མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱིར་རང་ཡུལ་དུ་ལོག་པའི་ལས་འགུལ་ཐེངས་གཉིས་པ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

བྱེས་སྡོད་བོད་མི་དག་གིས་ ༧གོང་ས་མཆོག་སྐུ་ལྷམ་མེར་བཞུགས་པའི་ད་ལྟའི་གསེར་ལས་དཀོན་པའི་གོ་སྐབས་འདི་ཆུད་ཟོས་སུ་མི་གཏོང་བར་ཚང་མས་བོད་མིའི་བདེ་སྐྱིད་སྔོན་བསུ་ལ་འབད་པ་བྱ་རྒྱུ་ང་ཚོའི་རེ་བ་ཡིན་ལ། དེ་བཞིན་འཐབ་རྩོད་ནི་རྒྱུན་མཐུད་དགོས་པ་ཞིག་ལས་སྐབས་བབ་ཀྱི་དབྱར་ཁའི་གནམ་ངོ་ལྟར་བྱས་ན་ཕན་ཐོག་ཡོད་བསམ་གྱིན་མེད་ཟེར།

 

བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་སྣེ་ཁྲིད་པའི་ཕྱིར་རང་ཡུལ་དུ་ལོག་པ་ཞེས་པའི་ལས་འགུལ་ཐེངས་གཉིས་པ། ཕྱི་ལོ ༢༠༠༩ ལོའི་ཟླ ༥ཚེས ༡༠ ཉིན་གསང་བའི་སྒོ་ནས་མགོ་འཛུགས་བྱས་ཡོད་འདུག ཚེས ༡༤ ཉིན་བླ་མ་ཤིང་བཟའ་རིན་པོ་ཆེ་གཙོས་པའི་དགེ་འདུན་པ་ ༡༡ རྒྱ་གར་རྒྱལ་ས་ལྡི་ལི་ནས་དངོས་སུ་ལམ་ལ་ཆས་ཡོད་ཀྱང༌། ཚེས ༡༦ ཉིན་ལམ་ཁར་གངས་ཆེན་བབས་ཏེ་རླངས་འཁོར་སྐྱོད་མ་ཐུབ་སྟབས། བོད་སྐྱོད་པ་དག་གིས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཞབས་ཐང་གིས་གོམ་བགྲོད་མགོ་འཛུགས་བྱས་ཡོད་འདུག ཐེངས་འདིའི་ལས་འགུལ་ནང་ཞུགས་མཁན་དག་ནི། ཕ་ཡུལ་ཁམས་འབྲི་རི་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༨ ཡིན་པའི་བསླབ་གསུམ་བསྟན་དར་དང༌། ཕ་ཡུལ་ཁམས་རྟ་བོ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༣ ཡིན་པའི་ཚེ་རིང་བསྟན་འཛིན། ཕ་ཡུལ་ཨ་མདོ་བླ་བྲང་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༣ ཡིན་པའི་མཐའ་ཡས་རྒྱ་མཚོ། ཕ་ཡུལ་ཁམས་སྒ་བ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༡ ཡིན་པའི་བློ་བཟང་ཕུན་ཚོགས། ཕ་ཡུལ་ཁམས་རྫ་ཆུ་ཁ་བ་ནས་ཡིན་ཞིང་ད་ལྟ་རང་ལོ་ ༢༦ ཡིན་པའི་བློ་བཟང་བྱམས་པ། ཕ་ཡུལ་ཁམས་རྟ་བོ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༦ ཡིན་པའི་བློ་བཟང་སྨོན་ལམ། ཕ་ཡུལ་ཁམས་ལི་ཐང་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༩ ཡིན་པའི་སྐལ་བཟང་བསམ་འགྲུབ། ཕ་ཡུལ་ཁམས་རྟ་བོ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༡ ཡིན་པའི་ཉི་མ་གྲགས་པ། ཕ་ཡུལ་ཁམས་བྲག་མགོ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༣༠ ཡིན་པའི་བསྟན་འཛིན། ཕ་ཡུལ་ཁམས་རྟ་བོ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༣ ཡིན་པའི་བསོད་ནམས་རིན་ཆེན་བཅས་ཡིན་འདུག 

 

དེ་རིང་ཉིན་གུང་ཁ་པར་བརྒྱུད་བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། སྤྱིར་ཐེངས་འདིའི་ལས་འགུལ་ཁྲོད་དངོས་སུ་སྐྱོད་མཁན་ངེད་ཅག་མི་ ༡༡ ཡོད་ཀྱང༌། ཕྱི་ཚེས་ ༡༦ ཉིན་ནས་བཟུང་གངས་སྐྱོན་གྱིས་རླངས་འཁོར་བགྲོད་མ་ཐུབ་སྟབས། ཁོང་ཅག་གིས་ཨུ་ཚུགས་མཐར་སྐྱེལ་བྱས་ཏེ་ང་རང་འགྲོ་ཐུབ་མ་སོང༌། ད་ལྟ་ང་རང་ཕྱིར་ལྡི་ལིར་ལོག་སྟེ་ཁོང་ཅག་གི་གནས་ཚུལ་ལ་སྒུག་ཡོད། དེ་རིང་སྔ་དྲོ་འབྲེལ་བ་ཐེངས་གཅིག་བྱུང་སོང༌། ཁོང་ཅག་ཞབས་ཐང་གིས་བསྐྱོད་དེ་ཉིན་གྲངས་ ༤  དེ་ཆགས་ཡོད་སྟབས། ད་ཆར་ཁོང་ཅག་གི་གཟུགས་པོའི་གནས་སྟངས་ཅུང་སྐྱོ་རུ་འགྲོ་བཞིན་ཡོད་པའི་སྐད་ཆ་འདུག དེ་མ་གཏོགས་ད་སྔ་ལམ་བར་ནས་བཀག་འགོག་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མི་འདུག ད་ལྟ་བོད་པའི་ས་མཚམས་ལ་ཐག་ཉེ་བོ་ཆགས་ཀྱིན་ཡོད་ཀྱང༌། ས་ཚིགས་གསལ་བོ་བཤད་རྒྱུར་སྟབས་བདེ་མི་འདུག གང་ཡིན་ཟེར་ན། རྒྱ་གར་མཐའ་སྲུང་དམག་མིར་གཞའ་དགོས་པ་རེད། ཐེངས་འདིར་ངེད་ཅག་བོད་ནང་དུ་བསྐྱོད་རྒྱུར་ཆོད་སེམས་དང་དམ་བཅའ་བརྟན་པོ་ཡོད། ང་ཚོར་ཐེངས་འདིར་གོ་སྒྲིག་དང་སྣེ་ཁྲིད་བྱེད་མཁན་གཞན་གཅིག་ཀྱང་མེད། ང་ཚོས་རང་དོན་རང་གཅེས་ཀྱིས་དང་ལེན་བྱས་པ་ཡིན་ལ། ད་དུང་མི་ ༨༠ ལྷག་གིས་ལས་འགུལ་འདིའི་ཆ་ཤས་ལེན་རྒྱུར་གྲ་སྒྲིག་ཨང་གསར་བྱས་བསྡད་ཡོད། ཅེས་ངོ་སྤྲོད་གནང་བྱུང༌།

 

 

བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་ཕྱིར་རང་ཡུལ་དུ་ལོག་པའི་ལས་འགུལ་ཐེངས་གཉིས་པའི་ཐད་དགོངས་ཚུལ་དང་རེ་འདུན་གསུངས་དོན། ལས་འགུལ་འདི་མུ་མཐུད་ནས་སྤེལ་དགོས་པའི་རྒྱུ་མཚན་ནི་རང་ཉིད་གདོང་དམར་བ་ཞིག་གི་ཤ་ཁྲག་ལས་མཆེད་པ་ཡིན་སྟབས། ནམ་ཡང་མི་རིགས་ཀྱི་ཆེད་དུ་ང་ཚོས་འཚོལ་དགོས་པ་ནི་རྒྱལ་ཁབ་ཀྱི་རང་དབང་དང་བདེ་སྐྱིད་ཀྱི་འཚོ་བ་ཡིན། དེ་བས་ང་ཚོས་འདི་ལྟར་རང་གི་ཚེ་སྲོག་གིས་བོད་ཀྱི་མ་འོངས་པའི་བདེ་སྐྱིད་བསུ་འདོད་བྱུང་ལ། རྒྱལ་སྤྱིའི་མི་མང་རྣམས་ཀྱི་མདུན་སར་གཞིས་སྡོད་བོད་མི་ཚོར་རང་དབང་མེད་པའི་དོན་དངོས་ཀྱི་གནས་སྟངས་དེ་གསལ་བཤད་བྱ་འདོད་ཡོད། ང་ཚོའི་ལས་འགུལ་འདིར་ཐེངས་འདིའི་མི་བཅུ་ཙམ་མ་ཡིན་པར་ང་ཚོ་དང་འདྲ་བའི་ གྲོགས་པོ་མང་པོ་ཞིག་གིས་ལམ་ཁ་འདི་ན་སྒུག་ཡོད། དེ་དག་ཚང་མ་ཡང་ང་ཚོ་ནང་བཞིན་བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད་འདོད་པའི་དཔའ་བོ་དཔའ་མོ་ཉག་གཅིག་ཡིན་པ་ང་ཚོར་ཡིད་ཆེས་ཡོད། གཞན་ད་དུང་བྱེས་སྡོད་བོད་མི་དག་གིས་ ༧གོང་ས་མཆོག་སྐུ་ལྷམ་མེར་བཞུགས་པའི་ད་ལྟའི་གསེར་ལས་དཀོན་པའི་གོ་སྐབས་འདི་ཆུད་ཟོས་སུ་མི་གཏོང་བར་ཚང་མས་བོད་མིའི་བདེ་སྐྱིད་སྔོན་བསུ་ལ་འབད་པ་བྱ་རྒྱུ་ང་ཚོའི་རེ་བ་ཡིན་ལ། དེ་བཞིན་འཐབ་རྩོད་ནི་རྒྱུན་མཐུད་དགོས་པ་ཞིག་ལས་སྐབས་བབ་ཀྱི་དབྱར་ཁའི་གནམ་ངོ་ལྟར་བྱས་ན་ཕན་ཐོག་ཡོད་བསམ་གྱིན་མེད། ཅེས་གསུངས་འདུག

འབྲེལ་ཡོད་གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་ཅིག་བཏོན། བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས། ༢༠༢༥།༦།༡༧
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་བཏོན།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨ་ཕ་གསེར་གྱི་ཕོར་བའི་རྐང་སྤོལ་འགྲན་ཚོགས་སྒང་ཏོག་ཏུ་འཚོག་མུས་ཡིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌེན་སི་མི་ཐི་མཆོག་ཨོ་གླིང་གི་ཕྱི་སྲིད་ལས་ཁུངས་ཀྱི་ཚོང་དོན་གྱི་བློན་ཆེན་གཞོན་པར་བསྐོས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༦
Mobile App

བཀའ་སྤྱི་གཉིས་ཀྱིས་འཚམས་འདྲི་གནང་། 

༢༠༢༥/༠༦/༡༦
༧གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།  ༢༠༢༥།༠༦།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།

༢༠༢༥/༠༦/༡༦
Advertisement for App

། ཨྱོན་སྨིན་གྲོལ་གླིང་དུ་སྔ་འགྱུར་བཀའ་མའི་དབང་གི་ཆོས་བརྡ་གསལ་བསྒྲགས།

༢༠༢༥/༠༦/༡༦
The bridge over the Indrayani river collapsed in Pune's Kundmala area on Sunday afternoon, officials say.
Mobile App

རྒྱ་གར་ནུབ་ཕྱོགས་སུ་ཟམ་པ་འགྱེལ་ནས་མི་གཉིས་རྐྱེན་འདས་སུ་ཕྱིན།

༢༠༢༥/༠༦/༡༦

མཆན། 27

  1. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    དངོས་གནས་རང་ཡུལ་དུ་ལོག་མཁན་དགོས་ཀྱིན་འདུག དེ་ཡང་ཁ་ཕོ་ཆེན་སྔོན་དུ་འགྲོ་མི་དགོས་པའི་ཐོག་ནས་ལྐོག་ལྐོག་སུད་སུད་དུ་ལོག་མཁན་དགོས་ཀྱིན་འདུག ཆབ་སྲིད་ཀྱི་ལས་འགུལ་ཞེས་མིང་འདོགས་མི་དགོས་པའི་ཐོག་ནས་ལོག་དགོས་ཀྱིན་འདུག བོད་དུ་སླེབས་ཚར་རྗེས་གཞི་ནས་ལས་འགུལ་ངོ་མ་དེ་སྤེལ་ཐུབ་དགོས་ཀྱིན་འདུག

    Reply
  2. དགྲ་འདུལ། says:
    ལོ་ 16 སྔོན།

    རྗེས་སུ་ཡི་རང་ཡོད། ཡིན་ཡང་གནས་ཚུལ་འདིའི་ནང་དུ་གསལ་ཁ་མེད་པ་ནི་ལས་འགུལ་འདིའི་དམིགས་ཡུལ་རེད། ཕྱིར་བོད་དུ་ལོག་རྒྱུ་ཁོ་ན་ཙམ་ཡིན་ཚེ་ལས་འགུལ་འདི་དང་ལམ་ཁ་འདི་མ་བརྒྱུད་པར་ཕྱིན་ནའང་འགྲིག་གི་རེད།

    Reply
  3. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    སྙིང་ནས་རྗེས་སུ་ཡིོ་རངས་བྱེད།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    གསང་བ་མ་རེད། ཡིན་ཡང་། ས་ཚིགས་གང་ནས་འབུད་མིན་ནི་གསང་བ་རེད།

    Reply
  5. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ

    Reply
  6. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    དྲོགས་ཚོ་་་་་་་་་རེད་ཡ་ང་ཚོ་ཤི་མ་ཐུབ་ནས་མི་ཡུལ་དུ་གྱར་བ་རེད ། ད་དུང་ཡིན་ཡང་རྒྱའི་ལག་ཏུ་ཤི་མི་ཐུབ་པ་བྲརྒྱ་ཆའི་༩༠རེད། རང་ཉིད་སྤྱང་མདོག་གི་སྒོ་ནས་ཕུགས་སུ་བསྡད་དེ་གཞན་པ་མདུང་སྣེར་བརྫངས་ན་ཁོང་ཚོ་ཡང་སྙིང་རྗེ ། འདིའི་རིགས་ཀྱི་ན་ཚ་འདི་སྤྱི་ཚོགས་ནང་དུ་ཁྱབ་བཞིན་ཡོད ། རང་ཉིད་ལ་དེ་འདྲའི་དཔའ་ངར་ལྡན་ན་ཐེངས་གཅིག་ཚོད་ལྟ་བྱོས་དང་སྲོག་ལ་ཐུག་དུས་ཁ་ཕྱིར་མི་འཁོར་མཁན་ཞིག་ཨེ་ཡོད། གང་ལྟར་ཁོང་ཚོའི་ཚེ་སྲོག་ལ་སྐྱོན་ཆགས་མེད་པའི་སྨོན་ལམ་རེ་བཏབ་ན་མགཏོགས་ང་ཚོའི་ངོས་ནས་ཅི་བྱེད །
    ད་དུང་དུས་བབ་ཚང་ལ་འདྲི་རྒྱུ་ཞིག་ལ་་་ ལས་འགུལ་འདི་གསང་བ་ཡིན་པ་བདེན་ནམ་ཁྱབ་བསྒྲགས་བྱེད་བཞིན་པ་བདེན།

    Reply
  7. བློ་བཟང་ལུང་རྟོགས། says:
    ལོ་ 16 སྔོན།

    སྔོན་མ་ང་རང་བོད་ནང་ཡོད་དུས་རྒྱ་གར་ནས་བོད་མི་ལྔ་བརྒྱ་ཞི་བའི་གོམ་བགྲོད་ཀྱིས་བོད་ནང་ཡོང་གི་ཡོད་སྐོར་ཐོས་རྗེས་སྦྱར་ཡིག་སྦྱར་བར་བརྟེན་ཟླ་ངོ་༡༨་ཙམ་བཙོན་ཁང་དུ་འདུག་དགོས་བྱུང་། ཁོང་ཚོ་བོད་ནང་སླེབས་པ་ཡིན་ན་ཤར་རྒྱགས་བཙོན་ཁང་ནང་སླེབས་རྒྱུ་ཡིན་པས་ཁོང་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཡོད། འོན་ཀྱང་། འཆར་ཅན་ལྟར་གངས་ལ་འཛེགས་ཙམ་གྱིས་རྒྱ་གར་ལ་ཕྱིར་ལོག་བྱས་ནས་ངོ་ཚ་རེད།
    ངའི་ལུས་གཞན་ཡུལ་དུ་ཡོད་ཀྱང་སེམས་པ་ཁྱེད་ཅག་ལྷན་དུ་ཡོད།
    ཁྱེད་ཅག་བོད་དུ་སླེབས་པའི་ཉིན་དེར་ཁྱེད་ཚོ་གངས་ཅན་པའི་དཔའ་རྒོད་ཆགས་པ་རེད། བོད་མིས་མིག་བལྟས་བྱེད་ས་ཆགས་པ་རེད།
    གྲྭ་བ་ཚོས་མི་ཚེ་དགོན་པར་སྐྱེལ་རྒྱུ་ལས་བོད་ཀྱི་མ་འོངས་པའི་བདེ་རྩར་ཕན་པའི་ལས་དོན་སྒྲུབ་ན་ཡག་གི་རེད་བསམ་གྱི་འདུག ངས་འདི་ཁོང་ཚོ་ནང་བཞིན་ཉེན་ཁ་ཆེ་བའི་ལས་དོན་སྒྲུབ་རོགས་ཞུ་གི་མེད། འོན་ཀྱང་། བོད་མི་དམངས་ཀྱི་གནས་སྟངས་ཉམ་ང་འདི་འདྲ་ཆགས་པའི་སྐབས་སུ་ང་ཚོའི་མི་ཤུགས་གཙོ་བོ་དགོན་པ་ནས་ལྷགས་ནས་ཐབས་སྐྱོ་བོ་རེད།

    Reply
  8. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    བློ་ཡུལ་ལས་འདས་པ་ཞིག་ལ། ཤིང་བཟའ་རིན་པོ་ཆེས་དབུ་ཁྲིད་པའི་རྒྱལ་གཅེས་པ་འདི་དག་བོད་དུ་བསྐྱོད་པའི་གནས་ཚུལ་གོ་རྗེས། རང་འགུལ་གྱིས་མིག་ཆུ་ཤོར་བའམ་ཡང་ན་སྨྲ་བ་མེད་པར་ཁ་རོག་གེར་འདུག་འདོད་པ་ཞིག་བྱུང༌། དེ་ནི་རང་ཉིད་ཀྱི་ཤ་དང་ཁྲག་གཅིག་པའི་དཔའ་བོ་ཁག་ཅིག་མི་རིགས་སམ་མིའི་རིགས་ཀྱི་བདེ་སྡུག་གི་ཆེད་ཚམ་ཚོམ་མེད་པར་གཤིན་རྗེའི་འཕྲང་ལ་མཆོངས་པས་རེད། ཁ་ཁོ་ན་ལས་མེད་པའི་ང་རང་ཐེ་བའི་མི་ཁ་ཤས་ཤིག་གིས་རང་གི་རྒྱལ་ཁབ་དང་རང་གི་མི་རིགས་ནང་ཕན་ཚུན་དཀྲུགས་པ་ལས་མི་འཇོན་པར་བསམ་ན་ལྷག་ཏུ་སྐྱོ་བ་ཞིག་སྐྱེས་ཀྱིན་འདུག མཐའ་དོན་དཔའ་བོ་འདི་དག་རྒྱལ་བར་གྱུར་ཅིག་ཞུ་བ་དང༌། འདི་དག་གི་སྐབས་དོན་ལས་འགུལ་ལམ་དུ་ལྷོང་བའི་སྨོན་ལམ་སྙིང་ནས་འདེབས་ཞེས་ཞུའོ།།

    Reply
  9. གངས་གླག says:
    ལོ་ 16 སྔོན།

    good, appreciate your great work… here i want to say thank you to all of you guys…..take care

    Reply
  10. འཁྱམས་པོ། says:
    ལོ་ 16 སྔོན།

    རང་སེམས་འདི་སུ་ཞིག་གིས་བོད་དོན་ལ་ཐ་ན་ཚིག་གཅིག་བཤད་ན་དེ་དང་མཉམ་དུ་ཡོད་་་་་ཨ་ལགས་ཤིང་བཟའ་རིན་པོ་ཆེ་དང་ཁོང་ཚོའི་ཐུགས་སྨོན་ཡིད་བཞིན་དུ་འགྲུབ་པར་སྨོན། ཡ་ད་ ཁ་ཡག་རེ་དང་བསྟོད་ར་བྱས་ནས་སྡོད་རྒྱུ་ལས་མིག་དཔེ་འདིའི་རྗེས་ནས་སུ་ཞིག་གིས་སྣེ་ཁྲིད་འོགས་ལས་འགུལ་གཉིས་པ་དེ་་་་་ ད་དུང་གསུམ་པ་་་་ དེ་ནས་བཞི་པ་་་་་མུ་མཐུད་ནས་ལྔ་པ་་་་་འུ་ཚང་བོད་པ་ཚོ་བཤད་ན་མཁས་

    Reply
  11. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གངས་ལྗོངས་ཀྱི་དཔའ་བོ་ཚོ།
    སོ་སོའི་མི་རིགས་དང་། སོ་སོའི་རྒྱལ་ཁབ་ཀྱི་ཆེད་དུ་དཀའ་ངལ་ཁྱད་བསད་ཀྱིས་ལས་འགུལ་སྤེལ་བར་སྙིང་ཐག་པ་ནས་བསྔགས་བརྗོད་ཞུ།

    Reply
  12. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    ཁྱེད་ཚོས་གོ་ཨེ་མྱོང་། ཡང་ན་བསམ་ཨེ་མྱོང་། འཛམ་གླིང་གི་མཐོ་སྒང་དུ་གྲགས་པའི་རི་བོ་ཇོ་མོ་གླང་མའི་རྒྱབ་མདུན་དུ། སྟོབས་དང་ཤུགས་ཀྱིས་འཕྱོ་མྱོང་བའི་གངས་སེང་དཀར་མོ་དེའི་གད་རྒྱངས། ལོ་ཟླ་ཁྲི་སྟོང་བཞུད་པའི་དེ་རིང་ད་དུང་གངས་སེང་གི་སྡེར་ཤུལ་མངོན་འདུག་པ་མཐོང་ཨེ་བྱུང་། རང་ཅག་ནི་སུ་ཞིག་གི་རྗེས་སྐྱོང་བར་གྲག་ཅིང་། གང་ཞིག་གི་མནར་གཅོད་གླེང་བཞིན་འདི་ལྟར་བསྡད་ཡོད་པར་བསམ་ཨེ་མྱོང་། གངས་སེང་ངེས་པར་ཡོད་ངེས་ཏེ། ཡབ་མེས་སྲུང་བཙན་སྒམ་པོ་ནི། ཇོ་མོ་གླང་མའི་དབུ་རྩེར་འགྲེང་བའི་གངས་སེང་རེད་ལ། དཔའ་བོ་ཁྲི་སྲོང་ལྡེ་བཙན་ཡང་ཧི་མ་ལ་ཡའི་ཕྲག་སྟེང་ནས་གཡུ་རལ་གསིག་པའི་གངས་སེང་རེད། གངས་སེང་ངེས་པར་ཡོད་ངེས་ཏེ། མདོ་དབུས་ཁམས་གསུམ་ན་གཅེས་སྲོག་དགྲ་ལ་གཏོད་པའི་མདུན་མཆོངས་པ་འདི་དག་ནི་དོན་དངོས་ཀྱི་སེང་གེ་རེད། མིའི་རིགས་ཀྱི་སེང་གེ་རེད། གངས་རིའི་གངས་སེང་རེད།

    Reply
  13. གླེན་པ་ལུག says:
    ལོ་ 16 སྔོན།

    སྐུ་ཞབས་མདོ་ལའི་འཁྱམས་པོས་གསུངས་པ་དེ་ག་རང་རེད། མདོ་ཁམས་ཀྱི་མི་རྣམས་ལྷ་ས་སོགས་སུ་བྲོས་བྱོལ་དུ་འབྱོར་སྐབས་སུ། ཅི་བཤད་ཅིང་། ལྷ་སའི་ཕྱོགས་ཀྱི་མི་རྣམས་ཀྱི་རོགས་འདེགས་དང་སྐྱོར་མ་བརྟེན་ཡོད་ལ། རྒྱ་གཞུང་སྲིད་ཇུས་ལ་གུ་ཡངས་ཀྱི་རྣམ་པ་བྱུང་རྗེས་ནས་ཐོག་དང་པོར་བོད་རང་དབང་འཐབ་རྩོད་ཀྱི་མེ་སོན་འདེབས་མཁན་ཀྱང་དབུས་གཙང་བ་རེད། དབུས་གཙང་བའི་ཤུགས་རྐྱེན་རིམ་གྱིས་སྨིན་ལ་པ་ལས་མདོ་དབུས་ཁམས་གསུམ་སེམས་པ་བསམ་གཅིག་ལ་བརྒྱུས་པའི་དེ་རིང་གི་ཉིན་མོ་འདི་འདྲ་བྱུང་བ་རེད། འདི་ནི་བྱུང་རིམ་དངོས་རེད། ད་ལྟའི་སྐབས་འདི་འདྲར་མི་རིགས་ཀྱི་ཆེད་དུ་བྱ་གཞག་གང་ཞིག་སྒྲུབ་ཀྱང་རུང་ཁ་ཚུར་འཁོར་ནས་མི་རིགས་ནང་ཁུལ་ལ་སྡུག་ཡུས་འདོན་པ་དང་འཁང་ར་བྱེད་པ་དེ་གཏན་ནས་འོས་འཚམས་ཤིག་མ་རེད། སྒྲུབ་ཐུབ་མིན་ལ་མ་ལྟོས་པར་བོད་མི་རིགས་ཀྱི་ལོ་རྒྱུས་ལ་འགན་ཁུར་དགོས་པ་ནི་རང་ཅག་ཚང་མའི་གཡོལ་ཐབས་བྲལ་བའི་འོས་འགན་ཉག་གཅིག་རེད། མ་རེད་དམ།

    Reply
  14. མིག་གསུམ་པ། says:
    ལོ་ 16 སྔོན།

    ངོ་མ་བཤད་ན་དོན་དམ་པའི་དཔའ་བོ་ཁ་ཤས་ཤིག་ཡང་བསྐྱར་ཕ་ས་བྲང་མགོ་འདྲ་བོ་དགྲ་ལག་ནས་ལེན་དུ་འགྲོ་འདུག་པ་དེ་ནི་ཧ་ལས་པ་རེད། ཁོང་ཚོར་ལམ་བར་ནས་རྐྱེན་དང་བར་ཆད་མེད་པའི་སྨོན་ལམ་སྙིང་ནས་འདེབས། ཁོང་ཚོས་འདི་ལྟར་སྙིང་སྟོབས་ཤིག་དགུང་ལ་བཏེགས་ཏེ་ཕ་ཡུལ་གྱི་ཕྱོགས་སུ་འགྲོ་བ་ནི་མི་རིགས་ཤིག་གི་བདེ་སྡུག་བསམ་པ་རེད། ད་དུང་འདི་ལྟ་བུའི་ལས་འགུལ་གྱི་རིམ་པ་མང་པོ་ཞིག་ཁ་ཚ་དགོས་གཏུགས་སུ་མཐོང་གི་འདུག མཐར་ཨ་ལགས་ཤིང་བཟའ་ཚང་གི་སྐུ་ཚེ་བརྟན་ཅིང་ལས་འགུལ་བ་རྣམས་ཀྱི་འདོད་དོན་ཡིད་བཞིན་དུ་འགྲུབ་པའི་སྐྱབས་འཇུག་སྙིང་ནས་ཞུ།

    Reply
  15. མདོ་ལའི་འཁྱམས་པོ། says:
    ལོ་ 16 སྔོན།

    བདེ་འབྱུང་ལགས། རེ་ཟུང་གི་ཁ་ལ་མ་ཉན་རོགས་གནང་། ང་ཚོ་ལ་དགོས་པ་ནི་མི་རིགས་ཡིན་ལ་ཆོལ་ཁ་མིན། རང་མྱོང་ཞིག་ཞུ་རྒྱུར། ང་རང་ལྷ་སར་རྒྱ་ནག་གི་གཉེར་རྟོགས་པས་གཅར་རྡུང་ཚད་མེད་དང་བཙོན་བྲོས་སྐབས་སུའང་རྒྱ་ལག་ནས་སྐྱོབ་མཁན་ལྷ་སའི་ཨ་མ་ལགས་ཤིག་ཡིན་ལ། ང་ལ་རྨ་བཅོས་དང་གཡོར་སྐྱོང་། སྤས་སྐུང་ཟླ་གསུམ་གྱི་རིང་བྱེད་མཁན་ཡང་ཕེན་པོའི་སྤོ་ལགས་ཤིག་ཡིན། བཙན་བྱོལ་ཏུ་ཐར་ཐབས་ཀྱི་རོགས་རམ་བྱེད་མཁན་ཡང་ལྷ་སའི་ཇོ་ལགས་ཤིག་ཡིན་པས་མདོ་ཁམས་གཉིས་ཀྱི་མི་ཚང་མར་དེ་ལྟར་མིན་པ་ཤེས་དགོས། ང་ཚོར་དགོས་པ་ནི་གཅིག་སྒྲིལ་ཡིན་པ་ངས་འདིར་བཤད་ཅི་དགོས།

    Reply
  16. གླེན་པ་ལུག says:
    ལོ་ 16 སྔོན།

    གང་ལྟར་ཡང་། ལྡོག་དཀའ་བའི་ཞེན་ཆགས་དེའི་དབང་གིས། འདི་ལྟར་བསྐྱོད་སོང་བའི་ཁོ་ཚོ། ངའི་ཡ་ཆུང་སྙིང་ན་འཚེར་བའི་མུ་ཏིག་ཡིན། དྲན་པའི་གཏིང་ལ་སྦས་པའི་ལྷ་མཆོག་ཡིན། འཁོར་བ་འདིའི་ཕྱི་མཐའ་ནས་ཀྱང་། ང་ཚོ་བསྐྱར་དུ་མཇལ་ཆོག སྤུན་ཟླ་ཚོ། ཨ་ཕ་བྱང་ཆུབ་སེམས་དཔའི་རུས་རྒྱུད་ད་དུང་ཡོད་ལ། ཨ་མ་བྲག་གི་སྲིན་མོའི་བྱམས་བརྩེ་ད་དུང་འཁྱིལ་ཡོད། བསྐལ་བའི་ཕ་མཐའ་ནས་ཀྱང་གདོང་དམར་བའི་དཔའ་གདེངས་མཐོན་པོར་གྲགས་ཏེ། འཛམ་གླིང་གི་སྒལ་སྟེང་དུ་འཇིགས་ཞུམ་བྲལ་བའི་བདེན་དོན་གྱི་ཞབས་རྗེས་བཞག་ཆོག སྐྱེ་བ་བོད་ལུས་བླངས་པའི་དམིགས་དོན་འདི་ལྟར་སྒྲུབ་ཅིང་། བསམ་ལ་བོད་ལ་དཀར་བའི་རང་མདངས་འདི་ལྟར་མངོན་ན། ཚོར་ཤེས་སྙིང་ན་ལྕི་བའི་གླེན་པ་་ང་ཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  17. མདོ་ལའི་འཁྱམས་པོ། says:
    ལོ་ 16 སྔོན།

    ཁོང་དཔའ་བོ་ཚོའི་འདོད་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་བོད་ལ་བསླེབ་ཐུབ་པའི་སྨོན་ལམ་ཞུ། ང་ནི་མི་རིགས་འདིའི་བདེ་སྡུག་གི་འགན་མ་ཁུར་བའི་ནག་ཉེས་པ་ཞིག་ཡིན། ངའི་སེམས་པ་དཔའ་བོ་དེ་ཚོ་དང་མཉམ་དུ་ཡོད། ཁ་བྲོ། བཀྲ་ཤིས།

    Reply
  18. བདེ་འབྱུང་ says:
    ལོ་ 16 སྔོན།

    ཆོལ་ཁ་དང་ཕྱོགས་ཁ་རྐྱང་བཤད་ནས་བསྡད་ན་ཡག་པོ་མི་འདུག དེ་ཚོ་དཀྲུགས་ཤིང་རང་རེད། མི་རེ་ཟུང་ནས་ཟླ་རྙིང་ལྷ་ས་ནས་ཡར་ལངས་མཁན་ཚང་མ་ཁམས་པ་ཨ་མདོ་ཡིན་ཚུལ་དང་། ལྷ་སའི་ཁང་བདག་ཨ་མ་ལགས་དང་པ་ལགས་རྣམས་ནས་གྱེན་ལངས་དུ་ཞུགས་མཁན་རྣམས་རྒྱ་དམར་གཞུང་ལ་རྩིས་སྤྲོད་ཞུས་ཚུལ། དབུས་གཙང་རྒྱལ་འཚོང་བ་ཡིན་ཚུལ། ལྷ་སའི་བཤང་འཚོང་མ་རྣམས་བཙན་བྱོལ་དུ་འབྱོར་ན་ཆབ་སྲིད་བཙོན་པ་ཡིན་ཚུལ་དཀྲོགས་གཏམ་སྒྲོགས་པར་ང་རང་དབུས་གཙང་བ་ཞིག་ཡིན་པའི་ཆ་ནས་བློ་ཕམ་ཡོད། ང་ཚོ་དབུས་གཙང་ཚང་མ་དགུ་བཅུ་གསུམ་མི་པ་མཁྱེན་དགོས།

    Reply
  19. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    དཔའ་བོ་དག་གི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་ཁྱེད་ཅག་གི་བསམ་དོན་མྱུར་འགྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply
  20. རྭ་ལོ། says:
    ལོ་ 16 སྔོན།

    ལགས་སོ། དོན་ངོ་མར་བཤད་ན། ང་ལ་འདིའི་ཐད་རྣམ་རྟོག་མེད་ཙང་ཅི་བཤད་བཤད་རེད། འདི་ལྟར་བྲིས་པ་ཡིན། གལ་སྲིད་ཕུ་དཀྲུགས་མདའ་དཀྲུགས་ལ་འགྲོ་གཞི་ཞིག་ཡིན་ཚེ་ངས་ག་ལ་བཤད། ཨ་མདོ་ནས་རོང་འབྲོག་གཉིས་ཀ་བརྩད་ནས་རྩེད་མོ་རྐྱང་རྩེས་བསྡད་ཡོད་པ་རེད། འགལ་རྒྱུ་ཡོད་པ་མ་རེད། འདི་ནི་དཔེ་མཚོན་ཙམ་ཡིན། མ་གཞི་ནས་ཁྱོད་ཚོར་ཕོག་དོན་ལ་བལྟས་ན་སེམས་ན་དྲི་ཏོག་ཙམ་ལྷག་བསྡད་ཡོད་པ་འདྲ། རྗེས་ཕྱོགས་ངས་གཟབ་པར་བྱ། ངོ་མ་ཡིན།

    Reply
  21. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་ཀྱི་བདེན་དོན་ཆེད་དུ་དཔའ་བོ་དག།
    ཕྱི་དང་ནང་དུ་བྱུང་བ་སྤྲོ་ན་ཡང་།།
    གྲ་བ་མ་གཏོགས་མི་སྐྱ་མེད་པ་འདི།།
    ད་དུང་བོད་དོན་ཟེར་ཡང་དེ་ཙམ་རེད།།
    ཕྱི་ནང་གཉིས་སུ་གྲ་བར་ལྟ་སྟངས་ཤིག།
    ཡག་པོ་མེད་པར་འགྲོ་བཞིན་བཤད་མཁན་ཚོ།།
    བོད་ཀྱི་བདེན་དོན་རྩོད་མཁན་ཁོང་ཚོ་རེད།།
    བོད་ཀྱི་བདེ་སྡུག་གླེང་མཁན་ཁོང་ཚོ་རེད།།
    བོད་ཀྱི་ཆེད་དུ་ཚེ་སྲོག་ཁོང་ཚོ་ལ།།
    རིན་ཐང་ཆེན་པོར་མེད་པར་འདོད་པ་ནི།།
    རང་ལས་གཞན་གཅེས་ཟེར་བ་མ་ཡིན་ནམ།།
    རྒྱལ་ལོ་རྒྱལ་ལོ་བོད་ཀྱི་དབའ་བོ་ཚོ།།
    ཕྱི་ནང་གཉིས་ཀའི་བོད་ཀྱི་དབའ་རྒྱལ་ལོ།།

    Reply
  22. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    དྲ་གྲོགས་ར་ལོ་མིང་ཅན་ལགས། ཁྱེད་རང་གིས་ག་དུས་ཡིན་ཡང་ཆོལ་ཁ་ཟེར་ནས་གླེང་དེ་འོང་ནས་འཁྲིག་ཤིང་འཕེན་དོན་ཅི་ཡིན། བོད་ཟེར་བ་ནི་གཅིག་ལས་གཉིས་མེད་དུས། བོད་དོན་བོད་མི་མཐོ་དམན་སུ་ཞིག་གིས་བྱོས་ཀྱང་དགའ་གུས་ལྷག་བསམ་དག་པའི་རྒྱབ་སྐྱོར་བྱེད་དགོས་པ་ལས། རང་རང་གིས་བྱེད་མ་ཐུབ་ཀྱང་བྱེད་མཁན་དེ་དག་དང་འབྲེལ་ནས་སྐད་ཆ་དེ་འདྲའི་ཚོད་མེད་རིགས་རྗེས་ཕྱོགས་མི་གསུང་རོགས་ཞུ། ངེད་ཅག་བོད་པ་ལ་དགོས་པ་ནི་བོད་ཀྱི་བདེ་སྡུག་ཡིན་པ་ལས། ཆོས་ལུགས་དང་ཆོལ་ཁའི་མིང་འཁུར་ནས་མདའ་འཁྲུག་འཕོང་འཁྲུག་བྱེད་མཁན་དེ་དག་རྩ་ནས་ཆགས་མེད་པ་རེད། ཐུགས་རྗེ་གཟིགས། རྗེས་ཕྱོགས་སྐད་ཆ་བསམ་ཤེས་ཡོད་པའི་སྒོ་ནས་གསུང་རོགས།

    Reply
  23. རྭ་ལོ། says:
    ལོ་ 16 སྔོན།

    ཁོས་ང་ལ་ལབ་གིན་ཡོད་པ་རེད།

    Reply
  24. སོག་མེ་རི། says:
    ལོ་ 16 སྔོན།

    ཡིན་ན་ཡང་འདིས་ནང་ལ་དྲ་གྲོགས་ཁ་ཤས་འདུག་ ཁ་ནི་ཆོལ་ཁ་དང་ཆོས་ལུགས་མ་ཏོག་ལབ་ཡག་མེད་པ་ ཁོག་ནི་ང་རྒྱལ་དང་ཕྲག་འདོག་མ་ཏོག་དྲེན་ཡག་མེད་པ་
    དེ་ཚོ་ནི་བོད་མི་རྡོག་རྩ་གཅིག་སྒྲིལ་དང་ ཆོས་ལུགས་རིགས་མེད་ཡོང་ཡག་གི་དུག་གི་ས་བོན་རེད་ དྲ་གྲོག་ཚོ་དེའི་རིག་ལ་གཟབ་དགོས།

    Reply
  25. སོག་མེ་རི། says:
    ལོ་ 16 སྔོན།

    ང་རང་ལུས་པོ་ཁྱེད་ཚོ་དང་གཉམ་དུ་མ་སླེབས་ཀྱང་ སེམས་པ་སྡུག་ན་སྡུག་གཉམ་ དགའ་ན་དགའ་མཉམས་ཡིན་ ཚང་མ་ལ་སྡུག་སེམས་གཉམ་སྐྱེད་ཡོད།

    Reply
  26. གངས་ཕྲུག says:
    ལོ་ 16 སྔོན།

    ཁོང་ཅག་ལ་ཡི་རངས་བསྔགས་བརྗོད་ཞུ། གངས་ལྗོངས་ས་ཡི་ཐིག་ལེར་ཞབས་བཅག་ཐུབ་པའི་སྨོན་འདུན་ཞུ། བོད་དོན་ཡིན་ཕྱིན་སུས་བྱས་ཀྱང་ཁྱད་ཡོད་པ་མ་རེད། འོན་ཀྱང་དུས་བབ་ཀྱིས་མཚོན་པའི་བརྒྱུད་ལམ་ཁག་ནས་ཆོལ་ཀ་དབྱེར་མེད་ཀྱི་གསར་འགྱུར་བཏོན་ཐུབ་པ་དགོས་འདུག ཨེ་ཤི་ཡ་རང་དབང་རླུང་འཕྲིན་དྲ་ཚིགས་ནང་གནས་ཚུལ་རྣམས་ཞིབ་མོ་ཞིག་མིན་ཡང་ཆོལ་ཁ་དབྱེར་མེད་བྱེད་དེ་་དུས་ཐོག་ཏུ་བཀོད་ཀྱི་འདུག

    Reply
  27. རྭ་ལོ། says:
    ལོ་ 16 སྔོན།

    དབུས་གཙང་བ་ཚོ་ཕྱིར་ལོག་འདོད་ཡོད་མེད་ཤེས་སོང་ངམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese