མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཇིའི་བློན་ཆེན་བོད་དུ་ཕེབས་པ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ལགས་རྒྱ་ནག་ཏུ་དོན་དངོས་འཚོལ་ཞིབ་ཀྱི་ཕྱོགས་ཕེབས་དང་མཉམ་དུ་བོད་ནང་དུའང་ཕེབས་རྒྱུ་ཡིན་འདུག

ཕྱི་ཚེས་ ༧ ཉིན་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཕྱི་སྲིད་བློན་ཆེན་སྐུ་ཞབས་ ཨེ་ཝན་ ལེ་ཝི་སུ་ ལགས་བདུན་ཕྲག་འདིའི་ནང་དུ་རྒྱ་ནག་ནང་དུ་དོན་དངོས་འཚོལ་ཞིབ་ཀྱི་སྐོར་བསྐྱོད་དང་སྟབས་བསྟུན་བོད་ནང་དུའང་ཕྱི་ཚེས་ ༧ ཉིན་ནས་ ༡༠ ཉིན་བར་ཕེབས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དཔོན་རིགས་ཚོར་ཐུག་འཕྲད་གནང་རྒྱུ་ཡིན་འདུག ཡིན་ཡང་། བདེ་འཇགས་ཀྱི་གནད་དོན་ལ་བསྟུན་ཏེ་གནས་ཚུལ་ཞིབ་ཕྲ་བཤད་ཡོད་མི་འདུག

ཕྱི་སྲིད་ལས་ཁུངས་ཀྱི་གསལ་བསྒྲགས་དེའི་ནང་བཤད་དོན། བློན་ཆེན་ཁོང་པེ་ཅིན་ནས་གནད་ཡོད་མི་སྣ་དག་ལ་ཐུག་སྟེ་རྒྱལ་ཁབ་འདི་གཉིས་ཀྱིས་རྒྱལ་སྤྱི་དང་རྒྱལ་ཁབ་གཉིས་བར་གྱི་གནད་དོན་སོགས་བརྗོད་གཞི་ཁག་ཅིག་གི་སྟེང་མཉམ་འབྲེལ་བྱེད་ཀྱིན་པ་དེ་མཇུག་སྐྱོང་བྱ་རྒྱུ་ཡིན་ཟེར་ལ།

ཁོང་བོད་རང་སྐྱོང་ལྗོངས་སུ་ཕེབས་ཏེ་དབུ་ཁྲིད་ཚོར་ཐུག་འཕྲད་ཀྱིས། མངའ་ཁུལ་དེའི་ནང་གི་བོད་རིགས་ཚོའི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གཞུང་བཅས་ཀྱི་གནས་སྟངས་ངོ་མ་དངོས་སུ་མཐོང་ཐུབ་པ་བྱ་ངེས་ཡིན་ཅེས་ཀྱང་བཀོད་འདུག

འདི་ནི་ ༢༠༠༨ ལོར་བོད་ནང་ཞི་བའི་ངོ་རྒོལ་བྱུང་བ་ནས་བཟུང་དབྱིན་ཇིའི་བློན་ཆེན་ཞིག་གིས་བོད་ནང་དུ་གཟིགས་སྐོར་གནང་བ་ཐོག་དང་པོ་དེ་ཆགས་ཡོད་འདུག

བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྐུ་ཞབས་ ཨེ་ཝན་ ལེ་ཝི་སུ་ ལགས་སུ། ཐེངས་འདིར་ཁོང་གིས་རྒྱ་ནག་གི་དཔོན་རིགས་བོད་ནང་དབང་སྒྱུར་བྱེད་ཀྱིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་དགོས་པ་དང་། ལྷག་པར་དུ་ལོ་སྔོན་མ་ནས་བཟུང་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུ་ཤུགས་ཆེར་བཏང་བ་རྣམས་མཚམས་འཇོག་ཐབས་སུ་སྐད་ཆ་ནན་པོ་བཤད་དགོས་པའི་འབོད་སྐུལ་ཞུས་འདུག་ལ། བོད་རང་དབང་ལས་འགུལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Stephanie Brigden ལགས་ཀྱིས་བཤད་དོན། ལོ་སྔོན་མར་བོད་ནང་ངོ་རྒོལ་བྱུང་བ་དང་རྒྱ་ནག་གིས་དྲག་གནོན་བྱས་རྗེས་ཐོག་དང་པོར་དབྱིན་ཇིའི་བློན་ཆེན་ཞིག་གིས་བོད་ནང་གཟིགས་སྐོར་བྱེད་སྐབས་གནད་དོན་འདི་དག་མ་གླེང་བའི་དཔེ་ཡོད་པ་མ་རེད། གནད་དོན་འདི་དག་གླེང་མ་ཐུབ་ཚེ་རྒྱ་ནག་གིས་ད་སྐབས་བོད་ཐོག་ལ་འཛིན་པའི་སྲིད་བྱུས་ལ་རྒྱབ་གཉེར་དུ་འགྲོ་གི་རེད་ལ། རྒྱ་ནག་གི་དྲིལ་བསྒྲགས་ལ་སླར་ཡང་ཐོབ་མི་འོས་པའི་རྒྱལ་ཁའི་གོ་སྐབས་ཆེན་པོ་ཞིག་སྤྲད་པ་ལས་ཅི་ཡང་མིན་ཅེས་བཤད་འདུག

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༩ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༡༢ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

མཆན། 17

  1. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    དབྱིན་ཇིའི་སློན་ཆེན་རྒྱ་ནག་ལ་སོང་ན་བོད་པ་དགའ་དགོས་དོན་མེད། རང་དོན་ཆེད་དུ་སོང་བ་ལས་བོད་གླེང་་རུ་སོང་བ་མིན། ཨོ་ལིམ་པིག་རྩེ་འགྲན་སྐབས་འཛམ་གླིང་གི་ཤེས་ལྡན་པ་ཡོད་ཚད་རྒྱ་ནག་ལ་འཛོམ་པ་མཐོང་སོང་ངམ།
    དོན་དངོས་སུ་ལག་ལེན་དང་བདེན་པའི་རྒྱབ་དུ་ལོང་མཁན་ཡང་ཧ་ཅང་དཀོན
    ཐུགས་དགོང་མ་འཚོལ

    Reply
  2. ཨུ་ཚུགས་ཅན། says:
    ལོ་ 17 སྔོན།

    དབྱིན་ཇིའི་བློན་ཆེན་བོད་ལ་མ་སླེབས་གོང་། དབྱིན་ཡིག་དྲ་རྒྱ་བརྒྱུད་ནས་སླེབས་ཚར་འདུག་ག།

    Reply
  3. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    དབྱིན་ཇིའི་བློན་ཆེན་གལ་འགྲོ་གཙོ་བོ་ཡིན་ཡང་། གོང་ན་དབྱིན་ཡིག་གི་བཙན་འཛུལ་བྱ་འདུག་ད།

    Reply
  4. བརྩེ་དུང་གི་རྒྱལ་སྲས། says:
    ལོ་ 17 སྔོན།

    དབྱིན་ཇིའི་སྲིད་བློན་ཁོང་བོད་དུ་ཕེབས་པའི་དབང་དུ་བཏང་ཡང་། རྒྱ་གཞུང་གིས་བྱུས་བཀོད་འོག་ཕེབས་དགོས་དུས། བོད་མི་མང་གི་དཀའ་སྡུག་གི་གནས་ཚུལ་མི་མངོན་པའི་ཚུལ་དུ་བག་ལ་ཞ་ངེས། མི་འདོད་བཞིན་དུ་དགའ་བའི་རྣམ་འགྱུར་དང་མོས་མཐུན་མེད་ཀྱང་ཡོད་མདོག་གིས་ཕྱིའི་རྣམ་པ་མ་བསྟན་ན། ཚེ་སྲོག་ཤོར་ལ་ཉེ་བའི་འཇིགས་རྔམ་དང་གཞན་དབང་གཞན་གཅུན་གྱིས་རང་དབང་མེད་དུས། སྲིད་བློན་ཁོང་གི་མིག་ངོར་རྫིག་རྫིག་དང་ཡར་རྒྱས་ཡོད་མདོག་གིས་རྣམ་པ་གཞན་ཞིག་ཏུ་བསྒྱུར་དགོས་དུས། བོད་མི་མང་གི་སེམས་ཀྱི་སྡུག་བསྔལ་དང་ལུས་ཀྱི་མནར་གཅོད་མཐོང་ལམ་དུ་མི་འགྱུར་བ་ནི། ཆེས་གཡོ་བྱུས་དང་མངོན་ལྐོག་མི་མཚུངས་པའི་སྲིད་བྱུང་དེས་དམིགས་འབེན་གཙོ་བོར་བཞག་དུས། སྲིད་བློན་ཁོང་ཕེབས་པ་ཡིན་ཀྱང་དེ་ཙམ་གྱིས་བོད་མི་རིགས་ལ་ཕན་ནུས་ཨེ་ཡོད་སྙམ། དེ་ལས་《བོད་ཁམས་ཉུལ་བ་》ལྟ་བུས་སྤྱིར་འཛམ་གླིང་དང་བྱེ་བྲག་བོད་མི་རིགས་ལ་དེ་ཙམ་གྱིས་མཚན་སྙན་མེད་ཀྱང་། བོད་མི་དཀྱུས་མ་ཁོང་ལྟ་བུའི་ལྷག་བསམ་དང་སྙིང་སྟོབས་ཀྱིས་བོད་མི་མང་གི་སེམས་པའི་གཏིང་རུམ་གྱི་དཀའ་སྡུག་དང་། ལུས་ཀྱི་མནར་གཅོད་གང་ཞིག་མྱོང་ཡོད་པ་ཧ་ཅང་གསལ་སྟོན་བྱེད་ངེས་པ་ཞིག་རེད། དེས་བོད་མི་རིགས་ཀྱི་དཀའ་ངལ་འཛམ་གླིང་སྒང་འགྲེམས་སྤེལ་བྱེད་དུས། དོན་དངོས་ཀྱིས་བོད་མི་རིགས་ཀྱི་དཀའ་ངལ་མཐོང་ཐུབ་པ་ཞིག་རེད་མོད། ད་ལྟའི་བར་དུ་དངོས་བྱུང་འདི་ལྟ་བུ་གཞན་གྱི་སྐད་ཡིག་ཐོག་ཏུ་བསྒྱུར་རྒྱུ་ཕར་ཟད། ཐ་ན་གཞུང་སྒེར་གང་ཞིག་ཡི་རངས་ཀྱིས་རྣམ་པ་ཙམ་ཞིག་བསྟན་མཁན་ཕལ་ཆེར་མ་བྱུང་བ་ནི། ཆེས་བློ་ཕམ་པ་ཞིག་རེད།

    Reply
  5. འཇམ་དཔལ། says:
    ལོ་ 17 སྔོན།

    དབྱིན་ཇའི་ཕྱི་སྲིད་བློན་ཆེན་མཆོག་བོད་དུ་ཕེབས་པ་ལ་དགའ་པོ་བྱུང་ཡིན་ན་ཡང་བོད་ནང་གི་ད་དུས་གནས་གཏང་གསལ་བོ་ཞིག་བློན་ཆེན་མཆོག་ནས་་མཁྱེན་གྱི་རེད་དྲན་གྱི་མི་འདུག་བཅས་དིང་རི་མཚོ་སྒོ་བ་འཇམ་དཔལ་ནས་

    Reply
  6. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    སྤྱིར་ཡིན་ན་མེད་མུ་གེ་གཉིས་ཀྱི་གང་བའི་གནས་ཚང་ལ་མུག་སྐྱོབ་རེ་བྱེད་འོས་ཀྱང་།
    ཁོའི་ཀུན་སློང་ངན་པའི་བྱེད་སྟངས་རེ་མཐོང་ཐེངས་རེར་སྐྱོབ་ནི་མ་དགོས་བསད་ན་རེད་བསམ་པའང་བྱུང་། ཨོ་མ་ཎི་་་་་་་

    Reply
  7. tenzen says:
    ལོ་ 17 སྔོན།

    darey enge lonchen gyanakla fhyepsney pinchen renpochey gey yancey chok tsonkkhang ney tsongdoul thoppey rewachonmo dang namdou roangwanggey longpala dentey shuthokpey sampa yen deyshen bhoudshungney deythokla rekoulshurok nang

    Reply
  8. རྭ་ལོ། says:
    ལོ་ 17 སྔོན།

    གང་ལྟར་དམག་རྒྱག་རྒྱུ་མིན་ན། ཕྱི་རྒྱལ་ཚོར་རེ་བ་རྒྱག་དགོས་པ་རེད། འགྲུབ་མི་འགྲུབ་གནས་ཚུལ་གཞན་ཞིག་རེད། གནོན་ཤུགས་ག་ཚོད་ཅིག་ཡོད་ན་སྤུངས་དགོས་པ་རེད། དེང་སྐབས་ཀྱི་སྲིད་དོན་ཟེར་བ་དེ་འདི་འདྲ་ཞིག་རེད།

    Reply
  9. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    ངོ་མ་ཡག་པོ་ཞིག་རེད། ངས་བལྟས་ན་ཕའ་ཆེར་རྒྱ་ནག་གི་གསང་བ་ཁ་ཤས་རེ་ཧ་གོ་ངེས་ཡིན། མིན་ཀོ་རྒྱ་ནག་འདི་ངན་པ་ཡོད་རེད་དཱ་།་ ་སྐྱག་རྫུན་བཞད་དགོས་ན་གང་གི་ཐོག་ན་ཡོད་རེད།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་རེ་བའི་འཕོངས། དུས་རྟག་དུ་རེ་བ་བྱེད་ལ་དགའ་བའི་འུ་ཅག དངོས་ནས་མཚམས་རེར་སེམས་སྐྱོ་དགོས་པ་ཞིག་རེད། ཁོང་ཚོས་རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པའི་སྐད་ཆ་ཚིག་གཅིག་ཀྱང་རྒྱ་ནག་སྲིད་གཞུང་གི་མཉམ་དུ་བཤད་སྲིད་དམ། ཁྱེད་ཅག་བཤད་ཀྱི་རེད་སྙམ་བཞིན་ཡོད་དམ་ལགས།

    Reply
  11. བློ་གྲོས་རྒྱལ་པོ། says:
    ལོ་ 17 སྔོན།

    དབྱིན་གཞུང་གིས་བོད་དོན་ཐད་ཀྱི་ལངས་ཕྱོགས་ལོ་སྔོན་མར་ཁ་གསལ་གཏིང་གསལ་གྱི་གསལ་བསྒྲགས་སྤེལ་ཟིན་པ་རེད། ད་ཐེངས་བློན་ཆེན་མཆོག་རྒྱ་གཞུང་གིས་བོད་ལ་གཟིགས་སྐོར་བཀོད་སྒྲིག་དེ་ལ་རེ་བ་རྒྱག་ས་ཅིག་ཨེ་ཡོད་བསམ། གལ་ཏེ་དྲ་གྲོགས་རྣམ་པས་འདི་ལ་རེ་བ་བརྒྱབ་པ་ཡིན་ན་རེ་བས་འཕོངས་པའི་མི་རིགས་འདིའི་གཤིས་ཀ་ངོ་མ་དེ་ཡང་བསྐྱར་གསལ་སྟོན་བྱས་པ་ཙམ་མོ།

    Reply
  12. ཁ་རུ་ཁ་ཐུག says:
    ལོ་ 17 སྔོན།

    ཆབ་སྲིད་ཀྱི་དགོས་དབང་ལ་ཐུག་དུས་དྲང་བདེན་དང་གནས་ལུགས་ཟེར་བའང་ལྟག་རྒྱབ་རླུང་བུ་ཞིག་ལས་མ་འདས།

    Reply
  13. གཡུ་སེང་ཨ says:
    ལོ་ 17 སྔོན།

    ཁ་བཤད་མ་ཡིན་པར་ལག་ལེན་འཁེལ་བ་ཞིག་ཡོང་རྒྱུའི་རེ་བ་ཡོད།

    Reply
  14. རང་རྟོན། says:
    ལོ་ 17 སྔོན།

    གཏམ་བཟང་ཞིག་རེད་ལགས།བོད་དོན་ཕྱོགས་སུ་གཟིགས་ཐུབ་པའི་རེ་བ་ཡོད།

    Reply
  15. གནས་ཚང་། says:
    ལོ་ 17 སྔོན།

    བོད་ཀྱི་ལོ་རྒྱུས་གནས་བབས་དབྱིན་ཇིས་དངུལ་ལོར་བརྗེ་བའམ་བོད་མིས་སྔར་ནས་བརྗེ་ཟིན་པ་གང་ཡིན་གསལ་ཁ་མ་བཏོད་པའི་དེ་རིང་། རེ་བ་རྒྱག་ཡ་ལྷག་ཡོག་མ་རེད། དེ་འདྲ་མ་རེད་དམ།

    Reply
  16. དཔལ་ལྡན་རྒྱལ། says:
    ལོ་ 17 སྔོན།

    ཡིན་ཡང་ང་ཚོས་རེ་བ་ཆེ་པོ་རྒྱབ་དགོས་རེདྲ

    Reply
  17. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    སྤྱིར་གཏམ་བཟང་ཞིག་རེད། འོན་ཀྱང་བོད་དོན་ལ་ཅི་ཙམ་ཕན་མིན་ད་དུང་ཤེས་དཀའ་གི་ཡཱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese