མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་ཁ་གཏད་གཅོག་པ།

བོད་ཀྱི་དུས་བབ།
༢༠༠༩/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཡིག་འདི་ནི་རྒྱ་གར་དབུས་གཞུང་གི་ཆབ་སྲིད་ཉམས་ཞིབ་པ་མཁས་དབང་སྦ་ར་མ་ཆ་ལ་ནི་༼ Brahma Chellaney ༽མཆོག་གིས་བརྩམས་ཤིང་། ཕྱི་ཟླ་ ༣ པའི་ཚེས་ ༣༡ ཉིན་རྒྱ་གར་དུས་བབ་ཀྱི་ཚགས་ཤོག་ནང་དུ་བཏོན།

བོད་བསྒྱུར་མཁན།  བཀྲ་ལྷ་ཉི་མ་རྡོ་རྗེ།

བཙན་བྱོལ་ལ་ཕེབས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དྲན་གསོའི་ཉིན་དེར་ཏཱ་ལའི་བླ་མ་མཆོག་ནི་རྒྱ་ནག་གཞུང་ལ་སྔར་ལས་ལྷག་པའི་འགལ་རྐྱེན་ཆེན་པོ་ཞིག་ཏུ་གྱུར་ཡོད། ཉེ་བའི་ཆར་པེ་ཅིང་གཞུང་ནས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་འགུལ་རྒྱ་ཆེར་རྩོམ་བཞིན་ཡོད་པ་དང༌། བོད་ཀྱི་གནད་དོན་དེ་༼འཆི་གསོན་གྱི་འཐབ་རྩོད་༽ཞིག་ནང་ཚུད་ཡོད་པའི་ངོས་ལེན་བྱེད་ཀྱིན་ཡོད།  སྤྱི་ལོ་ ༡༩༥༩ ལོའི་ཟླ་ ༣ པའི་ཚེས་ ༣༠ ཉིན། དགུང་ལོ་ཉེར་བཞིར་སོན་པའི་ཏཱ་ལའི་བླ་མ་མཆོག་རྫུན་ཆས་སྤྲས་ནས་བོད་ཀྱི་མཐོ་སྒང་བརྒྱུད་དེ། ཉིན་ ༡༣ རིང་ངལ་དུབ་ཆེ་བའི་གོམ་བགྲོད་བཅད་དེ་འཕགས་བོད་ས་མཚམས་བརྒལ་ནས་རྒྱ་གར་དུ་བདེ་འབྱོར་བྱུང༌།  ཁོང་བྲོས་བྱོལ་དུ་ཕེབས་ཚུལ་དེ་རྒྱ་ཆེའི་མི་མང་གིས་ཉིན་གཅིག་གི་རྗེས་སུ་མ་གཏོགས་ཤེས་ཚོར་མ་བྱུང༌། དུས་དེ་ནས་བཟུང༌། ཁོང་ནི་དེང་རབས་འཛམ་གླིང་ལོ་རྒྱུས་ནང་དུས་ཡུན་རིང་ཤོས་དང་སྟོབས་ཤུགས་ཆེ་ཤོས་ཀྱི་འགོག་རྒོལ་འཐབ་རྩོད་ལས་འགུལ་གྱི་མཚོན་དོན་ཞིག་ཏུ་གྱུར་ཡོད།

ཧང་སང་མི་དགོས་པ་ཞིག་སྟེ། ད་ཆ་མིག་དཔེར་འོས་པའི་ཏཱ་ལའི་བླ་མ་མཆོག་ནི་རྒྱ་ནག་གཞུང་གིས་དགྲ་བོ་དྭངས་མ་ཞིག་ལ་ངོས་འཛིན་གྱི་ཡོད་པ་དང་རྒྱ་ནག་མི་དམངས་ངོས་ནས་ཏཱ་ལའི་བླ་མ་ཁོང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་བཞིན་གདུག་རྩུབ་དང་རང་ཤེད་ཆེ་བ་གཅིག་མཚུངས་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་བོད་ནང་གི་སྔར་ཡོད་ལམ་ལུགས་དང་སྒྲིག་འཛུགས་ཁག་ཉམས་དམས་སུ་བཏང་ཆེད་ཁོང་ཚོས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ཏེ། བོད་ཀྱི་ས་ཆ་དུམ་བུར་བགོས་ཏེ་ས་ཁྲ་གསར་བཟོ་དང༌། ལོ་རྒྱུས་བསྐྱར་བྲིས། ལྷག་པར་བོད་མི་རྣམས་གྲངས་ཉུང་མི་རིགས་སུ་འགྱུར་ཆེད་རྒྱའི་ཧན་མི་རིགས་འབོར་ཆེན་བོད་ནང་གནས་སྤོས་བྱེད་བཞིན་ཡོད།     འོན་ཀྱང་ཏཱ་ལའི་བླ་མ་མཆོག་གི་ཞི་འཇམ་གྱི་ནུས་སྟོབས་དེས་རྒྱ་གཞུང་ལ་མཚོན་ན་འགོག་ཏུ་མེད་པའི་ནུས་པ་ཞིག་ལ་འགྱུར་བ་འདིས་ཁོང་ཚོར་བློ་འཚབ་བཟོས་ཡོད། དེས་ན་དེང་སྐབས་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་དྲིལ་བསྒྲགས་སུན་གཙེར་ཆེན་པོ་བྱེད་པ་དང་ཕྱོགས་གཞན་ཞིག་ནས་བོད་ནང་གཞིས་སྡོད་བོད་མི་རྣམས་ཀྱི་ཐོག་བཟོད་བརླག་བྲལ་བའི་བཙན་གནོན་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་བོད་ཀྱི་ས་ཆ་མང་པོ་ཞིག་རྒྱ་ནག་གི་ཞིང་ཆེན་མཚོ་སྔོན་དང༌། ཀན་སུའུ། ཟི་ཁྲོན། ཡུའུ་ནན་བཅས་ཀྱི་ནང་ཟླ་སྒྲིལ་བཏང་ཡོད།

ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་རྒྱལ་སྤྱིའི་ནང་བཟང་སྤྱོད་ཀྱི་ལངས་ཕྱོགས་མཐོར་བཏེགས་པ་འདིས་འཛམ་གླིང་མི་མང་གི་བསམ་བློའི་ནང་ལྡོག་ཏུ་མེད་པའི་ཤུགས་རྐྱེན་ཞིག་སྤྲད་ཡོད་སྟབས། འུ་ཐུག་ཐབས་ཟད་ཀྱི་ངང་རྒྱ་གཞུང་གིས་ཡང་ནས་བསྐྱར་དུ་རིག་གནས་གསར་བརྗེ་ཆེན་མོའི་ཐབས་ལམ་ནང་བསྐྱར་ལོག་གང་ཐུབ་ཅི་ཐུབ་བྱས་ཡོད། ཉེ་དུས་ཁོང་ལ་མཚན་སྨད་ཞུ་བར་ཆ་མཚོན་ན།  ༼ནང་པའི་ཆོས་གོས་གྱོན་པའི་སྤྱང་ཀི།༽ ༼གཅན་གཟན་གྱི་སྙིང་དང་མིའི་ངོ་གདོང་ལྡན་པའི་བདུད་སྲིན།༽

ཏཱ་ལའི་བླ་མ་མཆོག་གིས་རང་བཙན་གྱི་འཐབ་རྩོད་དེ་ལོ་བཅུ་ཕྲག་གཉིས་ཀྱི་སྔོན་ནས་དོར་ཟིན་རུང༌།  བོད་དེ་ལོ་རྒྱུས་དང་ཁྲིམས་ཐོག་ནས་རྩོད་རྙོག་མེད་པའི་རྒྱ་ནག་གི་ཆ་ཤས་ཡིན་པ་བཞིན་རྒྱ་གཞུང་གི་དྲིལ་བསྒྲགས་བརྒྱུད་ལམ་ནང་ཁོང་ད་དུང་༼ཁ་བྲལ་བ་༽ཞེས་མིང་འདོགས་ཀྱིན་ཡོད།

ཉེ་དུས་རྒྱ་གཞུང་གིས་ཨ་ཧྥི་རི་ཁ་ནང་རང་གི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་ལྷོ་ཨ་ཧྥི་རི་ཁ་ལ་ཐུབ་ཚོད་བཏང་ནས་རྒྱལ་ས་ཇོ་ཧན་སེ་སྦག་ལ་སྐོང་ཚོགས་བྱ་འཆར་ཡོད་པའི་ཞི་བའི་ཚོགས་འདུར་ཏཱ་ལའི་བླ་མ་མཆོག་བཅར་རྒྱུར་དགག་བྱ་བྱས་ཡོད། འོན་ཀྱང༌། ཡུ་རོབ་གྲོས་ཚོགས་ནས་བོད་ལ་༼ཁ་ཡོད་ལག་ཡོད་ཀྱི་རང་སྲིད་རང་སྐྱོང་དགོས་པའི་༽གྲོས་ཆོད་བཞག་པ་དང༌། ཨ་རིའི་གྲོས་ཚོགས་འོག་མ་ནས་རྒྱ་གཞུང་ལ་༼གཞིས་སྡོད་བོད་མིའི་ཐོག་དམ་དྲག་གི་སྲིད་བྱུས་འཕྲལ་དུ་མེད་པ་བཟོ་དགོས་༽ཞེས་གྲོས་ཆོད་ལོགས་སུ་བཞག་སྟབས་རྒྱལ་སྤྱིའི་ཐོག་རྒྱ་གཞུང་ངོ་ཚ་ཁ་སྐྱེངས་ཆེན་པོ་ཆགས་ཡོད་པ་དང༌། གོང་གི་གྲོས་ཚོགས་དེ་གཉིས་ཀྱིས་ཏཱ་ལའི་བླ་མ་མཆོག་ནས་ཕུགས་རྒྱང་རིང་བའི་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་སེལ་ཐབས་འགོ་འཛུགས་གནང་བ་དེར་རྒྱབ་སྐྱོར་ཞུས་ཡོད།  ༡༩༥༦ ལོར་ཏཱ་ལའི་བླ་མ་མཆོག་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་དྲན་ཆེད་རྒྱ་གར་ལ་ཕེབས་སྐབས་སྲིད་བློན་ནེ་རའོ་མཆོག་༼རྒྱ་གར་དང་རྒྱ་ནག་སྤུན་གྲོགས། སྤུན་གྲོགས།༽ཞེས་པའི་ནད་འབུས་མྱོས་ནས། ཏཱ་ལའི་བླ་མ་མཆོག་གི་སློབ་སྟོན་པས་ཁོང་གི་སྐུ་ཕྱྭའི་བདེ་འཇགས་ལ་འཇིགས་སྣང་སྐྱེས་མིན་ལ་མ་ལྟོས་པར་ཁོང་བོད་ལ་ཕྱིར་ལོག་དགོས་པའི་བློ་ཁ་བསྒྱུར། གལ་ཏེ་ཏཱ་ལའི་བླ་མ་མཆོག་སྤྱི་ལོ་    ༡༩༥༩ ལོའི་ཟླ    ༣    པའི་ཚེས་    ༡༧    ཉིན་ལྷ་སའི་ནོར་བུ་གླིང་ཁའི་ཕོ་བྲང་ནས་རྫུན་ཆས་སྤྲས་ཏེ་བྲོས་བྱོལ་ལ་ཕེབས་ཐུབ་མེད་ན་ཁོང་ཡང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཅིག་མཚུངས་ཀྱི་ལས་ངན་ཞིག་འཕྲད་ཡོད་ངེས་པ་རེད། ༼ཏཱ་ལའི་བླ་མས་ ༡༩༩༥ ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་རྗེས་གར་སོང་ཆ་མེད་ལ་གྱུར་ཡོད། ༽

དོན་དངོས་ཐོག་ ༡༩༥༩ ལོར་བོད་མིའི་སྒེར་ལངས་ཆེན་མོ་ལངས་དགོས་པའི་མཐའ་མའི་རྐྱེན་དེ་ཡང་རྒྱ་དམག་གིས་ཏཱ་ལའི་བླ་མ་མཆོག་ལ་སྐུ་སྲུང་གཅིག་ཀྱང་མེད་པར་རྒྱའི་དམག་སྒར་དུ་འཁྲབ་སྟོན་ལ་གདན་ཞུ་བྱས་པ་དེ་ཏཱ་ལའི་བླ་མ་མཆོག་རྒྱ་མིས་བཙན་འཁྲིད་བྱ་རྒྱུར་འཇིགས་ནས་ལངས་བ་ཞིག་རེད། ལོ་གཅིག་ལྷག་རིང་གི་སྒེར་ལངས་ཆེན་མོ་དེ་ཁྲག་དྲི་དྲོ་བའི་ངང་བཙན་གནོན་བྱས་ཡོད།

གལ་སྲིད་ཏཱ་ལའི་བླ་མ་མཆོག་བྲོས་བྱོལ་ལ་ཕེབས་ཐུབ་མེད་ཚེ་རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེ་རྫུན་མ་ཞིག་ཁྲི་འདོན་བྱས་པ་བཞིན། སྔོན་མ་ཞིག་ནས་བཙན་པོ་དབང་ཡོད་ཀྱིས་རང་འདོད་ལྟར་ཏཱ་ལའི་བླ་མ་ཡང་རྫུན་མ་ཞིག་ཁྲི་འདོན་བྱས་ཡོད་ངེས། ཡིན་ཡང་ད་ཆ་རྒྱ་གཞུང་གིས་བཙན་བྱོལ་ལ་བཞུགས་པའི་ཏཱ་ལའི་བླ་མ་མཆོག་སྐུ་མྱ་ངན་ལས་འདའ་རྒྱུར་བསྒུག་རྒྱུ་ལས་ཐབས་གཞན་གང་ཡང་མེད། དེས་ན་རྒྱ་གཞུང་གི་འཆར་གཞིར་དོ་ཕོག་གཏོང་ཆེད་ཞལ་བཞུགས་ཏཱ་ལའི་བླ་མ་མཆོག་གིས་ཡང་སྲིད་ཕེབས་ཕྱོགས་སྐོར་འགྲོ་ལུགས་སྒྲིག་འཛུགས་གསལ་པོ་ཞིག་འདིང་དགོས།

དོན་དངོས་ཐོག སྤྱི་ལོ་ ༡༩༣༣ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༣ མཆོག་སྐུ་མྱ་ངན་ལས་འདས་ནས་སྤྱི་ལོ་ ༡༩༥༠ ལོའི་ཟླ་བཅུ་གཅིག་ནང་ཞལ་བཞུགས་ཏཱ་ལའི་བླ་མ་མཆོག་དགུང་ལོ་བཅོ་ལྔར་ཕེབས་ནས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པའི་བར་གྱི་ལོ་ངོ་བཅུ་བདུན་རིང་གི་བར་སྟོང་རིང་མོ་ཞིག་ལྷག་པ་དང་དེའི་རིང་རྒྱ་ནག་གི་བཙན་འཛུལ་འགོ་བཙུགས་ཚར་ཡོད་པས་བོད་ཀྱི་རང་བཙན་ཤོར་ཡོད།  དེ་རྒྱུ་མཚན་གང་ཡིན་ཞེ་ན།  དགོས་ངེས་ལས་རིང་བའི་ཆབ་སྲིད་ཀྱི་བར་སྟོང་ཆེན་པོ་ལྷག་པ་དང༌། ༡༩༤༩ ལོའི་སྔོན་གྱི་དུས་ཡུན་ནང་རྒྱ་ནག་དེ་ཆབ་སྲིད་ཀྱི་ཐོག་ནས་ཁ་ཐོར་དུ་གནས་དུས། བོད་དེ་རང་བཙན་གཙང་མ་ཡིན་པའི་ར་སྤྲོད་ཀྱི་རྒྱབ་རྟེན་ཆེད་དུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་སུ་འཛུལ་མེད་པ་བཅས་རེད།
སྔར་ལྟར་ཤུལ་འཛིན་གྱི་རིང་སྟོང་ཆ་ཆེན་པོ་ཞིག་ལྷག་ན་དེས་བོད་ལ་རང་སྲིད་རང་སྐྱོང་རག་རྒྱུར་འགོག་རྐྱེན་ཧ་ཅང་ཚབས་ཆེན་ཞིག་བཟོ་ངེས། དེས་ན་ཁྲི་ཐོག་ཏཱ་ལའི་བླ་མ་མཆོག་གིས་དེ་སྔོན་བསམ་ཚུལ་བཏོན་པ་བཞིན། སྐུ་ཕྲེང་བཅོ་ལྔ་པ་དེ་རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ནང་འཁྲུངས་རྒྱུ་ལས་རྒྱ་གཞུང་གིས་བཙན་བཟུང་བྱས་པའི་བོད་ནང་འཁྲུངས་རྒྱུ་མིན་པ་སོགས། སྐུ་ཕྲེང་ ༡༥ པའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྒྲིག་འཛུགས་ཁ་གསལ་ཞིག་དགོས་པ་དེ་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཆགས་ཡོད།

ཡང་ཐག་གཅོད་དགོས་པའི་གནད་དོན་གཞན་ཞིག་ནི། ༡༩༩༩ ལོར་བཙན་བྱོལ་ལ་ཕེབས་པའི་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་མཆོག་གིས་གཞུང་འབྲེལ་མ་ཡིན་པའི་ངང་ཏཱ་ལའི་བླ་མ་མཆོག་གི་ཤུལ་འཛིན་ཞིག་བྱ་ཐུབ་མིན་དེ་ཡིན།

རྒྱ་གར་ལ་མཚོན་ན་བོད་འདི་ནི་རྒྱ་ནག་དང་འབྲེལ་བའི་གནད་དོན་གཙོ་བོ་དེ་ཆགས་ཡོད། དེ་ཡང་རྒྱ་ནག་དེ་ས་ཆའི་གནས་བབ་ལ་བརྟེན་ནས་མ་ཡིན་པར་དྲག་ཤུགས་ལ་བརྟེན་ནས་གནའ་དུས་ཀྱི་བར་གནས་རྒྱལ་ཁབ་བོད་དེ་བཟས་སྟབས་རྒྱ་གར་གྱི་ཁྱིམ་མཚེས་སུ་གྱུར།

ཉེ་ལམ་གྲོས་ཚོགས་ཀྱིས་གྲོས་ཆོད་ནང་རྒྱ་གར་གཞུང་གིས་ཏཱ་ལའི་བླ་མ་མཆོག་དང་བོད་མི་སྐྱབས་བཅོལ་བ་ཚོར་ཐུགས་འཁུར་ཆེན་པོའི་ངང་ནས་གནས་ཚང་གཡར་བའི་ངོས་འཛིན་བྱས་ཡོད། འོན་ཀྱང༌། དེ་ནི་རླབས་ཆེན་རོགས་འདེགས་ཙམ་ཁོ་ན་མ་ཡིན་པར་ཏཱ་ལའི་བླ་མ་མཆོག་ནི་རྒྱ་གར་གྱི་འཐབ་བྱུས་ལ་མཁོ་བའི་རྒྱུ་ནོར་ཆེ་ཤོས་ཤིག་ཡིན། རྒྱུ་མཚན་ནི་ཁོང་མེད་ན་རྒྱ་གར་དེ་བཞིན་རྒྱ་ནག་ལས་དམག་དཔུང་གི་སྡེ་ཤོག་འགའ་ཤས་ཀྱི་སྐྱོ་བ་ཆགས་རྒྱུ་ཉག་གཅིག་ཡིན། ཏཱ་ལའི་བླ་མའི་ཡང་སྲིད་ལ་ཤེས་ཡོན་དང་དགོས་མཁོའི་སྦྱོང་བརྡར་སྤྲོད་རྒྱུ་ཚུད་པའི་གནད་དོན་ཐད་རྒྱ་གར་གཞུང་ནས་ལྟ་རྟོག་བྱེད་རྒྱུར་འོས་འགན་ཧ་ཅང་ཆེན་པོ་ཞིག་ཡོད།  ད་ཆ་རྒྱ་གཞུང་གི་གསང་བའི་ལས་ཁུངས་ཀྱིས་དྲྭ་ཐོག་ནས་ས་ཐོག་བར་གྱི་བྱ་བཞག་ལ་ཤུགས་སྣོན་བརྒྱབ་མིན་ལ་མ་ལྟོས་པར་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་ཁྲི་ཐོག་ཏཱ་ལའི་བླ་མ་མཆོག་ལྐོག་གསོད་བྱེད་རྒྱུའི་ངན་ཇུས་ཤོམ་རྒྱུར་དོགས་ཟོན་བྱེད་དགོས།།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༩ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 3

  1. གནས་ཚང་། says:
    ལོ་ 17 སྔོན།

    བོད་བརླག་ཚར་ཟིན་ནའང་། ད་དུང་དགོས་མཁོའི་ཆ་ཞིག་ལྷག་ཡོད་པས། དགོས་མཁོ་འདི་བེད་སྤྱོད་གཏོང་ཤེས་མིན་བོད་ཀྱི་དབུ་ཁྲིད་ཚོར་རག་ལས་ཡོད་པ་རེད། དེ་བས། ཤེས་ཡོན་པ་ཚོས་བལྟོས་ན་དགོས་མཁོ་འདི་ཇི་ལྟར་བེད་སྤྱོད་འོས་སམ།

    Reply
  2. ཨརྱ། says:
    ལོ་ 17 སྔོན།

    རྒྱ་གར་བ་ཁོའི་བསམ་འཆར་ལ་ང་ཙོ་བོད་མི་རེ་རེས་དངོས་ནས་འགན་ལེན་དང་བསམ་འཞུག་ནན་མོ་བྱེད་དགོས་ངེས་རེད། རྒྱ་ནག་གི་ཧམ་སེམས་དང་རྒྱ་གར་གྱི་འདོད་ངམ་བར་ནས་ཉམས་ཆུང་ཆུང་གི་བོད་རྒྱལ་ཁབ་མི་རིགས་དང་བཅས་པ་བརླག་ངེས་རེད།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྒྱ་གར་བ་ཆབ་སྲིད་མཁས་དབང་འདི་ཉིད་ཀྱིས་སེམས་འཁུར་བྱས་པ་དེ་ནི་བོད་དང་རྒྱ་གར་གྱི་འབྲེལ་བ་ཁོ་ན་ཙམ་མ་ཡིན་པར་དམིགས་གསལ་གྱིས་བོད་མི་མང་གིས་གནད་དོན་འདི་ནི་༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་སྐུ་ངོས་ཀྱི་གསུང་ལན་དྲོན་མོ་ཞིག་བོད་མི་སྤྱི་བོ་ཡོངས་ཀྱི་རྣ་བར་འབྱོར་དགོས་པ་ཞིག་ཆགས་ཡོད་པ་རེད། ༧གོང་ས་མཆོག་སྐུ་ངོས་ནས་ཀྱང་སྤྲུལ་སྐུའི་ཡང་སྲིད་བསྐོར་ལ་བཀའ་ལན་འདི་འདྲ་ཞིག་སྔོན་ཆད་ཀྱང་གནང་མྱོང་ཡོད་པ་རེད། གལ་སྲིད། ཏ་ལའི་བླ་མའི་ཡང་སྲིད་ཕེབས་དགོས་བྱུང་ན་ནི། རང་དབང་ལུང་བ་ཞིག་དུ་འཁྲུངས་ངེས་པ་ལས། རྒྱའི་བཙན་གནོན་འོག་ནས་འཁྲུངས་མི་སྲིད་ཅེས་གསུང་ཡོད་པ་རེད། དྲ་གྲོགས་ཚོ་ཁྱེད་ཅག་གིས་གསུང་འདི་ཐོས་མྱོང་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese