མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྤི་ཏི་ནས་འཁྲུངས་སྐར་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་ལྟར། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྤི་ཏི་ཡུལ་མི་རྣམས་ཀྱིས་ཀྱང་སྐུའི་འཁྲུངས་སྲུང་གཙི་བྱས་ཡོད།

ཕྱི་ཚེས་ ༦ ཉིན་ཧི་མ་ལ་ཡའི་རི་རྒྱུད་སྤི་ཏིའི་ཡུལ་མི་རྣམས་ཀྱིས་༧གོང་ས་མཆོག་དགུང་གྲངས་ ༧༤ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་བྱས་ཡོད་པ་དང་། ཉིན་དེར་སྤི་ཏི་དགོན་ཁག་ལྔའི་ཡུལ་མི་བརྒྱ་ཕྲག་མང་པོ་སྤི་ཏིའི་གྲོང་ཁྱེར་གྱི་ལྟེ་གནས་དཀར་མཛེས་སུ་འཛོམས་ཏེ་དགོན་པའི་རྒྱབ་རིའི་ངོས་སུ་དགའ་གུས་སྤྲོ་གསུམ་གྱིས་བསང་གསོལ་གནང་སྟེ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་པ་དང་། སངས་རྒྱས་བསྟན་པ་ཕྱོགས་མཐར་རྒྱས་པ། བོད་རང་བཙན་མྱུར་དུ་ཐོབ་པའི་ལྷ་རྒྱལ་ཀི་བསྭོ་དང་སྨོན་ལམ་བཏབས་ཡོད་ལ། བསང་གསོལ་གྲུབ་རྗེས་དཀར་མཛེས་ས་སྐྱ་བསྟན་བརྒྱུད་དགོན་པ་ནས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོོལ་རིན་པོ་ཆེ་མངའ་སྡེ་གཞུང་གི་སློབ་གྲྭའི་མདུན་ཐང་དུ་གདན་འདྲེན་ཞུས་ཏེ་སེར་སྐྱ་མི་མང་ཡོངས་ནས་མཇལ་ཁ་ཞུས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་ངོར་ཁང་སར་ཞབས་དྲུང་ངག་དབང་མཁྱེན་བརྩེ་བསྟན་འཛིན་འཕྲིན་ལས་རིན་པོ་ཆེ་མཆོག་གིས་ནང་པའི་ཆོས་དར་མཁའ་དབྱིངས་སུ་བསྒྲེངས་པ་དང་གལ་ཆེན་བཀའ་སློབ་གནང་ཡོད་ལ། དེར་ཡོད་སློབ་མ་རྣམས་ཀྱིས་སྤི་ཏིའི་ཡུལ་མི་དང་བོད་པ། ཕྱི་གླིང་བ་སོགས་ལ་གླུ་གཞས་ཞབས་བྲོ་སོགས་འཁྲུངས་སྐར་གཟབ་རྒྱས་ཤིག་འཚོགས་ཡོད་པ་རེད།    

ཐེངས་འདིའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དེ་ཧི་མ་ཡའི་ནང་པའི་མཐུན་ཚོགས་ཀྱི་ལས་བྱེད་རྣམས་ཀྱི་གོ་སྒྲིག་སྲུང་གཙི་བྱས་ཡོད་པ་དང་། ཁོང་ཚོས་ལོ་ལྟར་སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོར་སྤི་ཏི་ཕྱོགས་ཀྱི་མི་མང་ལྷན་འཛོམས་གོ་སྐབས་འདི་བསྐྲུན་ཏེ།  དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་ཀྱིན་ཡོད་ལ། ཉིན་མོ་འདིར་ནང་པའི་མཐུན་ཚོགས་ནས་མི་མང་ལ་ཞལ་ལག་སོགས་གྱ་ནོམ་པ་ཕུལ་ཡོད་པ་དང་། ཐེངས་འདི་ནི་༸གོང་ས་མཆོག་རྒྱ་གར་ནང་བཞུགས་ཏེ་མི་ལོ་ལྔ་བཅུ་འཁོར་བར་བརྟེན་དམིགས་བསལ་གྱིས་འཁྲུངས་སྐར་སྲུ་བརྩི་ཞུས་ཡོད་པ་རེད།

བང་ཆེན་གྱི་གསར་འགོད་པ་གངས་ལྷ་མོ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist