མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་སོད་ཞོག རིན་པ་ངས་སྤྲད་ཆོག

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྒྱ་མའི་ཁུལ་དུ་རྒྱ་མིའི་གཏེར་ཁ་སྔོག་མཁན་དང་། ས་གནས་ཡུལ་མིའི་བར་རྩོད་རྙོག་བྱུང་ཡོད་པ་མ་ཟད། གཏེར་ཁ་སྔོག་མཁན་གྱི་རྒྱ་མིའི་མགོ་ཁྲིད་དེས་བོད་མི་ཁ་ཤས་སོད་ཞོག  དེའི་རིན་པ་ངས་སྤྲད་ཆོག  གོང་ཆེན་པོ་མ་རེད་ཅེས་བརྗོད་ཡོད་པར་བརྟེན། རྒྱ་མི་གཏེར་ཁ་སྔོག་འདོན་རྣམས་ཀྱིས་བོད་མིའི་ཐོག་ཉེས་རྡུང་ཚད་མེད་བཏང་ཡོད་འདུག

དགུ་བཅུ་གསུམ་ལས་འགུལ་ཚོགས་པས་འདིར་གནས་ཚུལ་སྤྲོད་བྱས་པ་ལྟར་ན། ༢༠༠༩ ལོའི་ཟླ་བ  ༦  ཚེས ༢༠ ཉིན་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྒྱ་མའི་ཁུལ་དུ་རྒྱ་མིའི་གཏེར་ཁ་སྔོག་འདོན་མཁན་དང་། ས་གནས་ཡུལ་མིའི་བར་རྩོད་རྙོག་བྱུང་སྟེ། ཡུལ་མི་གསུམ་ལ་རྨས་སྐྱོན་ཚབས་ཆེན་ཤོར་ནས་དེའི་ཁུལ་གྱི་སྨན་ཁང་དུ་བསྐྱལ་ཡང་སྨན་པས་ཁས་ལེན་མ་བྱས་པར་བརྟེན། ཛ་དྲག་ཐོག་ལྷ་ས་གྲོང་ཁྱེར་དུ་སྐྱེལ་དགོས་བྱུང་འདུག  དེའི་ཁྲོད་ཀྱི་མི་གཅིག་ལ་སྲོག་གི་ཉེན་ཁ་འཕྲད་ཡོད་པ་དང་།  རྨས་སྐྱོན་ཕོག་པའི་མི་གཅིག་ནི་རུ་ཁག་གི་མགོ་ཁྲིད་ཡིན་འདུག  དེ་མིན་གཞན་དེ་གཉིས་སློབ་ཕྲུག་རེད་འདུག

རྩོད་རྙོག་འདིའི་བྱུང་རྐྱེན་གཙོ་བོ་ནི་རྒྱ་མིས་ཁུལ་དེར་གཏེར་ཁ་སྔོག་འདོན་འདྲ་མིན་བྱས་པར་བརྟེན།།  ཁུལ་དེར་བོད་ཀྱི་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཐན་པ་ཡོང་ནས་ཞིང་ཁ་ཕལ་ཆེ་བ་སྐམ་ཟིན་པ་མ་ཟད། རྒྱུག་ཆུ་དང་ཐ་ན་ཆུ་མིག་གི་ཆུ་ཡང་སྐམ་ནས་ཡུལ་མིའི་འཐུང་ཆུ་ཆད་དེ་མི་མང་དང་ཕྱུགས་ཟོག་ཧ་ཅང་ཛ་དྲག་གི་འོག་ལུས་ཡོད་འདུག

ཕྱི་ལོ་ ༡༩༨༩ ལོ་ནས་བཟུང་རྒྱ་གཞུང་གི་གཏེར་ཁ་སྔོག་འདོན་ཚོགས་པ་འདྲ་མིན་ཡོང་ནས་མི་ལོ་ ༢༠ ལྷག་གི་རིང་གཏེར་ཁ་སྔོག་འདོན་བྱས་ཡོད་པ་དང་། དེང་སྐབས་རྒྱ་མའི་ནང་གཏེར་ཁ་སྔོག་འདོན་བྱེད་མཁན་གྱི་མི་གྲངས་ཁྲི་གཅིག་ལྷག་ཡོད་འདུག  ཉིན་ཤས་སྔོན་རྒྱ་མའི་ཤིང་ཆུ་ཞེས་བའི་ཆུ་བོ་དེ་དང་ཆུ་མིག་མང་བོ་ཞིག་གཏེར་ཁ་སྔོག་འདོན་དུ་བེད་སྦྱོད་བྱས་ཏེ།  ཡུལ་མི་རྣམས་འཐུང་ཆུ་མེད་པར་གྱུར་བ་དང་། ཞིང་ནང་གི་ལོ་ཏོག་སྐམ་ཡོད་ཀྱང་། ད་དུང་བེད་སྦྱོད་གཏོང་དུ་མ་བཅུག་པར་བརྟེན། ཡུལ་མི་དང་གཏེར་ཁ་སྔོག་འདོན་བྱེད་མཁན་གྱི་རྒྱ་མིའི་བར་གཞི་རྒྱ་ཆེ་བའི་རྩོད་རྙོག་བྱུང་ཡོད་འདུག རྩོད་རྙོག་བྱུང་སྐབས་གཏེར་ཁ་སྔོག་འདོན་གྱི་རྒྱ་མིའི་མགོ་ཁྲིད་དེས་རྒྱ་མི་རྣམས་ལ་སྐུལ་སློང་གི་ཚུལ་དུ། བོད་མི་ཁ་ཤས་བསད་ཞོག  དེའི་རིན་པ་ངས་སྤྲད་ཆོག  རིན་གོང་ཆེན་པོ་མ་རེད་ཅེས་བརྗོད་ཡོད་པར་བརྟེན།  རྒྱ་མིའི་གཏེར་ཁ་སྔོག་འདོན་པ་རྣམས་ཀྱིས་བོད་མིའི་ཐོག་ཉེས་རྡུང་ཚད་མེད་བཏང་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་དང་དམག་མི་འབོར་ཆེན་ཞིག་ཁུལ་དེར་སླེབས་ཡོད་པ་དང་། མང་ཚོགས་ནས་ཀྱང་མཐའ་གཅིག་ཏུ་རྒྱ་མི་གཏེར་འདོན་པ་རྣམས་ང་ཚོའི་ལུང་པ་ནས་ཕྱིར་འབུད་བྱེད་རྒྱུ་ཡིན།  ཁོང་ཚོས་ང་ཚོའི་ལུང་པའི་འཐུང་ཆུ་དང་རྩྭ་ཤིང་། རི་དྭགས་སོགས་རྩ་མེད་བཏང་སྟེ། སྒོ་ཕྱུགས་སྟོང་ཕྲག་དུག་ཆུ་འཐུང་ནས་ཤི་ཡོད་པ་མ་ཟད། ད་ཆ་ཁོང་ཚོས་ང་ཚོའི་ལུང་པ་རྩ་མེད་བཏང་སོང་ཞེས་ངུ་ངག་གིས་སྐད་འབོད་ཤུགས་ཆེན་རྒྱག་བཞིན་ཡོད་པ་དང་། ད་དུང་མི་མང་བོ་ཞིག་ཤང་མི་དམངས་སྲིད་གཞུང་གི་སྒོ་འགྲམ་དུ་ཉལ་ནས་ངོ་རྒོལ་བྱས་ཡོད་འདུག 

༡༩༩༢ ལོར་ཡང་དོན་རྐྱེན་འདི་འདྲ་ཞིག་བྱུང་ཡོད་པ་དང་། སྐབས་དེར་ཐུབ་བསྟན་ཡེ་ཤེས་སོགས་ནས་བོད་ཀྱི་རྒྱལ་དར་འཁྱེར་ཏེ། གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་བྱས་ནས་བོད་རང་བཙན་དགོས་པའི་འབོད་ཚིག་བསྒྲགས་པར་བརྟེན། དོན་རྐྱེན་དེ་ཞི་འཇགས་ཆེད་རྒྱ་དམག་བཏང་ནས་མི་མང་འཛིན་བཟུང་དང་། འགའ་ཞིག་ལ་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་རེད་་འདུག

ད་ལྟ་རྒྱ་མའི་ཁུལ་དུ་གཏེར་ཁ་སྔོག་འདོན་བྱེད་ཡུལ་གཙོ་བོ་ནི།  རྒྱ་མའི་ཤར་རྒྱུད་ཐཱ་ལུང་ནང་དུ་གསེར་དང་། ཟངས། ཞ་ཉེ། རག  ཟངས་དམར་སོགས་སྔོག་འདོན་བྱེད་ཀྱིན་ཡོད་པ་དང་།  བོད་ལྗོངས་ཉིན་རེའི་རྒྱ་ཡིག་ཚགས་པར་ཐོག་བཀོད་པ་ལྟར་ན། རྡུལ་ཕྲན་མཚོན་ཆའི་རྫས་ཡུ་རི་ནམ་ཞེས་པ་དེ་ཡང་ཡུལ་དེ་ནས་འདོན་གྱིན་ཡོད་ཅེས་བཤད་ཡོད་འདུག  རྒྱ་མའི་ལྷོ་རྒྱུད་དབུ་རི་སྒང་དང་།  ཆུ་སྔོན་པོའི་རྒྱུད་སོགས་སུ་གཏེར་འདོན་རུ་ཁག་གཉིས་ནས་གསུམ་བཙུགས་ཡོད་པ་དང་།  ཕྱི་ལོ་  ༢༠༠༨  ལོའི་འཆར་གཞི་ལྟར་ན། འབྲོག་པ་རུ་ཁག་གཉིས་དང་། ཞིང་པ་རུ་ཁག་དང་པོ་ནས་གསུམ་པ་བར་ས་གནས་གཞན་དུ་གནས་སྤོས་དགོས་པའི་བཙན་བཀའ་བཏང་བ་མ་ཟད། ད་དུང་འབྲོག་པ་རྣམས་ཞིང་ལས་དང་ཚོང་ལས་ལ་ཞུགས་དགོས་ཚུལ་ཡང་བརྗོད་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༣ པའི་ནང་ཡང་འཆར་གཞི་གསར་བ་ཞིག་བཏོན་ཡོད། ལས་འཆར་དེའི་ནང་ཞིང་བའི་ས་ཞིང་བསྡུས་ཏེ། ཞིང་བ་རྒན་གྲས་རྣམས་ལ་ཟླ་རེར་གླ་ཕོག་རྒྱ་སྒོར་ ༨༠༠ རེ་སྤྲོད་རྒྱུ་དང་། གཞོན་སྐྱེས་རྣམས་གཏེར་ཁའི་ལས་གྲྭར་འགྲོ་དགོས་པ། ཞིང་ལས་བྱ་རྒྱུ་དེ་མི་གཅིག་གཉིས་ཀྱི་འགྲིག་གི་རེད། གལ་སྲིད་དེ་ལྟར་མ་བྱེད་ན་རྒྱ་མི་ཡོང་ནས་འདེབས་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག འོན་ཀྱང་། ཡུལ་མི་ཚོས་ས་ཞིང་ནི་ང་ཚོའི་ཚེ་སྲོག་གི་བརྟེན་ས་ཡིན་པས་སྲོག་ལ་ཐུག་ཀྱང་སྤྲོད་ཀྱི་མིན་ཞེས་བརྗོད་ཡོད་སྟབས།  ལོ་དེར་ས་ཞིང་བསྡུ་ཐུབ་མེད།  ནམ་རྒྱུན་ལྟར་ན་སྟོན་དཔྱིད་གཉིས་ཀྱི་ཞིང་ལས་ཚར་རྗེས་ཡུལ་མི་རྣམས་ཀྱིས་ཞོར་ལས་ཀྱི་ཡོང་འབབ་གསོག་རྒྱུ་ལས་གཞན་མེད་ཀྱང་།  དེང་སྐབས་དེ་ལྟར་མ་ཡིན་པར་ལོ་ལྟར་ཞིང་བ་མི་རེར་གླ་མེད་ལས་ཀ་ཉིན་གྲངས་ ༧༠ རྒྱུག་དགོས་པ་དང་། དེའི་ཐོག་ས་ཞིང་གི་ཁྲལ་ཞེས་ཉིན་གྲངས་ ༣༠ རིང་ངལ་རྩོལ་རྒྱུག་དགོས་རྒྱུ་ཡོད་པས། བསྡོམས་ལོ་འཁོར་གཅིག་ལ་ཞིང་བ་རེར་གླ་མེད་ངལ་རྩོལ་ཉིན་གྲངས  ༡༠༠ ལྷག་ཙམ་རྒྱུག་དགོས།  ད་དུང་དུས་ཚོད་ངེས་མེད་ཀྱི་ཚོགས་འདུ་སོགས་ཚོགས་དགོས་པར་བརྟེན། ཞིང་བ་རྣམས་ལོ་ལྟར་བཙོན་པ་ནང་བཞིན་ལས་རང་དབང་གི་འགྲོ་བསྐྱོད་བྱེད་ཆོག་གི་མེད་འདུག

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༥ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 8

  1. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    རྒྱ་མི་སོད་དང་རིན་པ་ངས་སྤྲོད་དགོས

    Reply
  2. བསེ་རུ། says:
    ལོ་ 17 སྔོན།

    ང་འདི་ནས་ཁོ་ཚོར་ཞུ་གཏུགས་བྱེད་དགོས་པའི་སྐད་ཆ་ཤོད་སྐབས་སླ་པོ་ཡོད་ཀྱང་།
    དོན་དངོས་སུ་ཁོ་ཚོའི་ཚེ་སྲོག་གཤིན་རྗེའི་སྤུ་གྲིའི་ཁར་གནས་ཡོད་པ་དེ་ཡང་ཤེས་དགོས།
    ཞུ་གཏུགས་བྱ་ཡུལ་ཡང་གཤིན་རྗེའི་རལ་གྲིའི་འོག་ལ་ཡིན་པ་དེ་བས་ཀྱང་ཤེས་དགོས།།

    Reply
  3. ཟུར་མཁར་ says:
    ལོ་ 17 སྔོན།

    དྲ་གྲོགས་རྣམ་པས་གསུངས་པ་ལའང་རྒྱུ་མཚན་གཏན་ནས་མེད་པ་མ་ཡིན་ཀྱང་། ཐོག་མར་རང་ཉིད་ཀྱི་སྐྱོན་དང་ཞན་ཆ། མ་འཇོན་ས་དེ་ཧ་གོ་དགོས་པ་འདུག གཞིས་ལུས་དང་གཞིས་བྱེས་གང་ཡིན་ནའང་ཐབས་ཇུས་དང་ལག་རྩལ་གྱི་ཕྱོགས་ནས་གཞན་ལ་མི་དོ་བར་མ་ཟད། ལག་འཐབ་ཙམ་ལའང་མ་འཇོན་པར་ཉེས་རྡུང་རྐྱང་རེག་བསྡད་ཀྱི་འདུག གོང་དུ་རྒྱ་མི་དེས་བཤད་པའི་སྐད་ཆ་ལ་ཁུངས་སྐྱེལ་ཡོད་ན་མལ་གྲོ་གོང་དཀར་སྲིད་གཞུང་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གཉིས་ལ་ཞུ་གཏུགས་བྱེད་མ་ཐུབ་པ་གང་ཡིན་ནམ། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་མཁོ་སྤྲོད་བྱས་པའི་གནས་ཚུལ་འདི་ཁུངས་ལྡན་ཡིན་མིན་ཤེས་དཀའ་ལེ་རེད།

    Reply
  4. འཁྱམས་པོ། says:
    ལོ་ 17 སྔོན།

    དེ་འདྲ་རེད་རྒྱ་སྐྱག་དེ་ཚོ་སྐད་ཆ་ཤོད་སྟངས་ལ་ལྟོས་དང་།བོད་པའི་ས་ཐོག་ནས་གང་འདོད་འདོད་པ་དེ་རྐུ་ཁྱེར་དང་འཕྲོག་བཅོམ་བྱས་ནས་མ་ཆོག་པར་ཁ་ཚན་ཆེ་པ་ལ། ང་ཚོ་བོད་པ་ཚོར་རིན་ཐང་ཡོད་མེད་ཡུན་གྱིས་ལྟ་རྒྱུ་ཞིག་རེད།
    ང་ལ་ཐབས་མཚོན་ཞིག་འདུག ང་ཚོས་བོད་ནང་བོད་པ་ཚོས་རྒྱ་ནག་གི་རྒྱུ་རྫས་མི་ཉོ་ཟེར་ན་མི་སྲིད་པ་ཞིག་རེད། ཡིན་ནའང་བོད་པ་ཚོས་བོད་པའི་ཚོང་ཁང་ནས་དངོས་ཟོག་ཉོ་རྒྱུ་ལས་རྒྱ་སྐྱག་ཚོ་ནས་མི་ཉོ་རྒྱུ་དང་བོད་པའི་དངོས་ཟོག་ཡང་བོད་ནང་ཁུལ་དུ་ཕར་ཉོ་ཚུར་བཙོང་བྱས་ན། ཡུན་གྱིས་བོད་ས་ནས་རྒྱ་སྤྲང་དེ་ཚོ་ཕྱིར་འབུད་གཏོང་པར་འགོ་འདི་ནས་བཙུགས་ན་རེད་འདོད།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དུག་ཚེར་ལགས། དང་པོ་ཁྱོད་ཀྱི་མིང་དེ་སྙན་པོ་མི་འདུག དུག་གི་སྒང་ལ་ཚེར་མ་བསྣན། འདི་འདྲ་བྱས་ནས་ག་རེ་ཡོང་གི་རེད། དངོས་གནས་ང་ཚོའི་མི་རིགས་འདིར་ཕན་ཐོགས་པ་དང་ཤུགས་རྐྱེན་ཅུང་ཐེབས་པ་ཞིག་བྱེད་འདོད་ན་ཐོག་མར་རང་རང་ནས་མགོ་རྩོམ་དགོས་པ་རེད། ཧུར་ཐག་བྱེད་རོགས། ཨ་མའི་བུ།

    Reply
  6. དུག་ཚེར། says:
    ལོ་ 17 སྔོན།

    འདི་འདྲའི་མི་རིག་བར་གྱི་འགལ་ཟླ་ཆེན་པོ་བྱུང་བ་ནི་ཧ་ཅང་རྔང་ཚབ་ཀྱི་རང་

    གཞིན་ཞིག་རེད་ལ་བོད་རྒྱའི་གནད་དོན་ཐག་ཅད་པར་དཀའ་ངལ་ཆེ་རུ་འགྲོ་
    རྒྱུར་ཉག་ཅིག་ཡིན་པར་རྟེན། ང་ཚོས་ངོས་ནས་མི་རིག་འགལ་ཟླ་མི་འགྲོ་བའི་ཐབས་ཤེས་བྱེད་དགོས་པར་འདོད།

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    པེ་ཅིན་དང་ངྷ་ས་གཉིས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དུས་ཡུན་ཅི་ཙམ་ཞིག་འགོར་མིན་བཤད་མི་ཐུབ། སྐབས་འདིར་དོན་དག་གཙོ་བོ་ཞིག་ནི་པེ་ཅིན་གྱིས་བོད་ལ་བཟུང་བའི་སྲིད་བྱུས་ལ་ངེས་པར་དུ་བསྐྱར་ཞིབ་དང་བཅོས་སྒྱུར་ཅིག་བྱེད་དགོས་ཀྱི་འདུག གང་མགྱོགས་མགྱོགས་བྱེད་དགོས་ཀྱི་འདུག བོད་གཞུང་གིས་འདིའི་ཐད་འབོད་སྐུལ་ཞུ་དགོས་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་བོད་རྒྱ་ཞི་མོལ་ཙམ་མིན་པར། དུས་ཡུན་ཐུང་ཐུང་ནང་དུ་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བོད་ལ་བཟུང་བའི་སྲིད་བྱུས་ལ་བསྐྱར་ཞིབ་དང་བསྒྱུར་བཅོས་གཏོང་བར་སྐུལ་དགོས་ཀྱི་འདུག འདིའི་ཐད་ནུས་པ་འདོན་མཁན་གཙོ་བོ་ཞིག་ནི་རྒྱ་རིགས་ཤེས་ཡོན་པ་དག་རེད། ཁོང་ཚོར་འདིའི་ཐད་ནུས་ཤུགས་འདོན་རྒྱུའི་གྲོས་འདོན་དགོས་པ་རེད། འདིའི་ཐད་ཚང་མས་ཐུགས་སྣང་གནང་དགོས་པར་འདོད།

    Reply
  8. བསེ་རུ། says:
    ལོ་ 17 སྔོན།

    རྒྱ་ནག་གཞུང་གིས་འཆར་གཞི་ངེས་ཅན་ཡོད་པའི་ཐོག་ནས་བོད་ཡུལ་གྱི་རང་བྱུང་ཁོར་ཡུག་ནས་ཁོ་ཚོར་ཐོབ་འདོད་པའི་རིན་ཐང་ཅན་གྱི་གཏེར་རིགས་དང་། ཤིང་ནགས། ཆུ། ཐ་ན་བོད་ཀྱི་ལུང་པར་གནས་པའི་གཡག་གི་རྭ་ཅོ་དང་སེམས་ཅན་གྱི་རུས་པ་ཚུན་སྔར་ནས་རྒྱ་ནག་ནང་ནང་འདྲེན་བྱེད་བཞིན་ཡོད་པ་ནི་ཅི་འདྲའི་ཡིད་ཕངས་པ་ཞིག་རེད་ཨང།

    ང་ཚོ་རང་བྱུང་ཁོར་ཡུག་ལ་བདག་པོ་རྒྱག་པའི་དབང་ཆ་ནི་སྔར་ནས་མེད།
    ས་གུང་ཁྲན་ཏང་དང་། གནམ་གུང་ཁྲན་ཏང་ཞེས་བཤད་པ་ནི་ཅི་འདྲའི་ཧམ་སེམས་ཅན་གྱི་སྐད་ཆ་ཞིག་མ་རེད་དམ།

    ད་དུང་བོད་མི་གསོད་རྒྱུའི་གྲ་སྒྲིག་དང་དེར་རྒྱབ་སྐྱོར་བྱེད་མཁན་ཚོ་ནི་དོན་དམ་རྒྱ་ནག་གཞུང་གིས་རྒྱུན་དུ་སྒྲོག་བཞིན་པའི། ཞི་བདེའི་བོད་ལྗོངས། འཆམ་མཐུན་གྱི་བོད་ལྗོངས། ཞེས་པའི་ཁ་གཏད་དུ་ཡང་ལངས་པ་ཞིག་མ་རེད་དམ། བོད་མིར་འདི་འདྲའི་སྡིག་ར་བསྐུལ་ཏེ་ཉིན་མཚན་འདས་ན། ནམ་ཞིག་རྒྱ་ནག་རང་ཉིད་ཀྱིས་རང་ཉིད་ཕུང་དུ་འཇུག་རྒྱུ་ལས་གཞན་མ་འདས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese