེན། དཔལ་འབྱོར་གྱི་ཐུགས་རྗེ་ལེགས་གསོལ་ཞུ་ཐུབ་རྒྱུ་ཕར་ཞོག ད་དུང་ཡང་ཚུར་དཔལ་འབྱོར་གྱི་རོགས་རམ་ལེན་བཞིན་ཡོད། ངེད་ཀྱི་གོ་ཐོེས་ནོར་མེད་ན་རྒྱ་གར་གཞུང་ནས་བཙན་བྱོལ་བོད་གཞུང་ལ་ལོ་རེར་རྒྱ་སྒོར་འབུམ་དྲུག་བརྒྱའི་རོགས་རམ་བྱེད་ཀྱི་ཡོད་པ་རེད་ཟེར།
    མི་ཤུགས་ཀྱི་ཕྱོགས་ནས་ནི་ང་ཚོར་རྒྱ་གར་གཞུང་ལ་སྲི་ཞུ་རླབས་ཆེན་སྒྲུབ་ཐུབ་མཁན་གྱི་ཆེད་མཁས་མེད་ལ་ཉུང་ཤས་ཤིག་ཡོད་པ་དེ་ཡང་ཁ་འཐོར་ནས་ཡོད།
    འོ་ན། ང་ཚོའི་ངོས་ནས་རྒྱ་གར་གཞུང་ལ་ངག་ཐོག་དང་ཡིག་ཐོག་མ་ཡིན་པའི་དྲིན་གཟོའི་རིགས་ཅི་ཞིག་བྱེད་ཐུབ་བམ།
    ངེད་ཀྱི་བསམ་པར། བོད་གཞུང་གིས་ད་ལོ་ནས་བཟུང་ཏེ་རྒྱ་གར་དྲིན་གཟོའི་ཉིན་མོ་ཞིག་གཏན་འབེབ་བྱས་ཏེ་ལོ་རེ་བཞིན་རྒྱ་གར་དྲིན་གཟོའི་ཉིན་མོ་སྲུང་བརྩི་བྱེད་དགོས།
    བཙན་བྱོལ་བོད་གཞུང་དང་ཚོགས་པ་སྒེར་བ་ཁག་མཉམ་འབྲེལ་ལམ་ཡང་ནས་སོ་སོའི་ངོས་ནས་རྒྱ་གར་གཞུང་མང་ལ་ཕན་ཐོགས་པའི་ལས་གཞི་འདྲ་མིན་སྤེལ་དགོས།
    དཔེར་ན། བོད་གཞུང་སྨན་རྩིས་ཁང་དང་དེའི་ཡན་ལག་སྨན་ཁང་ཁག་བརྒྱུད་ནས་རང་ཉིད་རྟེན་གཞིའི་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་དབུལ་བོའི་རིགས་ལ་ལོ་རེར་སྨན་གྱི་སྦྱིན་པའི་ལས་འགུལ་སྤེལ་ཐུབ་ན་ཡག་པོ་འདུག
    ༧གོང་ས་མཆོག་གིས་རྒྱ་གར་ནི་ང་ཚོའི་དགེ་རྒན་དང་ང་ཚོ་ནི་དེའི་དགེ་ཕྲུག་ལྟ་བུ་ཡིན་ཞེས་བཀའ་སློབ་རིམ་བསྩལ་གནང་ཡོད་།
    དེས་ན་། ང་ཚོའི་ངོས་ནས་ཀྱང་དགེ་རྒན་ལ་དྲིན་གཟོ་བྱེད་མ་ཐུབ་རུང་དགེ་རྒན་གྱི་རྐང་འདྲེན་བྱེད་མི་ཉན་པར་མ་ཟད་དགེ་རྒན་ལ་ཤུགས་ནས་གནོད་གཞིའི་ལས་རིགས་དེ་བས་ཀྱང་གཉེར་མི་ཉན། འོན་ཀྱང་། མཚམས་རེར་ང་ཚོའི་ངོས་ནས་རྒྱ་གར་ཡུལ་མིའི་ཆོས་རིག་གོམས་སྲོལ་དང་ཡུལ་ཁྲིམས་ལ་གནོད་གཞིའི་རིགས་དང་འགལ་རྐྱེན་ལ་འགྲོ་གཞིའི་རིགས་ཀྱི་འཚོ་ཐབས་གཉེར་ཀྱི་ཡོད་པར་མ་ཟད་། འཚོ་ཐབས་གཉེར་སྟངས་་དེའི་རིགས་ཀྱིས་རྒྱ་གར་ཡུལ་མི་དང་བོད་མིའི་དབར་ལ་གླེང་རྙོག་ཅི་སྙེད་ཅིག་བཟོས་ཡོད་པ་ཡང་ཉི་ཤར་སྤར་མོས་མི་ཁེབས།
    དེ་ཡང་གནས་ཡུལ་རྒྱ་གར་གྱི་ཡུལ་ཁྲིམས་དང་ཡུལ་ཆོས་ལ་བརྩིས་མེད་དགོས་ལྐོག་ནས་གླང་ཤ་ཉོ་འཚོང་བྱེད་པ་དང་གཅིག བོད་པའི་ཚོང་ཁང་དང་ཟ་ཁང་སོགས་སུ་རྒྱ་གར་གྱི་མི་ཚང་དབུལ་བོའི་བྱིས་བ་གཡོག་པོར་ཉར་བ་དང་གཉིས། རྒྱ་གར་ས་གནས་སྐོར་སྲུང་བ་དང་ལྐོག་འབྲེལ་དགོས་ཁེ་ལས་གཉེར་བ་གསུམ་བཅས་ནི་བོད་མི་རྣམས་ཀྱིས་ངེས་པར་དུ་མཚམས་འཇོག་བྱེད་དགོས་བའི་རིགས་ཡིན་ལ་། འཚོ་ཐབས་གཉེར་སྟངས་འདིའི་རིགས་མཚམས་བཞག་པ་ཡིན་ན། ད་གཟོད་རྒྱ་གར་ལ་དྲིན་གཟོ་བྱེད་བདེ་བ་དང་གཙང་བ་ཡོད།
    དེར་བརྟེན། བོད་མི་སྐྱབས་བ་བཅོལ་བ་ཚོས་ཉིན་རེ་ཉིན་རེའི་མི་ཚེ་སྐྱེལ་སྟངས་ཚུན་ནས་རྒྱ་གར་གཞུང་མང་གཉིས་ཀ་བཀའ་དྲིན་ཆེན་པོ་ཡིན་པ་ཧ་གོ་བའི་སྒོ་ནས་གནས་ཡུལ་རྒྱ་གར་ཡུལ་མིའི་ཆོས་རིག་དང་ཡུལ་ཁྲིམས་ལ་གནོད་གཞི་དང་འགལ་རྐྱེན་འགྲོ་གཞིའི་རིགས་ཀྱི་འཚོ་ཐབས་མི་གཉེར་རྒྱུ་ནི་ཧ་ཅང་ནས་གལ་ཆེ།
    ལྷག་པར་དུ་བོད་མི་རྣམས་ཀྱིས་རང་ཉིད་སྐྱབས་བཅོལ་དུ་གནས་རིང་། བསམ་བློ་དཀྱེལ་ཡང་དང་བཟོད་སྒོམ་ཚུགས་བརྟན། ཕུགས་བསམ་རྒྱ་ཆེར་བཞེས་བའི་སྒོ་ནས་རྒྱ་གར་ཡུལ་མི་དང་འབྲེལ་ལམ་འཛུགས་པ་དང་མཐུན་ལམ་བསྐྲུན་པ།་ གཅིག་ཕན་གཅིག་རོགས་བྱེད་རྒྱུ་བཅས་ནི་དུས་སུ་བབ་བའི་དྲིན་གཟོ་བྱེད་སྟངས་དང་དྲིན་གཟོའི་ཆ་རྐྱེན་བསྐྲུན་སྟངས་ཀྱང་ཡིན་ནོ།

    Reply
  13. གངས་བུ། says:
    ལོ་ 16 སྔོན།

    སྤྱིར་རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ་ཞེས་ཞུ་སྲོལ་ཡོད་མོད་ཀྱང་ཆབ་སྲིད་ཀྱི་ཕྱོགས་ནས་བཤད་ན་དེ་འདྲའི་གཏིང་དཀར་པོ་འེ་ཡིན་ན།

    Reply
  14. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    རྒྱ་གར་ལས་དྲག་ཅིག་སུ་ཡང་མེད།

    Reply
  15. བདེ་ཆེན་སྒྲོལ་མ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པར་བཀྲ་ཤིས་བདེ་ལེགས་ཞུ།
    ལོ་རྒྱུས་ཀྱི་སྟེང་ནས་བཤད་ན། བོད་ཀྱི་སྒལ་ཚིགས་གཅོག་མཁན་དང་པོ་དེ་རྒྱ་གར་རེད། རྒྱ་གར་བའི་ནང་ནས་ཡང་སྲིད་འཛིན་ནེ་རུ་རེད། བོད་དོན་འདི་རྒྱལ་ཚོགས་ནང་ནས་ཐེངས་དང་པོ་གླེང་ཡོང་དུས་སྲིད་འཛིན་ནེ་རུ་ཡིས་ཚིག་གཅིག་གཉིས་ཤིག་གིས་བོད་དོན་ཡོངས་སུ་ལངས་རྒྱུ་མེད་པ་བཟོས་སོང་བ་རེད། དེ་བས་ངས་བོད་ཀྱི་སྒལ་ཚིགས་གཅོག་མཁན་ཟེར་གྱི་ཡོད། ཡིན་ནའང༌། འདི་གཅིག་པུ་ཞེ་ལ་བཅངས་ནས་དཀར་པོ་ཚང་མ་ནག་པོ་བཟོས་ན་མི་འགྲིག་གི། ང་ཚོས་རྒྱ་གར་ལ་ཐུགས་རྗེ་ཆེ་ཐེངས་མ་སྟོང་ལ་ཞུས་ཀྱང་ཉུང་བའི་ཚོད་རེད།

    Reply
  16. གངས་བུ། says:
    ལོ་ 16 སྔོན།

    རེད་ཡ་་རྒྱ་གར་གྱི་སྲིད་འཛིན་རིམ་པས་བོད་འདི་རྒྱ་ཁོངས་རེད་ཞེས་རྒྱ་ནག་གི་དཔོན་རིགས་ཚོར་བཤད་བཞིན་པ་འདི་ལ་ང་ཚོས་ཇི་ལྟར་བཀའ་དྲིན་ཞུ །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese