མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་གཙོས་ཧུའུ་ཅིན་ཐའོ་ལ་བསྐུར་བའི་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་མཚན་ཐོག་ལ་ཡི་གེ་ཞིག་བཏང་སྟེ། པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡིན་མིན་གསལ་བོ་བཟོ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ཚོགས་གཙོའི་ཡི་གེ་དེ་དབྱིན་ཡིག་ནས་བོད་བསྒྱུར་གྱིས་གཤམ་དུ་བཀོད་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་ཅིན་ཐའོ་གང་གི་དྲུང་དུ་ཞུ་གསོལ།

གསར་འགྱུར་བརྒྱུད་ལམ་ཁག་ཅིག་ལྟར་ན། ཉི་ཧོང་གི་གསར་འགོད་པ་ Yoichi Shimatsu ཞུ་བ་ཞིག་གིས་པེ་ཅིན་གྱི་ཆིན་ཧྭ་གཙུག་སློབ་ཆེན་དུ་ཚོགས་འདུ་ཞིག་གི་སྟེང་ནས་པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་སྐྲན་ནད་ཅིག་གི་དབང་གིས་ལོ་འགའི་ཡར་སྔོན་ནས་འདས་གྲོངས་སུ་ཕྱིན་ཚུལ་བཤད་པ་རེད་ཟེར། འདི་ནི་ཁྱེད་ཀྱི་སྲིད་གཞུང་གིས་པན་ཆེན་ཆུང་སྲིད་མཆོག་བདེ་ཐང་ཡིན་པར་བཤད་པའི་ལངས་ཕྱོགས་དང་རྩ་འགལ་དུ་གྱུར་ཡོད།

བོད་མི་ཚང་མས་གནས་ཚུལ་འདི་བདེན་མིན་གྱི་ཐད་བློ་འཚབ་དང་དངངས་སྐྲག་ཚད་ལས་འདས་པ་ཞིག་བྱེད་ཀྱིན་ཡོད་པ་རེད། དེར་བརྟེན་སྐུ་ཉིད་ནས་པན་ཆེན་ཆུང་སྲིད་མཆོག་དོན་དངོས་ཐོག་སྐུ་འཚོ་བཞུགས་གནང་ཡོད་མེད་འཛམ་གླིང་མི་དམངས་ལ་གསལ་བོ་བཟོ་དགོས་པ་དང་། གལ་སྲིད་ཆུང་སྲིད་མཆོག་སྐུ་འཚོ་བཞུགས་ཡིན་པ་བདེན་ཚེ་ཁོང་གི་བདེ་སྡུག་གནས་ཚུལ་དང་བཞུགས་གནས་གང་ཡིན་བཅས་ཞིབ་ཆའི་སྒོ་ནས་ཡོངས་བསྒྲག་གནང་བའི་འབོད་སྐུལ་ཞུ་གིན་ཡོད། ང་ཚོས་ད་དུང་པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གདན་ས་བཀྲ་ཤིས་ལྷུན་པོའི་གསེར་ཁྲིར་མངའ་གསོལ་དང་གོང་མིའི་རྣམ་ཐར་བདག་གིར་སྐྱོང་རྒྱུའི་མཐུན་རྐྱེན་བསྐྲུན་རྒྱུའི་གཞེན་སྐུལ་ཞུ་གིན་ཡོད།

ཚོགས་གཙོ་སྤེན་པ་ཚེ་རིང་གིས།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 21

  1. དམུ་དགེ་རབ་དགའ། says:
    ལོ་ 17 སྔོན།

    པན་ཆེན་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་སྨོན།།

    Reply
  2. བདེ་འབྱུང་ says:
    ལོ་ 17 སྔོན།

    སྤྱི་འཐུས་སྨོན་ལམ་མཐར་ཕྱིན་འདི་ནམ་ཡིན་ཡང་མི་འཇོན་ཐང་ཅན་རིགས་འབུར་འཇོམས་བྱེད་པར་དགའ་མཁན་ཞིག་ཡིན་པ་འདྲ། འདི་འདྲ་བ་ད་དུང་སྤྱི་འཐུས་ནང་མང་པོ་ཡོད་ན།

    Reply
  3. སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    གོང་དུ་བགྲོ་གླེང་བ་ཞིག་གིས་ཚོགས་གཙོ་སྒེར་ངོས་ནས་ཕྱག་འཕྲིན་དེ་བསྐུར་སྐོར་བཤད་པ་ལ་བརྟེན་དངོས་དོན་གསལ་བཤད་བྱས་པ་ཙམ་ལས་ངོ་སོ་ངོམ་པ་སོགས་གང་ཡང་མིན། ད་དུང་འཕྲིན་ཡིག་འདིའི་ངོ་བཤུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་སྡེ་ཚན་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་ཕུལ་ནས་རེ་འབོད་དང༌། ཞབས་སྐུལ་ཞུ་བཞིན་ཡོད།

    Reply
  4. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    སྤྱི་སྒར་གཉིས་གང་ནས་བཏང་ཀྱང་རུང་དངོས་གནས་ཀྱི་སྤྱི་དོན་ལ་ཕན་སོང་ན་འགྲིག་ནི་རེད་

    Reply
  5. རུ་དམ་ལུང་གི་བུ། says:
    ལོ་ 17 སྔོན།

    ནོར་བཅོས། དྲ་གྲོགས

    Reply
  6. རུ་དམ་ལུང་གི་བུ། says:
    ལོ་ 17 སྔོན།

    སྤྱིར་རང་བཙན་ཐོབ་དུས་གཞི་བྱེས་གཉིས་ཀྱི་ལས་བྱེད་པ་རྣམས་ཀྱིས་ལས་གནས་ཐོབ་ཐང་ལ་རྩོད་པ་སོགས་བྱེད་ཨེ་ཡོང་ན། གྲྭ་གྲོགས་ཚོ་དགོངས་འཆར་རེ་གསུང་དང་།

    Reply
  7. རུ་དམ་ལུང་གི་བུ། says:
    ལོ་ 17 སྔོན།

    དངོས་གནས་བདེན་པ་རེད་ཨརྱ་ཡིས་གསུངས་བ་བདེན་པ་རེད། དཔོན་དང་དཔོན་པོ འབངས་དང་འབངས་མི། དཔོན་འབངས་གཉིས་ཀ ནང་འཁྲུགས་དང་ཕྲག་དོགས་སོགས་མེད་པར་སྨོན།

    Reply
  8. ཨརྱ། says:
    ལོ་ 17 སྔོན།

    སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱིས་༼དྲ་གྲོགས་ལྷན་རྒྱས་ནས་མཁྱེན་རྟོགས་དགོས་རྒྱུར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མཚན་ཐོག་ནས་རྒྱ་ནག་གི་སྲིད་འཛིན་གྱི་མིང་ཐོག་ཏུ་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་འབྲེལ་བའི་ཕྱག་བྲིས་གནང་བ་དེ་ནི་སྤྱི་འཐུས་རྒྱུན་ལསཀྱིསགོབསྡུར་ཐག་གཅོད་གནང་བ་ལྟར་ཚོགས་གཙོའི་མཚན་ཐོག་ནས་བསྩལ་གནང་མཛད་པ་ཞིག་ལས་ཚོགས་གཙོ་མཆོག་སྒེར་ངོས་ནས་བཏང་གནང་བ་ཞིག་མ་རེད།༽ཅེས་འདི་ལྟར་གསལ་འགྲེལ་བྱེད་དགོས་དོན་ཅི་རེད། ཁྱེད་ཅག་གིས་ནམ་ཡིན་རུང་རྒྱལ་ཁ་ཅུང་ཙམ་རེ་དང་བྱས་པ་ངོ་སོ་ཅན་ཅུང་ཙམ་རེ་ཡོད་དུས་དེ་ནང་རྩོད་བརྒྱབ་ནས་ཉི་མ་ཕུད་ཐབས་བྱས་ནས་སྡོད་རྒྱུ་ཡིན་ནམ། སྤྱིར་ལས་འགུལ་འདི་ཡག་ཙམ་འདུག་ཀྱང་དེ་ཙམ་གྱིས་ནུས་པ་ཅི་ཡང་ཐོན་མི་སྲིད་པས་ད་དུང་རྒྱལ་ཁབ་སོ་སོ་དང་རང་དབང་ཅན་གྱི་ཚོགས་སྡེ་སོ་སོ་ལའང་འདི་ལྟར་རེ་བའི་ཞུ་སྐུལ་དང་རང་ངོས་ནས་ཀྱང་སྤམ་ཤོར་ནས་མི་སྡོད་པར་སྙིང་སྟོབས་དང་རྣམ་དཔྱོད་གཅིགའགྲིལ་བྱས་ཏེ་གསོན་ཤུགས་ཅན་གྱི་ལས་འགུལ་སྤེལ་རྒྱུ་ཁ་ཚ་དགོས་གཏུག་རེད་འདོད་ལ་དེ་ལྟར་དུས་ཐོག་ཏུ་གནང་རྒྱུར་བདག་ཀྱང་བོད་ཀྱི་སྤྱི་འབངས་ཞིག་ཡིན་པའི་ཆ་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་ཆེས་མཐོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་རེ་སྐུལ་སྙིང་ནས་ཞུ་རྒྱུ།

    Reply
  9. བདེ་ཆེན་སྒྲོལ་མ། says:
    ལོ་ 17 སྔོན།

    ཚོགས་གཙོ་ཡིན་ན་ཚོགས་གཙོ་ཡིན། རྒྱུན་ལས་ཡིན་ན་རྒྱུན་ལས་ཡིན། སུས་འཇོན་ན་འུ་ཚང་རེད། ཚོགས་གཙོ་དང་རྒྱུན་ལས་ཚང་མར་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ།

    Reply
  10. བཙན་པོ། says:
    ལོ་ 17 སྔོན།

    http://www.youtube.com/watch?v=td1bBPaTa-s&NR=1
    འདི་ལ་གཟིགས་ཀྱང་ཆོག

    Reply
  11. བཙན་པོ། says:
    ལོ་ 17 སྔོན།

    http://www.youtube.com/watch?v=Kmv3JL5m_PQ
    འདི་ལ་གཟིགས་རོགས།

    Reply
  12. སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    དྲ་གྲོགས་ལྷན་རྒྱས་ནས་མཁྱེན་རྟོགས་དགོས་རྒྱུར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མཚན་ཐོག་ནས་རྒྱ་ནག་གི་སྲིད་འཛིན་གྱི་མིང་ཐོག་ཏུ་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་འབྲེལ་བའི་ཕྱག་བྲིས་གནང་བ་དེ་ནི་སྤྱི་འཐུས་རྒྱུན་ལས་ཀྱིས་གོ་བསྡུར་ཐག་གཅོད་གནང་བ་ལྟར་ཚོགས་གཙོའི་མཚན་ཐོག་ནས་བསྩལ་གནང་མཛད་པ་ཞིག་ལས་ཚོགས་གཙོ་མཆོག་སྒེར་ངོས་ནས་བཏང་གནང་བ་ཞིག་མ་རེད།

    Reply
  13. དོམ་ནག་སྨྱོན་པ། says:
    ལོ་ 17 སྔོན།

    སྤྱི་ཚོགས་གཙོ་ལགས་ཀྱི་འཕྲིན་ཐུང་བ་དེ་དུས་ལ་འཁེལ་བ་ཞིག་ཡིན་ཡང་དེ་ཙམ་གྱིས་ཕན་ཐོགས་ཆེན་ཡོང་མི་སྲིད། རྒྱ་ནག་ལ་བཙན་གྱིས་ལན་བཏབ་དུ་འཇུག་དགོས་པ་ལས་རེ་འདུན་ཞུ་བ་ཙམ་ལ་འབྲས་བུ་ཞིག་ཡོང་རྒྱུ་ཧ་ཅང་དཀའ།

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    འཕྲིན་ཡིག་དེ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱི་མཚན་ཐོག་ནས་བཏང་བ་རེད། ཡིན་ཡང་། འདི་ནི་ད་ཡོད་སྤྱི་འཐུས་རྒྱུན་ལས་རྣམས་ཐུན་མོང་གི་ཐག་གཅོད་ཡིན་ངེས་པས། ཚོགས་གཙོ་སྒེར་ངོས་ནས་བཏང་བ་ཞིག་ལ་ངོས་འཛིན་མི་རུང་བར་འདོད།

    Reply
  15. བསོད་དེ། says:
    ལོ་ 17 སྔོན།

    ༄༅།། བཀུར་འོས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་བཅས་ཞུ་དོན། སྐུ་ཉིད་ཀྱིས་ཐུགས་ཁུར་ཆེར་བཞེས་ཀྱིས་བདག་ཅག་སྐྱེ་འགྲོ་ཀུན་གྱི་སྤྱི་བོའི་གཙུག་རྒྱན་དུ་བསྔགས་པའི་པན་ཆེན་ཆུང་སྲིད་རིན་པོ་ཆེའི་སྐུ་ཕྱྭའི་ཐད་རྒྱ་ནག་སྲིད་གཞུང་ལ་ཚོགས་གཙོ་སྒེར་ངོས་ནས་ཕྱག་འཕྲིན་དེ་བསྐུར་བར་སྙིང་དག་པ་ནས་བཀའ་དྲིན་བླ་མེད་ཆེ་ཞུ། སྤྱིར་བྱ་བ་གང་ཞིག་བྱས་རྗེས་གྲུབ་འབྲས་ཞིག་ཡོད་མི་སྲིད་པ་གཏད་ནས་མིན་ཡང༌། ང་ཚོའི་ཁ་གཏད་དུ་ལངས་པའི་སྲིད་གཞུང་འདི་ནི་རྒྱ་ནག་དམར་པོའི་སྲིད་གཞུང་སྟེ། ངོ་ཚ་དང་ཁྲེལ་གཞུང་བྲལ་བའི་སྲིད་གཞུང་ཞིག་ཡིན་དུས། ལས་འབྲས་ལ་བརྩི་བཀུར་མི་བྱེད། དྲང་བདེན་ལ་ངོ་ཡ་མི་བྱེད། གཞན་ལ་སྙིང་མི་རྗེ། དམངས་ལ་ཤ་མི་ཚ། གྲོགས་ལ་བློ་མི་གཏད། གང་ལྟར་བཤད་ཚད་ཚང་མ་རྫུན། བྱས་ཚད་ཚང་མ་འཚེ་བ་ཁོ་ན་ལས་མེད་པའི་སྲིད་གཞུང་འདིའི་འོག་ནས་སྐུ་ཉིད་ཀྱི་ཕྱག་འཕྲིན་དེར་གྲུབ་འབྲས་ཤིག་འོང་དཀའ་ཡང༌། འདི་ནི་ང་ཚོ་བོད་མི་ཡོངས་རེ་འདུན་མཚོན་པའི་ཕྱག་འཕྲིན་ཞིག་ཡིན་དུས། གང་ལྟར་ང་ཚོས་ངོས་ནས་སྐུ་ཉིད་ཀྱི་གོམས་སྟབས་གསར་བ་འདིར་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད། ད་དུང་འདི་བཞིན་ཕྱོགས་གང་ཐད་ནས་ལས་འགུལ་འདྲ་མིན་སྣ་ཚོགས་ཤིག་སྤེལ་བར་ང་ཚོས་རེ་སྒུག་བྱས་ཡོད། རྔ་བ་བསོད་དེས་གུས་འདུད་དང་བཅས།

    Reply
  16. ཕྲེང་ཟུར་དོན་གྲུབ་ཆོས་འཕེལ། says:
    ལོ་ 17 སྔོན།

    ཚོགས་གཙོ་མཆོག་ལ་བཀྲིན་ཆེ་ཞུ། ནུས་པ་ཐོན་དང་མ་ཐོན་ཚོགས་གཙོ་མཆོག་གི་ཕྱག་ལ་མེད། གནང་སྟངས་དེ་ནུས་པ་ཞིག་རེད།

    Reply
  17. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    ཚོགས་གཙོ་མཆོག་གིས་འཕྲིན་བཏང་བ་ཡག་པོ་འདུག ནུས་པ་ཐོན་མིན་མི་ཤེས་ཀྱང་གོམ་པ་གསར་བ་ཞིག་སྤོས་པ་ཧ་ཅང་གི་བཟང་ངོ་།

    Reply
  18. མིག་གསུམ་པ། says:
    ལོ་ 17 སྔོན།

    སྤྱིར་ཚོགས་གཙོའི་རང་བབ་ཀྱི་འགན་ཞིག་བླངས་བར་བོད་མི་ཡོང་ནས་ངོ་སོ་ཞིག་ལོས་ཡོད་ཀྱང་། དགྱ་ནག་གིས་ང་ཚོར་བཟུང་བའི་ལྟ་ཚུལ་འོག་ཚོགས་གཙོའི་འཕྲིན་ཐུང་འདིའི་དངོས་ཤུགས་གང་དུ་ཡང་རེ་བསྐུལ་ཙམ་ལས་མེད་པས་དེ་ཙམ་ཀྱིས་ནུས་པ་ཞིག་ཐོན་རྒྱུ་མ་རེད་སྙམ། མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་མཚན་ཐོག་ནས་ཧུའུ་གཅིན་འཐུང་ལ་ཚ་འདྲི་ཞིག་བྱེད་ཐུབ་རྒྱུ་ན་ཏན་ཏན་ང་ཚོར་ཉན་རྒྱུ་ཞིག་ཡོད་ཡོང་གི་རེད།

    Reply
  19. ཨ་བྱམས་རྒྱལ says:
    ལོ་ 17 སྔོན།

    ཚོགས་གཙོ་རིན་པོ་ཆེ་ལགས། ཐུགས་རྗེ།

    Reply
  20. བསེ་རུ། says:
    ལོ་ 17 སྔོན།

    ཚོགས་གཙོ་མཆོག་གིས་སྲིད་འཛིན་གྱི་མཚན་ཐོག་ལ་འཕྲིན་ཡིག་བསྐུར་གནང་བ་དུས་བབ་དང་མཐུན་པའི་དགོས་གལ་ཆེ་བའི་གནད་དོན་ཞིག་ཡིན་ན་ཡང་།
    དེའི་ཐོག་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་བརྡ་ལན་གསལ་པོ་དགོས་པའི་ལས་འགུལ་ཞིག་སྤེལ་ན་མ་གཏོགས། རྒྱ་གཞུང་གིས་དོན་ཕན་ལྡན་པའི་ལན་འདེབས་རྒྱག་མི་སྲིད།
    ད་བར་ང་ཚོས་ལས་འགུལ་རབ་དང་རིམ་པ་སྤེལ་ཡང་ཁོང་གི་གནས་སྟངས་ཇི་འདྲ་ཡིན་མིན་ལྟ་ཞོག ཁོང་གི་ཆེས་ཐོག་མའི་སྐུ་པར་དེ་མ་གཏོགས་དེང་སྐབས་ཀྱི་སྐུ་པར་ཚུན་ནས་རག་གི་མེད་པ་དེ་ཅི་འདྲའི་ཡིད་སྐྱོ་དགོས་པ་ཞིག་དང་། རྒྱ་གཞུང་གི་སྲིད་བྱུས་ཀྱི་བཀག་རྒྱ་བཙན་པོ་དེའི་རང་བཞིན་ཡང་ཟུར་བལྟས་ལེབ་མཐོང་དུ་གྱུར་པ་ཞིག་མ་ཡིན་ནམ།

    Reply
  21. བདེ་ཆེན་སྒྲོལ་མ། says:
    ལོ་ 17 སྔོན།

    ཚོགས་གཙོ་གསར་བ་རིག་བཟང་གི་བུ་རེ་བ་ཅན་ཞིག་ཡིན་པ་འདྲ། ཚོགས་གཙོ་རྙིང་པ་དེ་ཆང་འཐུང་ར་བཟི་ཞིག་ཡིན་པ་གོ་རྒྱུ་མང་གི།
    ཚོགས་གཙོ་རིན་པོ་ཆེ། ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese