མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

    ད་རིང་ང་ཚོས་བོད་རང་དབང་སྒེར་ལངས་ཀྱི་ལས་འགུལ་བྱས་ནས་ལོ་བཅུ་གཅིག་སོང་བའི་དུས་ཚེས་ལ་རྗེས་དྲན་བྱེད་བཞིན་ཡོད། ང་ཚོས་སྐབས་དེའི་དུས་ཚེས་རྗེས་དྲན་གྱི་ཚིག་བརྗོད་པ་ཙམ་དང༌། ཚོགས་འདུ་བྱས་པ་ཙམ་མ་ཡིན་པར། ད་ལན་ལོ་བཅུ་གཅིག་སོང་བ་དེའི་རིང་ང་ཚོའི་ཡུལ་ནང་གི་འཕོ་འགྱུར་གང་འདྲ་ཞིག་ཕྱིན་ཡོད་མེད་དང༌། རྒྱ་ཆེའི་བོད་མིའི་བདེ་སྡུག་གནས་སྟངས་གང་འདྲ་ཞིག་ཕྱིན་ཡོད་མེད་སྐོར་ལ་བསམ་གཞིགས་ནན་ཏན་ཞིག་ཅིས་ཀྱང་བྱེད་འོས་པ་ཡིན། བོད་ཀྱི་ཡུལ་ནང་རྒྱ་མི་རིགས་ཀྱིས་གང་བའི་འཕོ་འགྱུར་ཞིག་དང༌། བོད་མི་རྣམས་བཀྲེས་སྐོམ་ངལ་འཇིགས་མེ་འོབ་ནང་ལྷུང་བ་ལྟ་བུའི་ཚ་གཟིར་སྡུག་བསྔལ་དངངས་སྐྲག་བཟོད་པར་དཀའ་བའི་གནས་ཤིག་ཏུ་གྱར་ཡོད། འོན་ཀྱང་བོད་མི་ཚོའི་ཐོག་མའི་དམིགས་ཡུལ་དང་བསམ་ཚུལ་བོད་རང་དབང་སྒྲུབ་པའི་རེ་འདོད་དེ་ནི་བོད་མི་རྣམས་ཀྱི་སྙིང་ནས་དུས་ནམ་ཡང་མ་བཏང་བའི་ཐོག་ལ་ད་དུང་འབད་བརྩོན་ནུས་ཤུགས་ཇེ་ཆེར་འགྲོ་བཞིན་པ་རེད།

    ༡༩༥༦ ལོ་ནས་བཟུང་བོད་མི་རྣམས་ནས་བོད་ཡུལ་མ་བདག་བདག་བཟུང་བྱེད་མཁན་རྒྱ་མི་དམར་པོར་ངོ་རྒོལ་བྱེད་པའི་ལས་འགུལ་དེར་ད་ཕན་བར་མཚམས་ནམ་ཡང་བཞག་མེད་ཅིང༌། བར་སྐབས་རྒྱ་དམར་ནས་རིག་གཞུང་གསར་བརྗེ་ཟེར་བའི་ལས་འགུལ་བསླངས་ཏེ་ཆོས་དང༌། རིག་གཞུང་གི་རྟེན་གཞི་ཁག་རྩ་མེད་བཏང་བ་དང༌། རྒྱ་མི་རིགས་ནང་ཁུལ་དུ་མཉམ་འབྲེལ་གྱེན་ལོག་ཅེས་པའི་ཤོག་ཁག་གཉིས་སུ་གྱུར་ཏེ་མཚོན་ཆ་བེད་སྤྱོད་བྱེད་ཡའི་ནང་འཁྲུག་ཐུག་པའི་སྐབས་སུ་བོད་མི་རྣམས་ཀྱང་ཤོག་ཁག་དེ་གཉིས་གང་རུང་དུ་མ་ཞུགས་ན་མི་ཆོག་པའི་བཙན་བསྐུལ་བྱས་ཏེ་བོད་མི་རྣམས་སྡུག་སྦྱོང་འཐབ་རོལ་བསྐུལ་ཟད་དུ་གཏོང་རྒྱུའི་ཐབས་བྱུས་བྱས་པ་དེས་བོད་མིའི་ཁོང་ཁྲོའི་མཐོ་ཚད་མེ་འབར་ཤིང་གཤག་གི་དཔེ་ལྟར་ལྷག་པར་གོང་མཐོར་སོང་འདུག

    སྔ་ལོ་ ༡༩༦༩ ལོ་ནང་གི་གནས་ཚུལ་ལ་མཚོན་ན། ཆབ་མདོ་ཁུལ་དང༌། སྤོ་བོ་ཁུལ། ལྷོ་ཁ། སྟོད་ལུང༌། སྙེ་མོ། ཤངས་ཁུལ་སོགས་ལ་བོད་མི་མང་པོ་དཔུང་བསྡེབས་ཀྱིས་རྒྱ་མིའི་དམག་སྒར་དང༌། ལས་བྱེད་པའི་སྒར་ས་ཁག་ཏུ་རྒོལ་མཆོང་གོ་ལག་ཁྱོན་ཆེ་འཕྲོག་བཅོམ་དང༌། རྒྱ་མི་བསད་རྨས་རྒྱ་ཆེ་བྱས་པ། ཡང་སྐབས་རེ་ཚོགས་འདུའི་སྐབས་གློ་བུར་དུ་རྒྱ་མིའི་ཞི་དྲག་ལས་བྱེད་གསོད་བཟུང་བྱས་པའི་གནས་ཚུལ་བྱུང་འདུག གནས་ཚུལ་དེ་འདྲ་རེ་བྱུང་བའི་ཚེ་རྒྱ་དམག་ཁྱོན་ཆེ་བཏང་ནས་ཁུལ་དེར་དྲག་གནོན་རེ་བྱེད་པ་ཕྲེང་ལྟར་དང༌། ཡང་དེ་རྗེས་སླར་ཡང་བོད་མིས་རྒོལ་ཟིང་བྱ་སྤྱོད་རྣམ་པ་སྣ་ཚོགས་རྒྱུན་ཆད་མེད་པ་རྒྱ་མཚོའི་རྦ་རླབས་ལངས་ཏེ་བོད་ནང་རྒྱ་རིགས་རྣམས་ནམ་ཡང་ལྷིང་འཇགས་འཁོས་ཕེབས་མི་ཐུབ་པའི་གཙེར་བསུན་བཟོ་བཞིན་པ་རེད།

    དེ་འདྲའི་རྒོལ་འཛིངས་རུ་ཁག་གི་ནང་དུ་བོད་མི་རྒན་གྲས་ཞེ་ཅིག་མ་ཡིན་པར། རྒྱ་མིས་བོད་ཕྲུག་མང་པོ་རྒྱ་ནག་ཏུ་འཁྲིད། སློབ་སྦྱོང་སྤྲད། ཉམས་མྱོང་བསགས། རྒྱ་དམར་གྱི་རྗེས་འབྲངས་སུ་ཆེད་དམིགས་རེ་བཅོལ་གསོ་སྐྱོང་བྱས་པ་རྣམས་ཀྱང་ཤེས་ཡོན་ཉམས་མྱོང་གོ་རྟོགས་ཇེ་ཆེར་གྱུར་པ་དང་ཆབས་ཅིག་རང་གི་མི་རིགས་ལ་ཞེན་ཇེ་ཟབ་ཏུ་གྱུར་ཏེ་བོད་བོད་མིར་བདག་ཐོབ་ཡོད་པའི་ལྟ་བ་ཡང་དག་གི་སྒོ་ནས་རྒྱ་དམར་ལ་ངོ་རྒོལ་མཐའ་བཀག་བྱེད་ཀྱི་ཡོད་ཅིང༌། གནས་ཚུལ་འདི་ལྟར་ལ་བརྟེན་བོད་རྒྱ་མིས་དབང་བསྒྱུར་བྱས་ནས་ད་ཆ་ལོ་བཅུ་དགུ་ཙམ་སོང་ཡང༌། ད་དུང་རྒྱ་དམར་གྱིས་ཡིད་འཆེས་བློས་འགན་འཕེར་བའི་བོད་ཀྱི་གཞོན་ནུ་རེ་ཟུང་ཞིག་ཀྱང་གཏན་ནས་རྙེད་ཐོན་མ་བྱུང་བས་རྒྱ་དམར་ནས་ལོག་སྤྱོད་སྲིད་གཞུང་དུ་ངོས་འཛིན་པའི་སྲིད་གཞུང་རྙིང་པའི་ལས་བྱེད་བཅོས་མའི་འགན་འཁུར་བར་བཀོལ་སྤྱོད་མུ་མཐུད་མི་བྱེད་ཀ་མེད་ཀྱི་གནས་ལུགས་དངོས་མཐོང་འདི་དག་གིས་བོད་མི་རྒན་གཞོན་བར་མ་ཐམས་ཅད་རྒྱ་དམར་གྱི་དབང་བསྒྱུར་འོག་སྡོད་འདོད་ནམ་ཡང་མེད་པ་ལ་བློ་སེམས་གཅིག་མཐུན་ཡིན་པའི་རང་རྟགས་གསལ་པོར་མངོན་པ་ཞིག་རེད།

    རང་ཉིད་ཀྱི་བླང་དོར་བྱ་སྤྱོད་ལ་རང་དབང་སྤུ་ཙམ་མེད་པར་རྒྱ་དམར་གྱི་སྒྲིག་འཛུགས་རིམ་པ་མང་པོའི་ལྕགས་ཐག་གིས་བཅིངས་ཤིང༌། རང་ཉིད་བཀྲེས་སྐོམ་ངལ་སྡུག་གི་མེ་དོང་ནང་ལྷུང་བཞིན་དུ། སྲིད་ན་གཅེས་པར་འཛིན་པའི་ལུས་སྲོག་ལ་ཇི་མི་སྙམ་པར་དགྲ་བོར་རྒོལ་འཛིངས་དེ་ལྟ་བུ་བྱེད་པ་ནི། བོད་མི་རིགས་ཕུལ་བྱུང་དཔའ་བོའི་རང་རྟགས་གསལ་བར་བསྟན་པ་དང༌། འགྲོ་བ་མིའི་རིགས་ཀྱི་རང་དབང་འཕྲོག་པ་ལ་སུས་ཀྱང་བཟོད་སྒོམ་མི་ཐུབ་པའི་རྟགས་མཚན་བསྟན་པ། ང་ཚོ་ཕྱི་རྒྱལ་རང་དབང་ཡུལ་ཁག་ནང་ཡོད་པའི་བོད་མི་ཚོར་སྙིང་ལ་མདའ་གཟེར་བ་ལྟ་བུའི་ཡིད་གདུང་སྙིང་སྟོབས་ཀྱི་ཚོར་བ་ཤུགས་དྲག་པོའི་སྐུལ་ལྕག་བྱས་པ་ཞིག་ཀྱང་རེད། དེ་ལ་ང་ཚོ་བོད་མི་རིགས་ཀྱི་རང་དབང་རང་བཙན་བསྒྲུབ་པའི་དོན་དུ་རྒྱུན་མི་ཆད་པར་ལུས་སྲོག་ཡལ་བར་དོར་བའི་བོད་མི་སྙིང་སྟོབས་ཅན་དེ་རྣམས་དྲན་པའི་སྒོ་ནས་མཆོག་གསུམ་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་སྨོན་ལམ་བྱེད་པ་དང་ཆབས་ཅིག་ཁོང་ཚོས་ལུས་སྲོག་གང་གི་ཆེད་དུ་བཏང་བའི་དམིགས་ཡུལ་བོད་རང་དབང་རང་བཙན་ཅིས་ཀྱང་བསྒྲུབ་རྒྱུར་སེམས་ཐག་གཙང་བཅད་ཀྱིས་འབད་བརྩོན་ལྡབ་བརྒྱ་བསྐྱེད་དེ་བྱེད་དགོས།

    ཡང་ང་ཚོའི་ཡུལ་དུ་བཙན་འཛུལ་བྱེད་མཁན་གྱི་གནས་སྟངས་ཆ་ནས་བཤད་ན། རྒྱ་དམར་གྱིས་ཡུལ་གྱི་བདག་པོ་མི་མང་ཡིན་པ་དང༌། དབང་ཆ་ཡོངས་རྫོགས་མི་མང་ལ་ཡོད་ཅེས་དུས་རྟག་ཏུ་བརྗོད་བཞིན་པ་ཡིན་ནའང༌། ལག་ལེན་ངོ་མའི་ཐོག་ཏུ་རྒྱ་ཆེའི་མི་མང་རྣམས་ཉིན་མཁོའི་ཉེར་སྤྱད་དངོས་རིགས་ལྟ་བུར་བེད་སྤྱོད་བྱེད་པ་དང༌། རྒྱལ་ཁབ་ཕྱི་ནང་གི་སྲིད་བྱུས་འགངས་ཅན་མང་པོར་གླེན་པ་རང་ཤེད་ཅན་གྱི་བསམ་སྤྱོད་བཟུང་བས་མཐོ་རིམ་དཔོན་ཁག་ནང་ཁུལ་དུའང་བསམ་སྤྱོད་མི་མཐུན་པའི་འགལ་ཟླའི་དཀའ་རྙོག་མང་དག་ལངས་མུས་མ་ཟད། སྔར་ཕན་རྒྱ་དམར་གྱི་ཁ་ནས། ང་ཚོར་སྒེར་སེམས་མེད་པའི་རོགས་རམ་གནང་མཁན་གཅེན་པོ་སུ་ལན་ཞེས་སྲིད་ན་དེ་ལྷག་སུ་ཡང་མེད་པ་ལྟ་བུའི་བསྔགས་བརྗོད་བཀུར་འོས་སུ་འཛིན་པ་རེད། ད་ཆ་དགྲ་བོའི་དང་མར་བཟུང་སྟེ་འཐབ་རྩོད་ཀྱི་མཚོན་རྩེ་རུ་སུར་གཏད་བསྡིགས་མི་གསོད་ཁྲག་སྦྱོར་གྱི་བྱ་བ་ལག་ལེན་དུ་བསྟར་བཞིན་པ་སོགས་རྒྱལ་འབྲེལ་གྱི་གནས་ཚུལ་མང་པོ་ཞིག་གྱུར་དང་འགྱུར་བཞིན་པའི་གནས་ལུགས་དེ་དག་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས། འདུས་བྱས་ཐམས་ཅད་མི་རྟག་པ་དང༌། དགྲ་གཉེན་ངེས་མེད་དུ་གསུངས་པའི་བདེན་དོན་ར་སྤྲོད་བྱུང་བ་ཞིག་རེད།

    དེས་ན། གནས་ཚུལ་ཐམས་ཅད་སྟོན་སྤྲིན་ལྟར་རྣམ་པར་གཡོ་ཞིང༌། རྒྱ་མཚོའི་རླབས་ལྟར་འཁྲུགས་པའི་དུས་ཚོད་འདི་འདྲའི་སྐབས་སུ། བདག་ཉིད་བདག་གི་མགོན་ཡིན་གྱི། ཞེས་པའི་དོན་ལྟར། བོད་རང་དབང་སྒྲུབ་པའི་ལས་འགན་ཡོངས་རྫོགས་བོད་མི་རང་ནས་འཁུར་ཏེ་སྒྲུབ་དགོས་པ་དང༌། ལྷག་པར་གོང་སྨོས་ལྟར་བོད་རྒྱ་ཆེའི་མི་མང་གི་ཐ་སྙད་གང་དུ་འདོགས་པའི་གཞིའམ། བོད་ཀྱི་དོན་གྱི་བདག་པོ་བོད་ནང་ཡོད་པའི་རྒྱ་ཆེའི་བོད་མི་རྒན་གཞོན་བར་མ་མཐའ་དག་ནས་དགྲ་བོའི་གནོན་བཙིར་དེ་ལྟ་བུའི་འོག་ཏུ་ལུས་སྲོག་གཏོང་བ་ལ་ཇི་མི་སྙམ་པར། བོད་རང་དབང་གི་དོན་དུ་འཐབ་རྩོད་དེ་འདྲ་བྱེད་པའི་ཚུལ་ལ་བསམས་ན། ང་ཚོ་ཕྱི་རྒྱལ་རང་དབང་ཡུལ་དུ་གནས་འཁོད་བོད་མི་ཉུང་ཤས་རྣམས་སྒྱིད་ལུག་ལེ་ལོ་དང་རང་མགོ་གང་ཐོན་དུ་སྡོད་ཐབས་ནམ་ཡང་མེད་པས། སེམས་ཤུགས་ཀྱི་ངར་མ་ཆག་ཅིང༌། ཆིག་སྒྲིལ་གྱི་ལག་གདང་མ་ཞིག་པར། བོད་རང་དབང་སྒྲུབ་པའི་དོན་ལ་བློ་སེམས་གཅིག་སྒྲིལ་འབད་བརྩོན་གཡོ་མེད་དུ་བྱེད་པ་གལ་ཆེ། འགྲོ་ཀུན་བདེ་ལེགས་ཀྱིས་འཚོ་བའི་སྨོན་འདུན་བཅས།།    །།

འབྲེལ་ཡོད་གསར་འགྱུར།

Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༩ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༢༠༢༦/༠༧/༡༥
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese