མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཞིས་ལུས་སློབ་ཆེན་བུ་མོ་ཚོ།

བོད་ཀྱི་དུས་བབ།
༢༠༠༩/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་སློབ་ཆེན་བུད་མེད་དགེ་རྒན་ཚོས་རང་ངོས་ནས་རྩ་འཛུགས་བྱས་ཏེ། སློབ་ཆེན་བུ་མོ་ཚོའི་ནུས་ཤུགས་གསོ་སྐྱོང་བྱ་བའི་བགྲོ་གླེང་ཚོགས་འདུ་ཞིག་་རྒྱུན་སྐྱོང་གིན་ཡོད་འདུག 

《གངས་ཅན་སྐྱེས་མའི་ཚགས་པར》གྱི་རྩོམ་སྒྲིག་པ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔལ་མོ་དང་། མགོན་པོ་འཚོ། སྐལ་བཟང་འཚོ་གསུམ་གྱིས་དེང་གི་སློབ་ཆེན་བོད་མོ་ཚོའི་སློབ་སྦྱོང་བྱེད་ཐབས་དང་། འོས་འགན་འཁུར་བའི་དམིགས་ཡུལ་ཇེ་གསལ་ལ་གཏོང་ཆེད། རང་ངོས་ནས་རྩ་འཛུགས་བྱས་ཏེ་ སློབ་ཆེན་བུ་མོའི་རང་རྟོགས་གོང་འཕེལ་དང་ནུས་རྩལ་གསོ་སྦྱོང་བགྲོ་གླེང་ཚོགས་འདུ”ཞིག་ཐེངས་གཉིས་ལ་འཚོགས་ཡོད་འདུག ཚོགས་ཐོག་ཏུ་སློབ་མ་བུ་མོ་ཚོར་སློབ་གསོ་མྱོང་ཐབས་དང་བསམ་གཞིགས་གཏོང་སྟངས། ཆེད་ལས་གཉེར་ཐབས་དང་རྩོམ་ཡིག་འབྲི་སྟངས། འཕྲོད་བསྟེན་དང་སེམས་ཁམས་བཅས་ཀྱི་ཐད་ལ་བགྲོ་གླེང་དང་མཛུབ་སྟོན་གནང་ཡོད་འདུག་ལ། ལྷག་པར་རང་རྐྱ་འཕེར་བའི་འདུ་ཤེས་དང་ནུས་པ་བསྐྱེད་ཐབས་བཅས་ཀྱི་ཐད་ནས་བགྲོ་གླེང་བྱས་ཡོད་འདུག  ཐོག་དང་པོའི་འདུ་འཛོམས་སྐབས་རྒན་དཔལ་མོས་སློབ་ཆེན་བུ་མོ་ཚོར་རང་རྐྱ་འཕེར་བའི་འདུ་ཤེས་དང་ནུས་པ་བསྐྱེད་ཐབས་ཀྱི་སྐོར་དང་། རྒན་སྐལ་བཟང་འཚོས་དེང་རབས་སློབ་ཆེན་པས་དྲ་ངོས་ནས་ཇི་ལྟར་ཤེས་བྱ་བསྡུ་ལེན་བྱེད་ཐབས། རྒན་མགོན་པོ་འཚོས་གཙོ་བོ“དེང་རབས་མཐོ་རིམ་སློབ་གསོ་དང་སློབ་ཆེན་བུ་མོ”ཞེས་པའི་ཁ་བྱང་ལྟར་བུ་མོ་ཚོས་སློབ་གསོ་མྱོང་བའི་དམིགས་ཡུལ་དང་དགོས་པ་བཅས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་འདུག

འདུ་འཛོམས་ཐེངས་གཉིས་པའི་སྐབས་སུ་ཚོགས་འདུའི་རྣམ་པ་བརྗེ་སྟེ། སྤྱི་ཚོགས་སྟེང་གི་ལས་གནས་མི་འདྲ་བའི་བུད་མེད་སྐོར་ཞིག་ཀྱང་ཚོགས་འདུར་ཞུགས་ཡོད་པ་དང་། རང་ རང་གི་སྤྱི་ཚོགས་ཉམས་མྱོང་དང་མི་ཚེའི་ལྟ་ཚུལ་བཏོན་ཡོད་འདུག བགྲོ་གླེང་ཐོག་སློབ་ཆེན་བུ་མོ་ཚོས་སློབ་གསོ་མྱངས་ཤིང་རིག་གནས་སྦྱངས་པ་བརྒྱུད་དེ། རང་རློམ་དང་རང་ཚུགས་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་ཐབས་དང་། རང་རྐྱ་འཕེར་བའི་བསམ་གཞིགས་ཀྱི་ནུས་རྩལ་ཇེ་ཆེར་བསྐྱེད་པར་ཤུགས་སྣོན། ལས་ཞུགས་འགྲན་རྩོད་ཁྲོད་རང་ནུས་སྔོག་འདོན་བྱས་ཏེ་འཇོན་ཐང་ངོམས་ཕོད་པ། མ་འོངས་འཚོ་བའི་དམིགས་ཡུལ་གསལ་བོ་བྱ་དགོས་པ་སོགས་ཀྱི་ཐད་ནས་འདུ་ཤེས་དང་གོ་རྟོགས་ཇེ་མཐོར་གཏོང་བའི་བརྗོད་བྱ་གཙོར་བཟུང་སྟེ། ཚན་ཁག་བཀར་ནས་བསམ་བློ་བརྗེ་རེས་སམ་ཕན་ཚུན་བློ་འདྲི་གྲོས་བསྡུར་བྱས་ཡོད་འདུག བགྲོ་གླེང་ལ་ཞུགས་མཁན་ཚོས་འདི་འདྲའི་བྱ་འགུལ་སྤེལ་བ་བརྒྱུད་ནས་རང་ལ་ཕྱོགས་ཡོངས་ནས་བློ་བསྐྱེད་དང་གོང་འཕེལ་ཡོད་པ་མ་ཟད། ད་ལྟའི་སློབ་སྦྱོང་བྱེད་ཐབས་དང་མ་འོངས་འཚོ་བའི་དམིགས་འདུན་ཇེ་གསལ་ལ་གཏོང་ཐུབ་སྟབས། དགེ་རྒན་རྣམ་པས་བྱ་འགུལ་འདི་མུ་མཐུད་དུ་སྤེལ་དགོས་ཟེར་ཏེ་རེ་བ་བཏོན་ཡོད་འདུག

མཆན། 16

  1. འབྲོང་བུ says:
    ལོ་ 13 སྔོན།

    བོད་ཀྱིས་མཛངས་མ་ཚེ་རིང་སྐྱིད་ཀྱིས་ལ་རྒྱ་འཛིན་སྟངས་དང་དངོས་གནས་འདྲ་བོ་མི་འདུག་ག་་་་་་་་་་་་་་་་་་་ Thank you for all these

    Reply
  2. ལྷོ་མཐའི་ཕུག་རོན། says:
    ལོ་ 13 སྔོན།

    ཨཱ་ལ་ལ། ངོ་མ་སློབ་ཆེན་གྱི་སློབ་མ་ཟེར་ན་དེ་འདྲ་ཡིན་ས་རེད། དངོས་ནས་རླབས་ཆེན་གྱི་ལས་ཀ་རང་རེད། འདི་ངའི་དྲ་གྲོགས་ཚོ། གནས་ཚུལ་དེ་གསལ་བོ་ཞིག་ཤེས་དགོས་ན་དྲ་རྒྱ་གཞན་དག་བརྒྱུད་ནས་མཐོང་ཨེ་ཐུབ་བམ། ངོ་མ་གངས་ཅན་བོད་ཀྱི་ཨ་མ་ཁ་ཤས་དེ་ན་འདུག་ག ངོ་མ་དགའ་ནི་ཟི་རེད་ཀོ་བདག་གི་དྲ་གྲོགས་ཚོ། དགེ་རྒན་དཔལ་མོ་གཙོ་བྱས་འགོ་འཛིན་རྣམ་པ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།

    Reply
  3. རང་རྟོན། says:
    ལོ་ 13 སྔོན།

    ང་རང་ཧ་ཅང་གི་དགའ་བོ་བྱུང་།ངའི་མ་ཡུམ་ཚོ།གངས་ཅན་པའི་བདག་པོ་ཡིན།

    Reply
  4. བཙན་པོ། says:
    ལོ་ 13 སྔོན།

    ཨ་རོགས། བཙན་པོ་ལགས། ཁྱེད་ནས་གསུངས་བ་ལ་ཡ་མིན་ནས་ཡིད་ན་ཅང་མེད། ཡིན་ནའང་གསུངས་ལྟངས་ལ་བལྟོས་ན་བཙན་མོ་ཞིག་ཡིན་པ་འདྲ། ཁྱེད་ལ་བཙན་མོའི་མྱིང་ཡོད་བཞིན་དུ་བཙན་པོའི་མྱིང་གི་ཐོབ་ཐང་ལེན་མི་དགོས་གི་པ། ཧ་ཧ་་རྩེ་མོ་ཡིན།

    Reply
  5. བཙན་པོ། says:
    ལོ་ 13 སྔོན།

    གོང་གསལ་བཙན་པོ་ཞེས་པའི་སྨྱུག་མིང་ཅན་དེས་ཅི་ཞིག་བཤད་འདོད་པ་ཡིན་ནམ། ང་ཚོའི་ཚོགས་པ་འདི་བོད་རིགས་ཞིང་འབྲོག་མང་ཚོགས་དང་དགོན་པ་དང་དགེ་འདུན་པའི་སྡེ་སོགས་བོད་རིགས་ཁྱོན་ཡོངས་ལ་དམིགས་པའི་རོགས་སྐྱོར་ཚོགས་པ་ཞིག་ལས། དམིགས་བསལ་བུད་མེད་ཁོ་ནའི་ཐོབ་ཐང་གི་ཆེད་དུ་རྩ་འཛུགས་བྱས་པ་ཞིག་གཏན་ནས་མིན། དེ་བས་ཀྱང་ང་ཚོའི་མིག་སྔའི་ཚོགས་མི་རྣམས་བོད་རིགས་བུད་མེད་ལོ་ཆུང་སློབ་གཉེར་བ་ཤ་སྟག་ཡིན་མོད་ཀྱང༌། ཚོགས་པ་འདིའི་ནང་བུད་མེད་ཁོ་ན་ལས་འཛུལ་ཞུགས་བྱེད་མི་ཆོག་པ་དང༌། ཚོགས་པ་འདིའི་དམིགས་ཡུལ་བུད་མེད་ཀྱི་ཐོབ་ཐང་ཁོ་ན་རྩོད་ལེན་གྱི་ཆེད་དུ་བཙུགས་པ་ཞིག་གཏད་ནས་མིན། གལ་སྲིད་བོད་མི་རིགས་ལ་ལྷག་བསམ་དཀར་ཞིང་བོད་མི་རིགས་ཀྱི་འབྱུང་འགྱུར་ལ་དཔྱོད་པའི་བློ་མིག་ཡངས་པ་སུ་ཞིག་ཡིན་ན་ཡང༌། ང་ཚོ་བྱམས་ཚོགས་པའི་དམིགས་ཡུལ་ལ་རྒྱབ་སྐྱོར་ཡོང་བར་ང་ཚོའི་རེ་སྒུག་བྱས་ནས་ཡོད། གོང་གསལ་སྐུ་ཞབས་བཙན་པོ་ལགས། ང་ཚོའི་ཚོགས་མི་རེ་གཉིས་ཤིག་ཕྱི་རྒྱལ་སློབ་གྲྭར་ཕྱིན་ཏེ་སློབ་མཐར་ཕྱིན་ཟིན་པ་དང༌། རེ་གཉིས་ཀྱི་ད་སྐབས་སློབ་སྦྱོང་བྱེད་མུས་སུ་མཆིས་མོད་ཀྱང༌། ཁྱོད་ཀྱིས་འདི་བཞིན་ཡོངས་ཁྱབ་གསལ་བསྒྲགས་བྱེད་དགོས་དོན་ཡེ་མ་མཐོང༌། རྒྱུ་མཚན་གང་ཞེ་ན། ཆབ་སྲིད་དང་སྤྱི་ཚོགས། ཡང་ན་མིག་སྔའི་བྱ་བའི་དབང་གིས་རིག་ཚད་མཐོང་ཚད་གསར་འགྱུར་དུ་བཀོད་ན་འགྲིག་མིན་ཞིབ་ཏུ་བརྟག་པར་འཚལ། ཕྱིར་བསྡོད་བོད་རིགས་སྤུན་ཟླ་ཚོས་གསུང་བ་ལྟར། ང་ཚོ་ནི་ད་དུང་མེ་མདའི་ཁ་ནས་མུ་མཐུད་དེ་འཚོ་དགོས། ངས་ཀྱང་འདི་བཙན་པོ་ཞེས་སྨྱུག་མིང་ཞིག་བཀོད་ཀྱིན་ཡོད་ཀྱང༌། གོང་གསལ་ང་ཚོ་བྱམས་ཚོགས་པའི་དྲ་བའི་ཁ་བྱང་མཁོ་འདོན་བྱེད་མཁན་གྱི་བཙན་པོ་དང་མི་འདྲ། སྐུ་ཞབས་བཙན་པོ་ལགས། སྤྱིར་ང་ཚོའི་སྐོར་ཕྱིར་བསྒྲགས་བྱེད་པར་བཀའ་དྲིན་ཆེ། ཡིན་ན་ཡང་ང་ཚོའི་སློབ་སྦྱོང་གི་རྒྱུད་རིམ་དང༌། ཚོགས་མོ་ཚོའི་གནས་སྟངས། དེ་མིན་ང་ཚོའི་མཐུན་ལམ་སོགས་ཀྱི་ཐད་ལ་སྐད་ཆ་མི་བཤད་པར་འཚལ། གལ་སྲིད་བཤད་འདོད་ན། གོང་གསལ་སྐུ་ཉིད་ཀྱི་མཐོང་ཟིན་པ་བཞིན། ང་ཚོའི་མིག་སྔའི་དམིགས་ཡུལ་དེའི་ཕྱོགས་ལ་བསམ་ཚུལ་རེ་འདོན་ཐུབ་ན། དེ་ནི་ཁྱེད་རང་ཡང་བོད་པ་ཞིག་ཡིན་པའི་དོན་སྒོད་ཆོད་སོང་བ་རེད། བཀའ་དྲིན་ཆེ།

    Reply
  6. བདེ་ཆེན་སྒྲོལ་མ། says:
    ལོ་ 13 སྔོན།

    གཞིས་བཞུགས་བུད་མེད་འདི་ཚོ་ངའི་སྙིང་གི་མེ་ཏོག་ཡིན། ད་ནི་བུད་མེད་འདི་ཚོ་ལྡུམ་ར་གཅིག་ནས་བཞད་རྒྱུ་མགོ་ཚུགས་སོང༌། མཛེས་སྡུག་སྔར་བས་ཇེ་ཆེ་ནས་ཇེ་ཆེ། སྣ་ཁ་སྔར་བས་ཇེ་འཛོམས་ནས་ཇེ་འཛོམས། ངའི་སྙིང་གི་མེ་ཏོག་ཚོ་རྒྱལ་གྱུར་ཅིག དགུན་གཞུང་ལྟ་བུའི་ཕ་ཡུལ་གྱི་གནམ་འོག་དེ་ནས།

    Reply
  7. ཁ་བ་དཀར་པོ། says:
    ལོ་ 13 སྔོན།

    ཨ་རི་ནས་ཕ་མ་གང་རུང་རེ་མགོ་སེར་ཡིན་པའི་བོད་ཕྲུག་རེ་བ་ཅི་ཡང་མེད་པ་སྐོར་ཞིག་འཚར་དང་འཚར་བཞིན་འདུག་པས། བོད་ནང་གི་ཞི་མོ་ཚོས་མིག་དཔེ་ལྟ་ས་འདི་ཚོ་མ་བྱེད་གནམ་གྱིས་སྲུངས། འདི་ཚོའི་མང་ཆེ་བའི་ལུས་སྟེང་ན་བོད་པ་ཚང་ལ་དགོས་པའི་ཡོན་ཏན་ཅི་ཡང་མི་འདུག གླང་སྟུ་དང་གླང་མཇེའི་རྐུབ་ཁོ་ན་སྙེག་ནས་བུད་འགྲོ་གི་ཡ།

    Reply
  8. ཁ་བ་དཀར་པོ། says:
    ལོ་ 13 སྔོན།

    དགའ་བསུ་ཞུ། ཞི་མོ་འདི་ཚོ་གནམ་གྱིས་སྲུངས། ཡིན་ན་ཡང་། འདྲ་པར་འདི་ཚོར་ཞིབ་ཏུ་བལྟས་ཚེ་འུ་ཚང་གི་ཞི་མོ་དེ་ཚོའི་མང་ཆེ་བའི་སྐྲ་མདོག་སེར་པོ་རེད། འདི་ཚོའི་ཕ་མ་གང་རུང་རེ་མགོ་སེར་རེད་དམ། ཡང་ན་མགོ་སེར་ལ་དགའ་ནས་མགོ་སྐྲའི་ཁ་དོག་བརྗེས་པ་རེད། གཞིས་ཆགས་ཞི་མོ་སྐོར་ཞིག་མགོ་སེར་དང་དེའི་གླང་མཇེ་ལ་དགའ་དྲགས་ནས་མགོ་སྐྲ་སེར་པོ་བཟོ་མ་ཐུབ་ནས་བྲེལ་བསྡད་ཡོད། མགོ་ནག་བོད་པ་ཡིན་ན་ཧྲ་པ། མགོ་སེར་བོད་པ་ཡིན་ན་ཅང་དགའ་རྒྱུ་མེད་པ།

    Reply
  9. ང་རོ་ལངས། says:
    ལོ་ 13 སྔོན།

    བོད་པ་ཚང་གི་བདག་མོ་ཚོ། འདི་འདྲ་ཞིག་ལོས་ཡིན།

    Reply
  10. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    གནས་ཚུལ་འདི་སྔ་མོ་ནས་གོ་ཐོས་བྱུང་། བྱམས་ཚོགས་པས་ལས་འགུལ་སྣ་མང་ཞིག་སྤེལ་གྱིན་ཡོད་ཟེར་བ་དང་ད་དུང་བུད་མེད་འབུམ་རམས་པ་བློ་བཟང་རབ་རྒྱས་ལགས་དང་ཁོང་གི་གཅུང་མོ་བཀྲ་ཤིས་རབ་རྒྱས་གཉིས་ཀྱིས་བཙུགས་པའི་མ་ཅིག་ཟེར་བའི་ཚོགས་པ་དེས་ཀྱང་ལས་འགུལ་འདི་འདྲ་འགའ་ཤས་སྤེལ་འདུག
    ངེད་ཀྱི་གྲོགས་མོ་ཞིག་གིས་ཀྱང་བྱམས་ཚོགས་པ་བཙུགས་ནས་བཟུང་། ན་ནིང་བར་དུ་དང་བླངས་དགོས་་དེ་རུ་ལས་ཀ་བྱས་འདུག དེ་རིང་སང་ཉིན་བྱམས་ཚོགས་པའི་ཚོགས་མི་ཟུར་བ་བཅུ་གྲངས་ཤིག་གིས་ཕྱིའི་རྒྱལ་ཁབ་ཁག་ན་སློབ་སྦྱོང་བྱེད་ཀྱིན་འདུག
    ངེད་ཀྱི་དྲི་བ་ནི། གངས་ཅན་སྐྱེས་མའི་ཚགས་པར་དེ་དྲ་ཐོག་ནས་རེག་ཐབས་འདུག་གམ་མི་འདུག་ཟེར་བ་དེ་ཡིན།
    ཤེས་མཁན་འདྲ་ཡོད་ན། ལན་ཞིག་གནང་རོགས།

    Reply
  11. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    གནས་ཚུལ་འདི་སྔ་མོ་ནས་གོ་ཐོས་བྱུང་། བྱམས་ཚོགས་པས་ལས་འགུལ་སྣ་མང་ཞིག་སྤེལ་གྱིན་ཡོད་ཟེར་བ་དང་ད་དུང་བུད་མེད་འབུམ་རམས་པ་བློ་བཟང་རབ་རྒྱས་ལགས་དང་ཁོང་གི་གཅུང་མོ་བཀྲ་ཤིས་རབ་རྒྱས་གཉིས་ཀྱིས་བཙུགས་པའི་མ་ཅིག་ཟེར་བའི་ཚོགས་པ་དེས་ཀྱང་ལས་འགུལ་འདི་འདྲ་འགའ་ཤས་སྤེལ་འདུག
    ངེད་ཀྱི་གྲོགས་མོ་ཞིག་གིས་ཀྱང་བྱམས་ཚོགས་པ་བཙུགས་ནས་བཟུང་། ན་ནིང་བར་དུ་དང་བླངས་དགོས་་དེ་རུ་ལས་ཀ་བྱས་འདུག དེ་རིང་སང་ཉིན་བྱམས་ཚོགས་པའི་ཚོགས་མི་ཟུར་བ་བཅུ་གྲངས་ཤིག་གིས་ཕྱིའི་རྒྱལ་ཁབ་ཁག་ན་སློབ་སྦྱོང་བྱེད་ཀྱིན་འདུག
    ངེད་ཀྱི་དྲི་བ་ནི། གངས་ཅན་སྐྱེས་མའི་ཚགས་པར་དེ་དྲ་ཐོག་ནས་རེག་ཐབས་འདུག་གམ་མི་འདུག་ཟེར་བ་དེ་ཡིན།
    ཤེས་མཁན་འདྲ་ཡོད་ན། ལན་ཞིག་གནང་རོགས།

    Reply
  12. བཙན་པོ། says:
    ལོ་ 13 སྔོན།

    ཁྱེད་ཚོས་ད་སོ་མ་གོ་ནས། བུད་མེད་ཀྱིས་ནུས་བ་གོང་འཕེལ་གཏོང་བར་ཟབ་སྤྱོང་དང་རོགས་སྐྱོར་༢༠༠༣་ནས་མགོ་འཛུགས་བྱུང་ཡོད། ཁཽ་ཚོ་ནི་བྱམས་ཚོགས་པ་རེད། ཁོ་ཚོས་བུད་མེད་སློབ་མ་ཚོར་རང་རྐྱ་འཕེར་བའི་དགོག་པའི་གོ་རྟོགས་སྤཻལ་བ་དང་ཞིང་འབྲོག་ས་ཁུལ་ལ་སོང་སྟེ་བུད་རྣམས་གཙོ་བྱས་ནས་རོགས་སྐྱོར་གྱི་ལས་གཞི་མང་པ་ལས་ཡོད། མ་མཐའ་ཡང་ཁོ་ཚོས་རྒྱ་སྒོར་ཁྲི་ལྔ་བརྒྱ་ལྷག་གི་ལས་གཞི་འགྲུབ་དང་སྒྲུབ་བཞིན་པ་རེད། ཡིན་ནའང་ན་ནང་ནས་བཟུང་རྒྱ་གཞུང་གིས་ཁོང་ཚོར་གནོད་པ་བྱས་ཡོད། འདི་ནང་གི་བུ་མོ་མང་པོ་ཞིག་ཕྱི་རྒྱལ་ལ་སོང་ནས་སློབ་སྤྱོང་བྱས་པ་རེད། གནས་ཚུལ་འདི་རྣ་་མི་འགྲོ་ན་འདི་ལ་ལྟོསhttp://www.shemgroup.org/

    Reply
  13. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    གངས་ཅན་སྐྱེས་མའི་ཚགས་པར་དེ་དྲ་ཐོག་ནས་རེག་ཐབས་འདུག་གམ།
    ཁ་བ་གངས་ཅན་གྱི་བུད་མེད་ཚོའི་སྙིང་སྟོབས་དགུང་ལ་བསྟོད།

    Reply
  14. རུ་དམ་ལུང་གི་བུ། says:
    ལོ་ 13 སྔོན།

    དངོས་གནས་བཟང་གི བཀྲ་ཤིས་བདེ་ལེགས་གངས་ལྗོངས་ཀྱི་མ་ཡུམ་ཚོ། ཁྱེད་རྣམ་པས་ང་ཚོའི་མ་འོངས་པའི་གངས་རིའི་མ་མ་རྣམ་ལ་འདི་ལྟར་ལམ་ཀ་ཞིག་བཙལ་ཞིང་། སྙིང་སྟོབས་སྐྱེ་འཇུག་པ་ནི་དངོས་གནས་བཀའ་དྲིན་ཆེ། མ་འོངས་པའི་གངས་རིའི་མ་མ་རྣམས་ནི་མ་འོངས་པའི་གངས་རིའི་བུ་ཕྲུག་རྣམས་ཀྱི་ལམ་སྟོན་ཡིན་པས། ངས་འདི་ནས་ཁྱེད་རྣམ་ལ་སླར་ཡང་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  15. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    འདི་ནི་གངས་ཅན་ལྗོངས་ཀྱི་སྐྱེས་མ་ཚོས་རླབས་ཆེན་གྱི་བྱ་བཞག་ཞིག་གི་སྔོན་འགྲོ་རེད་ལ། འདི་མུ་མཐུད་དུ་གངས་ཅན་ལྗོངས་ཀྱི་བུད་མེད་ཡོད་དོ་ཅོག་གི་ཡིག་རྨོངས་སེལ་བའི་ཐབས་ཕྱོགས་ཞིག་འགྱུར་བར་རེ་བ་ཡོད། བུད་མེད་གཙོ་འགན་པ་འདི་དག་གིས་དཀའ་སྤྱད་འབད་བརྩོན་ལ་ཡང་ཡི་རུང་བྱེད།

    Reply
  16. མི་ཞུན། says:
    ལོ་ 13 སྔོན།

    ལ་ལ་ལ། འདི་འདྲ་གོ་བ་ཡིན་ན་ངོ་མ་སེམས་ནང་ནས་དགའ་ནི་ཟིག་རེད། བོད་ནང་གི་བུ་མོ་འདི་ཚོའི་རུས་པ་ཇེ་མཁྲེགས་ནས་ཇེ་མཁྲེགས་ལ་འགྲོ་བཞིན་འདུག

    Reply

Leave a Reply to བོད། ཤ་ཁྲག་རུས་གསུམ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist