མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡ་དུང་གི་དམ་བཅའ་འབུལ་ཉེས།

བོད་ཀྱི་དུས་བབ།
༢༠༠༩/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

                       མི་ནག་མདུང་ཐུང་ནས།  
 
ཁ་སང་ལས་འགུལ་ཆུང་ཆུང་གཉིས་ལ་དྲན་གསོ་རེ་བྱེད་བཞིན་ནམ་ཞིག་ཡ་དུང་གིས་ངས་དེ་རིང་ནས་རྒྱ་གཞས་མི་ལེན་ཞེས་ཁས་ལེན་དམ་བཅའ་ཕུལ་ཏེ་བོད་ཀྱི་གཞས་པ་ང་ཡིན་ཁོ་ཡིན་ཟེར་མཁན་ཚོས་ཀྱང་སྔ་གཞུག་རྩད་ནས་དམ་བཅའ་འཇོག་པ་དང་། རིམ་གྱིས་བོད་ཀྱི་ས་ཁུལ་ཡོངས་སུ་བྱིས་པ་ལོ་བདུན་ཚུན་ཆད་ནས་ཀྱང་རྒྱ་དང་རྒྱ་གཞས་ཟེར་ན་རྣམ་རྟོག་ཟ་ཐག་ཆོད་པ་ཞིག་ཡོང་ན་ཅི་མ་རུང་བསམ་ཞིང་། ང་ཚོ་རི་ནས་མི་རབས་ཤིག་ལ་བཀག་པར་འདི་ལྟ་བུའི་ཡ་ལན་ཞིག་བོད་གཞིས་ལུས་པས་སྤྲད་ཆོག་པར་ཡང་འདོད་ཡོད། འོན་ཀྱང་ཁོང་གིས་དམ་བཅའ་འབུལ་ཉེས་ཤོར་ཏེ་དེང་ཕྱིན་བོད་གཞས་ལེན་རྒྱུ་མཚམས་བཞག་སྟེ་ཀྲུང་ཧྭ་མི་རིགས་ཡོངས་ནས་དགའ་བསུ་བྱེད་པའི་གློག་བརྙན་འཁྲབ་སྟོན་པ་ཞིག་བྱ་རྒྱུ་ཡིན་ཟེར་སྐད།

སྔོན་ཆད་ངས་ཡ་དུང་བོད་མི་རྣལ་མ་ཞིག་ཡིན་མིན་ལ་དོགས་པ་ཟ་མྱོང་ལ་རུས་པ་རྒྱ་ཡིན་པར་ཡང་སྐུར་འདེབས་བྱས་མྱོང་། འོན་ཀྱང་དེ་རིང་གི་གསར་འགྱུར་འདིས་ངས་ཁོའི་སྟེང་ནས་འཕྲལ་གྱི་ཁེ་ཕན་ཙམ་ལས་ཕྱིས་ཀྱི་གནོད་པ་ལ་བསམ་བློ་མི་གཏོང་བའི་རྒྱ་མི་ཤིང་བཟོ་བ་ཞིག་གི་གཤིས་ཀ་དངོས་སུ་མཐོང་སོང་། ཁོས་རང་གི་སྙན་འཇེབས་ཀྱི་སྐད་ངག་དེས་ས་སྡེ་དགེ་ལུང་པ་ནས་མགོ་བཙུགས་ཏེ་བོད་སྟོད་སྨད་ཡོངས་ལ་རྒྱ་སྐད་དང་རྒྱ་གཞས་བསླབ་བསླབ་ནས་ད་ཆ་རིགས་ཞེན་གྱི་མེ་ལྕེ་ཇི་ལྟར་འབར་ཡང་ཚིག་མི་ཐུབ་པའི་སྲོག་གཅོད་ཀྱི་ཡམས་ནད་འདི་བོད་གཞོན་རབས་པའི་ཤ་དང་རུས་པར་ཟུག་རྗེས། རང་གི་བྱས་ཉེས་ལ་ངོས་ཟིན་དང་དགོངས་སེལ་ཙམ་ཡང་མེད་པར་རྒྱ་ཁོག་ཏུ་བཞུད་འགོ་བཙུགས། ཁོས་རང་ཉིད་ཀྱི་འཁྲབ་གཞུང་གི་མགོ་གཞུག་ཏུ་ཨ་ལེ་ལ་སྐྱབས་བཅོལ་རྒྱུར་བརྗོད་ཚུལ་ལ་བལྟས་ན་ཁོའི་རྒྱ་ཞེན་རྒྱ་བསྒྱུར་གྱི་སློབ་གསོ་དེ་ཡང་ད་དུང་མཇུག་བསྒྲིལ་རྒྱུ་མིན་པ་གསལ་བོ་རེད།

ཞིབ་ཏུ་བསམ་ཚེ། རྒྱ་ནག་པས་ང་ཚོ་དང་ང་ཚོའི་རྒྱབ་སྐྱོར་བའི་ཁ་གཏད་དུ་ཕུད་བཞིན་པའི་ཀྲུང་གོའི་བོད་ཟེར་བའང་ཡ་དུང་དང་ཞོགས་དུང་ལྟ་བུ་མི་རིགས་ཀྱི་ལ་རྒྱ་ཡོད་ཀྱང་མི་རིགས་ཀྱི་ཁེ་ཉེན་མི་ཤེས་པའི་གཞོན་སྐྱེས་འདི་དག་ཡིན་པ་ལས་དགྲ་གཉེན་སུ་ལའང་རྒྱུག་ཁྱི་ཞིག་གི་སྣང་བ་ལས་མེད་པའི་ཚེ་བསྟན་སྒྲོལ་མ་དང་འབྲོང་བུ་སོགས་ཅི་ཡང་མ་རེད། ད་ལྟའི་བར་དུ་གངས་རིའི་དབྱངས་སྙན་ཞེས་པའི་དྲ་བར་བོད་ཀྱི་གཞས་པ་གཞས་མ་ཉིས་བརྒྱ་མ་ཟིན་ཙམ་ཡོད་པ་ལས་རྒྱལ་ཁབ་ཀྱི་སྐད་ཅེས་པ་(རྒྱ་སྐད་)གཙོ་བོར་མ་བྱས་པ་རྒན་བདུད་བྷེ་དང་ཁོང་གི་རྗེས་འཇུག་པ་ཉུང་ཤས་ཞིག་ལས་མེད་པ་འདི་ཡང་ལན་ངོ་མ་ཡ་དུང་ཁ་ནག་འདི་ལན་པ་མ་རེད་དམ།

མདོར་བསྡུས་ན། ང་ཚོའི་ཕུ་ནུ་མིང་སྲིང་དག་ཐབས་ཟད་ཅིང་ཨུ་ཐུག ཡིད་ཆད་ཅིང་རེ་བ་བྲལ་བའི་ངང་རང་སྲོག་འདོར་བཞིན་པའི་ཁ་སང་དེ་རིང་གི་དུས་ཚོད་འདིར། ང་ཚོས་རང་ཉིད་ཨ་ཕོ་ལུག་རྫིའི་འགྱུར་ཁུག་གི་ཁྲོད་ནས་བརྒྱལ་དུ་མི་འཇུག་པར་རྒྱ་སྐད་བཤད་ན་གཟི་བརྗིད་དང་། རྒྱ་གླུ་བླང་ན་འཇོན་ཐང་། རྒྱ་ལ་རིག་ན་གསར་རྫིག་ཏུ་འདོད་བཞིན་པའི་གཞས་པ་རྒྱ་མ་བོད་འདི་དག་ལ་ཚ་ས་གཟེར་ས་ནས་ཁབ་གཙག་འབིགས་གཙག་རེ་ཅིས་ཀྱང་བྱེད་དགོས་པར་མཐོང་ངོ་། །

འབྲེལ་ཡོད་གསར་འགྱུར།

Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

སྐར་མ ༡ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༡༨ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

མཆན། 10

  1. གཞིས་ལུས་བོད་པ། says:
    ལོ་ 17 སྔོན།

    ང་རང་གི་ལྟ་ཚུལ་ལ་ཡ་ཏུང་གིས་འཁྲབ་གཞུང་དེ་ཨ་ལེ་ལ་སྤྲད་པ་ཤིན་ཏུ་མ་ལེགས་སོ་སྙམ། རྒྱུ་མཚན་ཨ་ལེ་ནི་རྒྱལ་རོང་རྒྱལ་བོའི་ལོ་རྒྱས་བརྩམས་ཏེ་གློག་བརྙན་ལས་བོད་དེ་རྒྱ་གཞུང་གི་མདུན་དུ་གདོན་གཟུགས་སུ་བསྒྱུར་བ་པོ་རེད་ལ། ཁོ་རིགས་བརྒྱུད་ཁ་ཆེ་དང་འདྲེས་ཤིང་སྔོན་ཆད་ཞིག་ལ་སུད་སི་དང་ན་ནིང་cctvཚང་གིས་གཅར་འདྲི་དང་དུ་ལེན་སྐབས་༧གོང་ས་མཆོག་ལ་མཚན་སྨོད་བྱེད་མཁན་གྱི་གཏེ་བོ་དེ་རེད། དེས་གློག་བརྙན་ལ་བརྟེན་ནས་བོད་གདོན་འདྲེའི་རང་གཟུགས་སུ་བསྒྱར་ངེས་ཡིན།

    Reply
  2. Langdhar ma says:
    ལོ་ 17 སྔོན།

    ཁྲག་དོག་དང་འགྲན་སེམས་ཀྱིས་མ་བཟོད་པ་མི་ནག་མདུང་ཐུང༌།
    ངའི་དྲན་སོས་པ་ཞིག་ལ་སྔོན་ཆད་བོད་ཀྱི་དུས་དུས་བབ་ནང་མི་ནག་མདུང་ཐུང་གིས་གཡའ་དྭངས་སམ་ཡ་དུང་སྐོར་རྩོམ་ཡིག་རྒྱ་ཚོང་པ་ཟེར་བ་ཞིག་སྤེལ་མྱོང་ལ། ད་ལན་ཡང་དྲ་རྒྱའི་ཐོག་རྩོམ་ཡིག་མི་བདེན་བརྫུན་སྒྲིག་འཆལ་གཏམ་འདི་ལྟར་སྤེལ་ཡོད་པ་རེད། ངས་ཞིབ་དུ་དཔྱད་ཚེ་ཁོས་གཡའ་དྭངས་ལ་ཆེད་དུ་དམིགས་ནས་འཆལ་གཏམ་རྩོམ་ཡིག་འདི་ལྟར་སྤེལ་དགོས་པའི་རྒྱུ་མཚན་ཇི་ཡིན་མི་ཤེས་མོས། གང་ཡིན་ཟེར་ན་རྒྱ་གཞས་གཏོང་མཁས་གཡའ་དྭངས་ཙམ་མ་ཡིན་པར་མདོ་དབུས་ཁམས་གསུམ་ལ་རྒྱ་གཞས་གཏོང་མཁས་གཞས་པ་གང་མང་ཡོད་པ་ཀུན་གྱི་མཁྱེན་གསལ་རེད། ད་དུང་རིགས་གཅིག་གིས་བོད་པ་ཡིནའང་རྒྱ་གཞས་མ་གཏོགས་གཏོང་མི་ཤེས་པ་མ་ཟད། དེ་ཡང་ཚང་མ་གུང་ཁྲན་གཏང་ལ་སྟོད་གླུ་ཀྱང་ཀྱང་ཡིན་པས་ངས་རེ་རེ་བཞིན་མིང་འབྲི་དགོས་དོན་མེད།གང་ལྟར་གཡའ་དྭངས་ཀྱིས་རྒྱ་གཞས་བཏང་སྟེ་བོད་བསྟན་པ་ཆབ་སྲིད་དང་གསོལ་རྒྱུན་རིག་གནས་ལ་ཤན་ཤུགས་ཆེན་པོ་ཐེབས་ཀྱི་ཡོད་ན། བོད་རིགས་ཀྱི་ས་ཁུལ་ཁག་གཅིག་ལ་རྒྱ་ཡིག་རྒྱ་སྐད་མ་གཏོགས་བེད་སྤྱོད་མི་ཤེས་མཁན་ཡོད་པས། དེ་ཚོའི་ཐོག་ལ་མི་ནག་མདུང་ཐུང་གི་ནམ་ཡང་སེམས་ཁུར་བྱེད་མྱོང་ཡོད་དམ། སྤྱིར་བོད་རིགས་ཤིག་གིས་རྒྱ་གཞས་བླངས་ཏེ་རྒྱ་རིགས་དུང་ཕྱུར་བཅུ་གཅིག་ནང་སེར་གྱི་རྟགས་མ་བླངས་ཐུབ་པ་དེ་ང་ཚོའི་མི་རིགས་ཀྱི་གཟིགས་བརྗིད་ཞིག་ལ་ངོས་འཛིན་བྱེད་ཆོག་ལ། ང་ཚོའི་བོད་ཀྱི་གཏམ་དཔེ་ལ་དགྲ་ཕྱི་ལ་མེད་པ་ནང་ལ་དང༌། ལུག་ཨ་མོང་ར་ཅོ་ནང་ལ་ཟུག་ཟེར་བའི་ཁྱེད་རང་གི་རྩོམ་ཡིག་དཔེ་དེ་དང་མཚུངས། འབྱུང་འགྱུར་ཡང་གཡའ་དྭངས་ཀྱིས་གློག་བརྟན་འཁྲབ་སྟོན་བྱེད་ཚེ་དེ་བས་སྐད་གྲགས་ཆགས་རྒྱུ་ཡིན་པ་ཉག་གཅིག་རེད། སྐབས་དེ་དུས་ཁྱེད་རང་ཁྲག་དོག་དང་འགྲན་སེམས་ཀྱིས་བཟོད་པར་སེམས་ཁམས་ན་ཚ་ཅན་ཞིག་ཆགས་རྒྱུ་ཡིན་པ་ངས་ད་ལྟ་ད་ནས་མིག་ལམ་ལ་མཐོང་གི་འདུག
    བོད་ནང་གི་དྲྭ་རྒྱའི་ཐོན་པའི་གཡའ་དྭངས་སྐོར་གྱི་གནས་ཚུལ་ངོ་བཤུས་གཤམ་གསལ།

    ༄༅།། རིག་རྩལ་འཕྲིན་གྱི་ཕོ་ཉ།
    མིང་དུ་གྲགས་པའི་གླུ་བ་ཡ་ཏུང་གིས་སང་ལོ་གློག་བརྙན་གསར་པ་ཞིག་ཕབ་སྐྲུན་བྱ་རྒྱུ་རེད།

    དུས་ཚོད་།
    2009-04-07 09:28:42.0
    རྡེབ་ཚད།
    846

    ཡི་གེའི་ཆེ་ཆུང་། ༼ ཆེ། འབྲིང་། ཆུང་། ༽
    ཉེ་ལམ། བོད་ཀྱི་མིང་དུ་གྲགས་པའི་གླུ་བ་ཡ་ཏུང་ཁྲིན་ཏུའུ་གྲོང་ཁྱེར་ནས་བསྡུས་པའི་ཡུན་ནན་གྱི་མཛེས་ལྗོངས་ག་གེ་མོ་ཞིག་གི་ངོ་སྤྲོད་མཛད་སྒོའི་སྟེང་འབྱོར་ཡོད་ལ། སྐབས་དེའི་ཡ་ཏུང་གི་ཐོབ་ཐང་ནི་གླུ་བའི་ངོས་ཐད་ནས་མ་ཡིན་པར་གློག་བརྙན་འཁྲབ་སྟོན་པ་ཞིག་གི་ངོས་ཐད་ནས་རེབ་དེའི་མཛད་སྒོར་ཞུགས་པ་རེད། རྒྱུས་ལོན་བྱུང་པའི་གནས་ཚུལ་ལྟར་ན། མིག་སྔར་གླུ་བ་ཡ་ཏུང་གིས་བོད་ཀྱི་ན་གཞོན་ཕོ་མོའི་བརྩེ་དུང་གི་གཏམ་རྒྱུད་གློག་བརྙན་ཞིག་ཕབ་སྐྲུན་བྱེད་པར་གྲ་སྒྲིག་གང་ལེགས་བྱེད་བཞིན་པའི་སྒང་ཡིན་ལ། ཚོད་དཔག་བྱས་ན་ཕལ་ཆེར་སང་ལོ་གློག་བརྙན་དེ་ཕབ་སྐྲུན་བྱ་ཐུབ་རྒྱུ་རེད།
    ཡ་ཏུང་གིས་བཤད་རྒྱུར། ལོ་གཉིས་ཀྱི་ཡར་སྔོན་དུ་ཁོས་པེ་ཅིན་གློག་བརྙན་སློབ་གླིང་དུ་ཟབ་སྦྱོང་བྱེད་སྐབས་རང་ཉིད་ཀྱིས 《སྒྲོལ་མ》 ཞེས་པའི་འཁྲབ་གཞུང་ཞིག་བྲིས་པ་དང་དེའི་ནང་དོན་ནི་ལྷད་མེད་པའི་ཕོ་མོའི་བརྩེ་དུང་གི་གཏམ་རྒྱུད་ཡིན། ད་ལྟ་ངས་འཁྲབ་གཞུང་དེ་རྩོམ་པ་པོ་གྲགས་ཅན་རྒན་ཨ་ལེ་ལགས་ལ་སྤྲད་ནས་ཁོར་ཞུ་དག་བྱེད་དུ་འཇུག་རྩིས་ཡོད་ལ། གལ་ཏེ་འགལ་རྐྱེན་གཞན་མ་བྱུང་ཚེ་སང་ལོ་གློག་བརྙན་འཁྲབ་གཞུང་དེ་དངོས་སུ་ཕབ་སྐྲུན་བྱ་རྒྱུ་ཡིན་ཟེར། གླུ་དབྱངས་ཀྱི་ངོས་ཐད་ནས་ཡ་ཏུང་རང་གིས་རང་ཉིད་ཀྱི་མི་རིགས་ལེན་སྟངས་ལ་དུས་རབས་ཀྱི་མདུན་སྐྱོད་དང་འཚམ་པའི་ཐོད་བརྒལ་གསར་བ་མེད་པས་རྗེས་ཕྱོགས་གླུ་བའི་ཐོབ་ཐང་དེ་འདོར་རྩིས་ཡོད་ལ། རྗེས་ཕྱོགས་ངས་ད་དུང་རང་ཉིད་ཀྱི་ཆེད་སྒྲིག་བརྙན་འཁོར་ཞིག་གམ་ཡང་ན་རང་ཉིད་ཀྱི་གླུ་དབྱངས་ལེགས་བཏུས་ཤིག་འགྲེམ་སྤེལ་བྱས་རྗེས་རོལ་མོའི་སྒྱུ་རྩལ་གྱི་ལས་ཀ་འདི་དང་གཏན་དུ་ཁ་འབྲལ་རྒྱུ་ཡིན་ཟེར།

    རྩོམ་སྒྲིག་པ། ལ

    Reply
  3. དཀོན་མཆོག says:
    ལོ་ 17 སྔོན།

    དེ་འདྲ་ཡིན་ན། བཙན་བྱོལ་བོད་གཞུང་གི་དབྱིག་ཡིག་མ་གཏོགས་སོ་སོའི་སྐད་ཡིག་དེ་ཙམ་བཀོད་སྤྱོད་བྱེད་ཀྱི་མེད་པ་དེར་ཁྱེད་རང་རྣམ་རྟོགས་ཟ་ཡི་མི་འདུག་གམ།

    དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་༸གོང་ས་མཆོག་གི་དྲྭ་ཚིགས་དག་རྒྱ་ཡིག་དང་དབྱིན་ཡིག་མ་གཏོགས་བོད་ཡིག་ཐོག་ལ་བཟོས་མེད་པ་དེར་ཁྱེད་རང་རྣམ་རྟོགས་ཟ་ཡི་མི་འདུག་གམ།

    བཙན་བྱོལ་ནང་དུ་མཚར་ལོངས་བྱུང་བའི་གཞོན་སྐྱེས་དག་གིས་བོད་ཡིག་ཤེས་མཁན་ཕར་ཞོག་བོད་སྐད་ཀྱང་གཙང་མ་ཞིག་བཤད་མི་ཤེས་བའི་གནས་སྟངས་འདིར་ཁྱེད་རང་རྣམ་རྟོགས་ཟ་ཡི་མི་འདུག་གམ།
    བཙན་བྱོལ་སྤྱི་ཚོགས་ནང་གི་གླུ་བ་གླུ་མ་དག་གིས་དབྱིན་མ་བོད་གླུ་ལན་པ་དེ་ཚོར་ཁྱེད་རང་རྣམ་རྟོགས་ཟ་ཡི་མི་འདུག་གམ།

    Reply
  4. འཁྱམས་པོ། says:
    ལོ་ 17 སྔོན།

    ང་ཡང་མི་ནག་གི་བསམ་ཚུལ་ལ་མོས་མཐུན་ཡོད། གལ་སྲིད་བོད་ནང་གི་གླུ་བ་དང་གླུ་མ། གྲགས་ཅན་མི་སྣ་དག་གིས་རྒྱ་ཡིག་དང་རྒྱ་གླུ་འཚམས་འཇོག་ཞིག་བྱེད་ཐུབ་ན་དེ་ནི་རླབས་ཆེན་ནུས་ལྡན་གྱི་ལས་འགུལ་ཞིག་རེད་ལ་ངས་བསམ་ན་བོད་ནང་གི་བོད་པ་ཚོས་དེ་ལྟར་བྱེད་ཀྱང་ནུས་ལ་དེ་ལ་རྒྱ་གཞུང་ནས་ཡང་བཀག་འགོག་བྱེད་ཐབས་ཡོད་པ་མ་རེད་བསམ་གྱིན་འདུག ཡ་ཏུང་ལ་མཚོན་ན་བོད་ནང་གི་མི་སྣ་སྙན་གྲགས་ཆེ་ཤོས་ཀྱི་གྲས་རེད། སྤྱིར་བཏང་སྤྱི་ཚོགས་ཤིག་ལ་སྣེ་ཁྲིད་བྱེད་ན་མི་མང་མོས་ས་དང་དུངས་སའི་གྲགས་ཅན་མི་སྣ་དག་གིས་བྱེད་དགོས་པ་རེད། ང་ཡང་ཡ་ཏུང་དང་ཡ་ཏུང་གི་གླུ་ལ་དགའ། མ་ཟད་ངའི་གྲོགས་ཕོ་མོ་ཕྱི་གླིང་པ་ཚོས་གྲས་ནའང་ཡ་ཏུང་གི་གླུ་ལ་མོས་མཁན་འདུག་འོན་ཀྱང་ཡ་ཏུང་གི་རྒྱ་གླུ་ལས་ཁོ་ཚོ་ལ་རྣམ་རྟོགས་མང་པོ་ཞིག་སླངས་ཡོང་གིན་འདུག ཁོ་ཚོས་དྲི་བ་འགའི་ང་ལའང་མགོ་ན་བ་དང་ལན་མི་རྙེད་པ་རེ་བྱེད་ཅིན་འདུག དཔེ་མཚོན་ཙམ་ལ་ ཁོ་ཚོས་ཤོད་རྒྱུར་[གལ་སྲིད་ཡ་ཏུང་བོད་པ་ཡིན་ན་རྒྱ་གླུ་ལེན་དགོས་དོན་ཅི་རེད། ལྷག་པར་བོད་རྒྱའི་གནས་སྟངས་འདི་འདྲ་ཞིག་ལ་ ཕལ་ཆེར་ཡ་ཏུང་ཞེས་པ་དེར་བོད་པའི་ལ་རྒྱ་ཡོད་ས་མ་རེད་]སོགས་ལྟ་བུ་རེད།

    Reply
  5. དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    མི་ནག་མདུང་ཐུང་ལགས་ཁྱེད་རང་སྐྱག་རྫུན་དེ་འདྲ་དོན་ཅི་ཡིན་ནམ།
    གསར་འགྱུར་དེ་ཐོག་མ་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་དྲྭ་ཐོག་ལ་སྤེལ་ཡོད་རེད།
    ཁྱེད་རང་གིས་བོད་ཀྱི་དུས་བབ་དྲྭ་ཚིགས་ཐོག་ལ་སྐྱག་རྫུན་གྱི་འཁྲབ་སྟོན་ཆུང་ངུ་ཞིག་བྱེད་དགོས་དྲན་གྱི་འདུག་གམ།
    འདིར་གཟིགས་རོགས། http://www.qhtb.cn/yule/view.jsp?id=3006

    Reply
  6. དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    ཉེ་ལམ། བོད་ཀྱི་མིང་དུ་གྲགས་པའི་གླུ་བ་ཡ་ཏུང་ཁྲིན་ཏུའུ་གྲོང་ཁྱེར་ནས་བསྡུས་པའི་ཡུན་ནན་གྱི་མཛེས་ལྗོངས་ག་གེ་མོ་ཞིག་གི་ངོ་སྤྲོད་མཛད་སྒོའི་སྟེང་འབྱོར་ཡོད་ལ། སྐབས་དེའི་ཡ་ཏུང་གི་ཐོབ་ཐང་ནི་གླུ་བའི་ངོས་ཐད་ནས་མ་ཡིན་པར་གློག་བརྙན་འཁྲབ་སྟོན་པ་ཞིག་གི་ངོས་ཐད་ནས་རེབ་དེའི་མཛད་སྒོར་ཞུགས་པ་རེད། རྒྱུས་ལོན་བྱུང་པའི་གནས་ཚུལ་ལྟར་ན། མིག་སྔར་གླུ་བ་ཡ་ཏུང་གིས་བོད་ཀྱི་ན་གཞོན་ཕོ་མོའི་བརྩེ་དུང་གི་གཏམ་རྒྱུད་གློག་བརྙན་ཞིག་ཕབ་སྐྲུན་བྱེད་པར་གྲ་སྒྲིག་གང་ལེགས་བྱེད་བཞིན་པའི་སྒང་ཡིན་ལ། ཚོད་དཔག་བྱས་ན་ཕལ་ཆེར་སང་ལོ་གློག་བརྙན་དེ་ཕབ་སྐྲུན་བྱ་ཐུབ་རྒྱུ་རེད།
    ཡ་ཏུང་གིས་བཤད་རྒྱུར། ལོ་གཉིས་ཀྱི་ཡར་སྔོན་དུ་ཁོས་པེ་ཅིན་གློག་བརྙན་སློབ་གླིང་དུ་ཟབ་སྦྱོང་བྱེད་སྐབས་རང་ཉིད་ཀྱིས《སྒྲོལ་མ》ཞེས་པའི་འཁྲབ་གཞུང་ཞིག་བྲིས་པ་དང་དེའི་ནང་དོན་ནི་ལྷད་མེད་པའི་ཕོ་མོའི་བརྩེ་དུང་གི་གཏམ་རྒྱུད་ཡིན། ད་ལྟ་ངས་འཁྲབ་གཞུང་དེ་རྩོམ་པ་པོ་གྲགས་ཅན་རྒན་ཨ་ལེ་ལགས་ལ་སྤྲད་ནས་ཁོར་ཞུ་དག་བྱེད་དུ་འཇུག་རྩིས་ཡོད་ལ། གལ་ཏེ་འགལ་རྐྱེན་གཞན་མ་བྱུང་ཚེ་སང་ལོ་གློག་བརྙན་འཁྲབ་གཞུང་དེ་དངོས་སུ་ཕབ་སྐྲུན་བྱ་རྒྱུ་ཡིན་ཟེར། གླུ་དབྱངས་ཀྱི་ངོས་ཐད་ནས་ཡ་ཏུང་རང་གིས་རང་ཉིད་ཀྱི་མི་རིགས་ལེན་སྟངས་ལ་དུས་རབས་ཀྱི་མདུན་སྐྱོད་དང་འཚམ་པའི་ཐོད་བརྒལ་གསར་བ་མེད་པས་རྗེས་ཕྱོགས་གླུ་བའི་ཐོབ་ཐང་དེ་འདོར་རྩིས་ཡོད་ལ། རྗེས་ཕྱོགས་ངས་ད་དུང་རང་ཉིད་ཀྱི་ཆེད་སྒྲིག་བརྙན་འཁོར་ཞིག་གམ་ཡང་ན་རང་ཉིད་ཀྱི་གླུ་དབྱངས་ལེགས་བཏུས་ཤིག་འགྲེམ་སྤེལ་བྱས་རྗེས་རོལ་མོའི་སྒྱུ་རྩལ་གྱི་ལས་ཀ་འདི་དང་གཏན་དུ་ཁ་འབྲལ་རྒྱུ་ཡིན་ཟེར།

    Reply
  7. དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    སྐྱག་རྫུན། སྐྱག་རྫུན། སྐྱག་རྫུན། སྐྱག་རྫུན། སྐྱག་རྫུན། སྐྱག་རྫུན་རང་རེད། མི་ནག་མདུང་ཐུང་གིས་སྐྱག་རྫུན་རོ་འདྲ་བཤད་འདུག
    གཟིགས་དང་། ཡར་དུང་གིས་གསར་འགོད་པར་ཅི་ཞིག་གསུངས་ཡོད་པ་བཤམ་དུ་བཀོད་ཡོད། མི་ནག་མདུང་ཐུང་ཟེར་བ་དེས་སྐྱག་རྫུན་བཤད་དོན་གང་ཡིན་ནམ།

    Reply
  8. ཟུར་མཐོང། says:
    ལོ་ 17 སྔོན།

    ད་ཚང་མས་ཤེས་སོང་ང། མི་སུ་འདྲ་ཞིག་ཡིན་ཀྱང་ཁོ་རིག་གཞུང་གང་འདྲ་ཞིག་གིས་བསྐྱངས་ཡོད་ན། ད་གཟོད་ཁོ་རང་དེའི་གཅེས་ཕྲུག་ཆགས་ཚར་བ་རེད། རང་ཉིད་གང་ལ་དགའ་ཞིང་མཁས་པའི་རིག་གཞུང་དེ་ལས་གང་ཡང་ཆ་རྒྱུས་མེད་པའི་རིག་གཞུང་ཞིག་ལ་དགའ་དགོས་ཤེ་ན་དངོས་ནས་དགོད་བྲོ་བ་ཞིག་ཡིན་ངེས།

    སྔོན་མ་དབྱིན་ཇིའི་དགེ་རྒན་བོད་པ་ཞིག་གིས་བོད་རིགས་སློབ་ཕྲུག་རྣམས་ལ་འདི་ལྟར་བརྗོད་པ་རེད། ”ལྟོས་དཱ། དབྱིན་ཇིའི་སྐད་ཆ་རེ་རེ་ལ་འདི་ལྟར་སྒྱུལ་རྩལ་དང། གནད་ལ་ཕུགས་པ། དངོས་ཤུགས་ཀྱི་གོ་བ་གཏིང་ཟབ་ལྡན་པ་སོགས་ཁྱད་ཆོས་མང་པོ་ཡོད་པ་རེད། བོད་པའི་སྐད་ཡིག་ལ་ལྟོས་དཱ། རྩོམ་ཞིག་བྲིས་ཟེར་ན། ལམ་སང་—–ཨེ་མ་—–ཞེས་དང། སྤྱིར་འཛམ་བུ་གླིང་ན་མི་ཚང་མར་ཕ་མ་ཡོད་པ་རེད། ཅེས་པ་ལྟར་བྲོ་བ་གང་ཡང་མི་འདུག” གོང་གི་དབྱིན་དགེ་དེ་བོད་པའི་རིགས་ཞེན་ལྡན་པ་ཞིག་ཡིན་ནའང། རིག་གཞུང་གི་ཆ་ནས་བརྗོད་ན་ཁོས་སེམས་ཀྱི་དགའ་མ་ནི་དབྱིན་ཇི་ཆགས་ཚར་བ་རེད། སྐད་ཡིག་འཐུས་ཤོར་ཕྱིན་ཚར་ན་ཕྱིར་ཡོང་མེད་པ་རེད།
    ད་བཤད་ནས་མི་འདུག་པར། ང་ཚོས་མི་རབས་ཕྱི་མ་རྣམས་བོད་ཚད་ལྡན་ཞིག་བསྐྲུལ་བར་འབད་ཐུབ་ན། ཡ་དུང་གི་བོད་གཞས་ལེན་པ་དང་རྒྱ་ལ་དགའ་བ་ལྟ་བུའི་དཀའ་ངལ་དེ་སེལ་ཐུབ་ངེས་རེད་སྙམ།

    Reply
  9. གནས་ཚང་། says:
    ལོ་ 17 སྔོན།

    ངས་བལྟས་ན། ཐག་གཅོད་འདི་དག་ཡ་ཏུང་རང་ཉིད་ཀྱི་དབང་ཚད་རེད་ལ། གཞན་མིར་ལབ་ཡ་ཞེ་དྲག་ལྷག་གི་ཡོད་པ་མ་རེད། དཔེར་ན། རང་བཙན་ནས་ཆེས་མཐོ་རང་སྐྱོང་། ཆེས་མཐོ་རང་སྐྱོང་ནས་རང་སྐྱོང་དཀྱུས་མར་མར་བབས་ཆོག་གི་ཡོད་ན། བོད་མི་སྒེར་བ་ཞིག་གིས་ག་རེའང་བྱེད་ཆོག་འོས་པ་ཞིག་རེད། དེ་འདྲ་ཞིག་རེད་དམ།

    Reply
  10. གསེར་སྐྱབས says:
    ལོ་ 17 སྔོན།

    མི་ནག་མདུང་ཐུང་ལགས ། ཡ་དུང་གིས་རྒྱ་གཞས་ཐར་ཐོར་རེ་བླངས་བ་ཙམ་གྱི་བོད་ཀྱི་སྲིད་དོན་ལ་གནོད་དགོས་རྒྱུ་མཚན་གང་ཡིན་ནམ ། འོ་ན་བོད་ཡུལ་དུ་བོད་རིགས་གཞོན་སྐྱེས་ཚོ་རྒྱའི་སློབ་གྲྭ་ལས་འགྲོ་ས་མེད་ལ་རྒྱའི་སྐད་ཡིག་ལས་རང་མི་རིགས་ཀྱི་སྐད་ཡིག་དེང་སྐབས་བེད་མེད་ལྟ་བུར་གྱུར་ཡོད་པ་འདི་ལ་ང་ཚོས་ཅི་ལྟར་བཤད ། ངས་ལྟོས་ན་འདི་ནི་ཕལ་ཆེར་ཁོར་ཡུག་གིས་བཟོས་བའི་ཉེར་ལེན་གང་ཟག་སྒེར་ལན་པ་འེ་ཡིན་ནམ ། ང་ཚོ་རང་དབང་ལུང་པའི་ནང་དུ་བསྡད་ཡོད་རུང་སོ་སོའི་རིག་གཞུང་ལ་བདག་པོ་རྒྱག་མ་ཐུབ་པའི་ཞན་ཆ་ཡོང་བཞིན་ཡོད་པ་ཁྱོད་ཀྱིས་ཀྱང་མཐོང་ལོས་ཡོད ། དེང་སྐབས་བཙན་བྱོལ་ནང་དུ་མཚར་ལོངས་བྱུང་བའི་གཞོན་སྐྱེས་དག་ལ་མཚོན་ན་བོད་ཡིག་རང་རྐྱ་འཕེར་བ་ཞིག་ཕར་ཞོག་བོད་སྐད་ཀྱང་གཙང་མ་ཞིག་བཤད་མི་ཤེས་བའི་གནས་སྟངས་འདི་ལ་བསམ་གཞིགས་རེ་བྱས་ན་འདི་ནི་ཁོར་ཡུག་གིས་བཟོས་བའི་སྐྱོན་ཞིག་ལས་གང་ཟག་སྒེར་ངོས་ནས་བཟོས་བ་ཞིག་ལ་ང་ཚོས་དུས་ནམ་ཡང་ངེས་ལེན་བྱེད་ཐབས་མེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese