མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིར་བུད་མེད་ཅིག་གདམ་དགོས།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་མཆོག་གིས་གང་ཉིད་ཀྱི་སྐུ་དབང་ཡོད་ཚད་བོད་མི་མང་ལ་མང་གཙོའི་གསོལ་རེས་སུ་གནང་བའི་བཀའ་དྲིན་བླ་མེད་དུ་ཆེ་བ་ནས་བཟུང་བོད་ཀྱི་ཆབ་སྲིད་ཐད་བོད་མི་མང་གི་བསམ་འདུན་བཞིན་མང་གཙོའི་ལམ་ལུགས་སུ་བསྐྱོད་རྒྱུར་གཏན་འཁེལ་མཛད་པས། ད་བར་བཀའ་བློན་ཁྲི་པ་དང་སྤྱི་འཐུས་སོགས་མང་གཙོའི་ལམ་ལུགས་སུ་མི་མང་གིས་འོས་འདེམས་ཀྱི་ཐོག་ནས་འཕོ་འགྱུར་གཏོང་གི་ཡོད་མུས་ལ། ཕྱི་ལོ་ ༢༠༠༨ ཟླ་བ་ ༡༠ ཚེས་ ༢༥ ཉིན་༸རྒྱལ་དབང་མཆོག་གིས་སླར་ཡང་། ང་རང་ཚོ་ཐོག་མཐའ་བར་གསུམ་དུ་ཁ་ཞེ་གཉིས་མེད་ཀྱིས་མང་གཙོའི་ཐོག་འགྲོ་གི་ཡོད་སོགས་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གསུངས་ཡོད།

    དེ་ཡང་། ༧རྒྱལ་དབང་མཆོག་གི་ཐུགས་དགོངས་ལྟར། འདས་པའི་བཀའ་ཁྲི་མི་མང་གིས་འོས་འདེམས་བྱས་ཤིང་། ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པ་སུ་གདམ་མིན་འོས་འགན་ཡང་བོད་པ་མི་རེ་ངོ་རེའི་ཕྲག་ཏུ་བབས་ཡོད་ཅིང་། སུ་ཞིག་རང་ཉིད་བཀའ་བློན་ཁྲི་པའི་འོས་ཤོག་འགྲན་བསྡུར་ནང་ཞུགས་ཏེ། ཐོབ་ཐང་གི་ཆ་ཤས་བསླངས་ན་༸རྒྱལ་དབང་མཆོག་གིས་གནང་བའི་མང་གཙོ་གསོལ་རེས་གནང་བ་ལྟར་ལོངས་སུ་སྤྱད་པས་༸རྒྱལ་བ་རྒྱས་པའི་མཆོད་སྤྲིན་དུ་འགྱུར་བར་ངེས་ཤིང་། རང་ཉིད་ཀྱང་བོད་མི་རིགས་དང་རྒྱལ་ཁབ་ལ་ཀུན་ཁྱབ་སེམས་ཁུར་གྱི་འོས་འགན་གཉིས་ཀ་བསླངས་པའི་གདེང་སྤོབས་ཆེ།

    འདས་དུས་མི་མང་གིས་བཀའ་ཁྲི་བདམས་རྗེས་༧རྒྱལ་དབང་མཆོག་གིས། ངོས་ནས་མི་མང་གིས་བཀའ་བློན་ཁྲི་པ་དེ་ལོ་ན་དར་བའི་ཕོ་སར་ནུས་པ་ཅན་ཞིག་དང་། ལྷ་རབ་བྱུང་ན་བུད་མེད་ཅིག་འདེམས་ཐོན་བྱུང་ན་སྙམ་ཡང་། སྟབས་མ་ལེགས་པ་ཞིག་ལ་གྲྭ་པ་བསླབ་རྒན་ང་དང་འདྲ་བ་ཞིག་བདམས་འདུག་ཅེས་གསུངས་པར་གྲགས་ཤིང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཇུག་སྡོམ་གསུང་བཤད་སྐབས་སུ་ལུང་དེ་ཉིད་བསྒྲངས་ཏེ། ཕྱི་ལོ་ ༢༠༡༡ ལོའི་བཀའ་ཁྲི་ཕོ་སར་ཞིག་དང་། ལྷ་རབ་བྱུང་ན་བཀའ་བློན་ཁྲི་པ་བུད་མེད་ཅིག་གདམ་ཐུབ་པའི་ཐུགས་རེ་༸རྒྱལ་དབང་མཆོག་དང་གཅིག་མཚུངས་ལྟར་བསྟན་ཡོད།

    བོད་མི་མང་ངོས་ནས་ཀྱང་སྔར་དང་མི་འདྲ་བར་བོད་ཀྱི་དབུ་ཁྲིད་རྣམ་པའི་བཀའ་དགོངས་ལྟར་སེམས་ཤུགས་མཉམ་སྐྱེད་ཀྱིས་ཕྱི་ལོ་ ༢༠༡༡ གི་བཀའ་བློན་ཁྲི་པ་དེ་མི་མང་དཀྱིལ་དུ་གཅིག་ནས་གཅིག་རང་ལ་བདམས་པ་ཙམ་མ་ཡིན་པར། གདམ་བྱ་མང་པོའི་དཀྱིལ་ནས་ཡག་ཤོས་ཅིག་གདམ་ཐུབ་པའི་རེ་འདུན་གྱི་གྲ་སྒྲིག་ད་ལྟ་ནས་བྱེད་ཀྱི་ཡོད་པས་དགའ་སྤོབས་དང་འབྲེལ། ངོས་ནས་ཀྱང་༧རྒྱལ་དབང་མཆོག་གིས་སྐུ་དབང་མི་མང་ལ་གསོལ་རེས་གནང་བ་དང་། ལྷག་པར་དུ་ཁོང་གིས། ང་རང་ཚོ་ཐོག་མཐའ་བར་གསུམ་དུ་ཁ་ཞེ་གཉིས་མེད་ཀྱིས་མང་གཙོའི་ཐོག་འགྲོ་གི་ཡོད་ཅེས་གསུངས་པ་དང་སྦྲེལ་ཏེ། གོང་བརྗོད་ལྟར་༧རྒྱལ་དབང་མཆོག་གིས་མི་མང་གིས་བདམས་པའི་བཀའ་བློན་ཁྲི་པ་དེ་ཕོ་སར་ཞིག་དང་། ལྷ་རབ་བྱུང་ན་བུད་མེད་ཅིག་གདམ་ཐོན་བྱུང་ན་བསམ་ཀྱང་ཞེས་བཀའ་སློབ་དགོངས་དོན་དེ་དག་གཞིར་བཞག་ཐོག  བོད་དོན་ལ་སེམས་ཁུར་ཅན་མང་པོས་ཀྱང་རྒྱབ་སྐྱོར་བསྐུལ་མ་དང་བཅས་ཀྱིས་མཚམས་སྦྱར་ནས། ངོས་ནས་ཕྱི་ལོ་ ༢༠༡༡ ལོའི་བཀའ་ཁྲི་དེ་བུད་མེད་ཅིག་གདམ་ཐུབ་པ་བྱེད་དགོས་སྙམ།

    བཀའ་ཁྲི་བུད་མེད་ཅིག་འདེམས་ཐོན་བྱུང་ན་དགེ་མཚན།
༡༽ ༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱི་དགོངས་དོན་དང་མཐུན་ཞིང་འཚམ་པའི་ཐོག     ཐོབ་སྐལ་གྱི་ཚུལ་དུ་བུད་མེད་ཅིག་གིས་བཀའ་ཁྲིའི་ཆ་ཤས་བསླངས་ཐུབ་ན་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ངེས་ཡིན་པ། ༢༽ ལྷག་པར་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག  བོད་པ་སྤྱི་མཐུན་གྱི་བཀའ་བློན་ཁྲི་པ་བུད་མེད་ཅིག་བྱུང་ན་འཛམ་གླིང་ནང་མང་གཙོ་ཡར་ཐོན་ཅན་ཨ་རི་སྟོབས་ཆེན་རྒྱལ་ཁབ་དང་མང་གཙོའི་འགྲན་བསྡུར་ནུས་པར་མཚོན་པ། ༣༽ འཛམ་གླིང་ཤར་ནུབ་མང་གཙོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཞན་མང་པོས་ཀྱང་ལེགས་ཆའི་མིག་དཔེ་ལྟ་འོས་པའི་བོད་ནི་གཟི་བརྗིད་ལྡན་པ་ཞིག་ཏུ་འགྱུར་ངེས་པ། ༤༽ གཞིས་སུ་ལུས་པའི་བོད་རིགས་གཞོན་སྐྱེས་དང་དར་མ་མང་པོ་རྒྱ་གཞུང་གི་སློབ་གསོ་ལོག་པའི་འོག་སེམས་ཁོང་ན་གནའ་རབས་བོད་སྲིད་གཞུང་ཟེར་བ་བྲན་གཡོག་ལམ་ལུགས་ཤིག་ཡིན་པ་དང་། བཀས་བཀོད་རྒྱུད་འཛིན་ཡིན་པ། སྲིད་དབང་སྒེར་འཛིན་དང་ཀླད་རྙིང་འཕྲད་མཁྲེགས་འཛིན་འབའ་ཞིག་བྱེད་མཁན་ནག་ཅན་ཞིག་ལ་ལྟ་ཚུལ་ཡོད་པས། མ་འོངས་བོད་བདེན་མཐའ་གསལ་ནའང་ལམ་ལུགས་རྙིང་བ་སོགས་སྔར་བཞིན་འགྲོ་བའི་བསམ་ནོར་ཡོད་ཚད་རྨོངས་གཉིད་ལས་རང་བཞིན་གྱིས་སད་དེ་བློ་ཁ་བདེ་བླག་ཏུ་འགུག་ཐུབ་པའི་དགེ་ཕན་ཡང་ཧ་ཅང་གིས་ཆེ་བ། ༥༽ བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སུ་རྒྱ་གཞུང་གིས་བཙན་བྱོལ་ནང་ནས་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྒྱུའི་ཉེན་ཁ་འདུག་ཅེས་བཤད་ཡོད་པ་སོགས་རང་བཞིན་གྱིས་དག་སེལ་དུ་འགྲོ་བ། ༦༽ གཞིས་བྱེས་གང་སར་ན་གཞོན་ཁག་ཅིག་གཙོས་པའི་བོད་མི་མང་པོ་ཞིག་དང་། ལྷག་པར་བུད་མེད་མང་དག་ཅིག་རྒྱུན་དུ་ཕངས་སེམས་རང་བཞིན་གྱིས་དམའ་ལ་དུས་རྒྱུན་ཆབ་སྲིད་ཐད་དོ་སྣང་མི་བྱེད་མཁན་ཚང་མ་རང་བཞིན་གྱིས་བློ་སྟོབས་རྒྱས་ཤིང་བསམ་བློ་སད་ཐུབ་པའི་དགེ་ཕན་ནུས་པ་ཆེན་པོ་ལྡན་ཡོད་པ། ༧༽ བོད་སྲིད་གཞུང་ནི་ཀླད་རྙིང་མཁྲེགས་བཟུང་ཅན་གྱི་རྒས་འཁོག་ཁ་ཤས་ཀྱི་བརྒྱུད་འཛིན་བྱེད་སྡོད་རྒྱུ་ཙམ་ལས། གཞོན་སྐྱེས་དང་། ལྷག་པར་བུད་མེད་ལ་མཐོང་ཆུང་གིས་ཆེས་མཐོའི་སྲིད་དབང་སྤྲོད་པའི་ལུགས་སྲོལ་མི་སྲིད་དོ་སྙམ་པའི་བོད་རྒྱ་མི་མང་ནང་བསམ་ཚུལ་ཤུགས་ཆེན་པོ་ཡོད་མཁན་ཚང་མ་བསམ་བློ་གཙང་དག་ཏུ་འགྲོ་བ་སོགས་དགེ་ཕན་མང་དག་མཐོང་བ་ལགས་སོ། །

ངག་དབང་བྱམས་པ།(ས་རཱ་མཐོ་སློབ)

འབྲེལ་ཡོད་གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་ཅིག་བཏོན། བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས། ༢༠༢༥།༦།༡༧
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨ་ཕ་གསེར་གྱི་ཕོར་བའི་རྐང་སྤོལ་འགྲན་ཚོགས་སྒང་ཏོག་ཏུ་འཚོག་མུས་ཡིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌེན་སི་མི་ཐི་མཆོག་ཨོ་གླིང་གི་ཕྱི་སྲིད་ལས་ཁུངས་ཀྱི་ཚོང་དོན་གྱི་བློན་ཆེན་གཞོན་པར་བསྐོས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༦
Mobile App

བཀའ་སྤྱི་གཉིས་ཀྱིས་འཚམས་འདྲི་གནང་། 

༢༠༢༥/༠༦/༡༦
༧གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།  ༢༠༢༥།༠༦།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།

༢༠༢༥/༠༦/༡༦
Advertisement for App

། ཨྱོན་སྨིན་གྲོལ་གླིང་དུ་སྔ་འགྱུར་བཀའ་མའི་དབང་གི་ཆོས་བརྡ་གསལ་བསྒྲགས།

༢༠༢༥/༠༦/༡༦
The bridge over the Indrayani river collapsed in Pune's Kundmala area on Sunday afternoon, officials say.
Mobile App

རྒྱ་གར་ནུབ་ཕྱོགས་སུ་ཟམ་པ་འགྱེལ་ནས་མི་གཉིས་རྐྱེན་འདས་སུ་ཕྱིན།

༢༠༢༥/༠༦/༡༦

མཆན། 8

  1. དགའ་བ། says:
    ལོ་ 16 སྔོན།

    དོན་ཚན་དགུ་་་བདུན་དང་།

    Reply
  2. དགའ་བ། says:
    ལོ་ 16 སྔོན།

    དྲ་ཐོག་ང་ཚོའི་རྩེད་ར་ཞིག་ཏུ་དུས་ནམ་ཡང་བསྒྱུར་མི་རུང་། དྲ་གྲོགས་ཚོ་རྩེད་མོ་མ་རྩེ། བུད་མེད་བཀའ་ཁྲིར་འདེབས་དགོས་པའི་དོན་ཚན་དགུ་བགྲངས་པ་ལས་རྒྱུ་མཚན་ཁུངས་འཕེར་བ་གཅིག་ཀྱང་མི་འདུག ཁྱོད་ཀྱིས་བཀའ་བློན་ཁྲི་པར་བུད་མེད་སུ་ཞིག་འཇོག ང་ཚོའི་སྤར་མཐིལ་གང་ནང་དུ་རྒྱུས་མི་ལོན་པ་ཆེན་པོ་མེད། རྒྱལ་བ་རིན་པོ་ཆེས་བུད་མེད་ཚོས་མ་འོངས་པར་བཀའ་ཁྲིར་འདུག་ཐུབ་པའི་ཆ་རྐྱེན་སྒྲུབ་རྒྱུའི་ཆེད་དུ་སྐུལ་སློང་གནང་བ་ཞིག་ལས དངོས་ཡོད་གནས་ཚུལ་ལ་ང་ཚོར་བཀའ་ཁྲིར་འདུག་ཐུབ་པའི་བུད་མེད་སུ་ཡོད། ཁྱོད་ཀྱིས་འོས་གཞི་གསུམ་མིང་ཤོད་དཱ།

    Reply
  3. གནས་ཚང་། says:
    ལོ་ 16 སྔོན།

    མཇང་རྩེ་ལགས། གནས་ཚང་གིས་དངོས་གནས་བཤད་ཀྱི་ཡོད། ཡིན་ནའི། རྒྱུ་མཚན་མེད་པ་ཞིག་མིན། དཔེར་ན། མཛངས་མ་ཚེ་རིང་སྐྱིད་ཀྱིས། ༼ང་ཚོའི་ཕ་ཡུལ་གཞན་གྱི་ལག་ཏུ་ཡོད་ལ། ང་ཚོའི་བུ་རབས་ཚ་རྒྱུད་ཀྱི་བསམ་བློའི་སློབ་གསོ་ལ་ཡང་བསླུ་བྲིད་ཤོར་ཡོད་པ། ད་དུང་མི་རིགས་ཁ་འཐོར་ལ་སོང་ནས་རིག་གནས་ཉམས་རྒུད་དང་ཕ་ཡུལ་གཞན་གྱིས་བཟུང་བས་ཁོར་ཡུག་གཏོར་སྐྱོན་སོགས་ཡོད་ཚད་ཤོར་ཚར་བའི་གཞན་ཡུལ་གྱི་སྐྱབས་བཅོལ་བ་ཡིན་ལ། ང་ཚོའི་བཀའ་བློན་ཁྲི་པ་ནི་ཤོར་ཚར་བ་དེ་དག་གི་ཆེད་དུ་མི་རིགས་འདིའི་འཐབ་རྩོད་ཀྱི་སྣེ་ཁྲིད་དེ་ཕ་ཡུལ་ལ་ལོག་ཐུབ་པར་ལམ་ཁ་ཉེ་རུ་བཟོ་མཁན་ཞིག་ཡིན་དགོས། ༽ དེ་བས། ངས་བསམ་ན། མཛངས་མས་ཧ་གོ་འདུག ཧ་གོ་འདུག་པ་དེ་ལག་ལེན་དུ་བསྟར་བར་ཤུགས་རྒྱག་འོས་པ་ཞིག་རེད། དེ་འདྲ་ཞིག་མ་རེད་དམ།

    Reply
  4. མཇང་རྩེ says:
    ལོ་ 16 སྔོན།

    གནས་ཚང་གི་སྐད་ཆ་འདི་མཐོང་ཆུང་ཡིན་ནམ་དངོས་གནས་ཡིན།

    Reply
  5. གནས་ཚང་། says:
    ལོ་ 16 སྔོན།

    ད་ཡིན་ན། ཚང་མ་ལོས་མཛངས་མ་ཚེ་རིང་སྐྱིད་ཀྱི་འོས་ཞུགས་བསྒྲགས་གཏམ་ལ་སྒུག་ཆོག་པ་འདྲ།

    Reply
  6. གངས་གླག says:
    ལོ་ 16 སྔོན།

    Ha ….. it is really a ridiculous comment I personally think so, our Karlung Tripa is not something like we are playing game, it is a thing that directly relate to the fate of our future, of course, I am not opposing woman cannot be elected as our next Karlung tripa, but I am really feel strange to the reasons which you have given above. This is really not the perspectives that we have to take and even we have to think about. Electing a woman Karlung Tripa is not for flattering anyone, it should be real in political ideology in nature. So man, do not take things very light ok

    Reply
  7. གླང་དར་མ། says:
    ལོ་ 16 སྔོན།

    ཧ་ཧ་ཧ་ཧ་ཧ་བཀའ་ཁྲི་བུད་མེད་ཞིག བྱང་ནག་ཆུ་ཁ་བ་མི་བྱེད་ཁུར། ན་རོ་ཁ་བ་དབུ་མཛད་ཕོག་ཟེར་བ་ལྟར། ཚེ་རིང་སྐྱིད་དང་གངས་ལྷ་མོ་གཉིས་ཀ་བཀའ་ཁྲི་ལ་འོས་ཤོས་རེད། ཧ་ཧ་ཧ། གཞན་མ་གཏོགས་སུ་ཡོད།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རེད་ཡ་ངེད་ཅག་བོད་པ་ཚང་གི་བུད་མེད་བཀའ་བློན་ཁྲི་བར་འོས་པ་འདྲ་ངོ་སྤྲོད་བྱེད་རྒྱུ་ཡོད་དམ། ཡོད་པ་ཡིན་ན་འདི་རུ་ངོ་སྤྲོད་བྱོས་དང་། བོད་པ་ཚང་གི་བྱེས་པ་དག་གིས་བསམ་ཚུལ་ལ་ཉན་ན་མ་རེད་དམ། དེ་མིན་ཚེ་རིང་སྐྱིད་ཀྱིས་བུད་མེད་བཀའ་ཁྲིར་མི་འོས་པའི་བསྐོར་བྲིས་པ་དང་ཉིད་ཀྱིས་བུད་མེད་བཀའ་ཁྲིར་འདེམས་དགོས་བསྐོར་གསུང་བ་འདི་གཉིས་ཕྱོགས་འགལ་ཆགས་ཡོད་པ་རེད། གང་ལྟར། ངེད་ཅག་བུ་དང་བུ་མོ་གང་ཞིག་ཡིན་རུང་ཁྱད་པར་མི་འདུག་མོད། ད་ལྟའི་བར་དུ་བཀའ་བློན་ཁྲི་བར་འདི་འགྲིག་གི་ཡོད་པ་རེད་ཟེར་ནས་ཁ་གཅིག་གྲགས་ཀྱིས་བཀའ་བློན་ཁྲི་བའི་འོས་གཞི་ཞིག་ངེད་ཅག་ལ་མེད་པ་འདི་ལ་ག་རེ་བྱུང་བ་ཡིན་ནམ། དེ་ལྟར་བསམ་བློ་ཞིབ་དུ་གཏོང་ཐུབ་པ་ཡིན་ན། བཀའ་བློན་ཁྲི་བ་དེ་ཡང་བོད་མི་ཚང་གི་བརྩི་བཀུར་བྱེད་པ་དང་དོན་སྣང་བྱེད་ཀྱི་ཡོད་མེད་སོགས་ཕྱོགས་གང་ཅིའི་ཐད་དུ་བསམ་གཞིགས་བྱེད་དགོས་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese