མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རི་མགོའི་དམངས་གཙོ། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༡༦༠ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

བཙན་བྱོལ་བོད་མི་ཚོའི་གནས་བབ་ཀྱི་ངོས་ནས་བཤད་ན། འདས་པའི་ལོ་ ༤༩ རིང་གི་ང་ཚོའི་དམངས་གཙོ་ནི་རི་མགོའི་དམངས་གཙོ་སྟེ། ཡུལ་མེད་པ་དང་ཁ་འཐོར་སྤྱི་ཚོགས་ཤིག་གི་དམངས་གཙོ་རེད། དེར་བརྟེན་ང་ཚོ་ནི་རང་རང་སྡོད་སའི་ཡུལ་ལུང་དེ་དག་གི་དམངས་གཙོའི་སྤྱི་ཚོགས་ནང་ཡོད་རུང་། རང་ཉིད་ཀྱི་དམངས་གཙོའི་སྤྱི་ཚོགས་ཤིག་གི་སྒྲོམ་གཞིའི་ནང་དུ་ད་རུང་གསལ་བོ་ཞིག་འཕྲོད་མེད།

དམངས་གཙོའི་སྒྲོམ་གཞི་དེའི་ནང་ཏག་ཏག་ཅིག་མ་འཕྲོད་པའི་དབང་གིས་འཐུས་ཤོར་གྱི་མགོ་བཙུགས་པ་ཡིན། དཔེར་ན། བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་ནི་ཕྱོགས་གཞན་ནས་བཤད་ན་ང་ཚོའི་དམངས་གཙོའི་འཐུས་ཤོར་ལ་ཐུག་ཡོད། འཛིན་སྐྱོང་དང་ལས་བྱེད་ཀྱི་ཚད་གཞི་འདི་དམངས་གཙོ་ཡང་དག་པ་ཞིག་བརྒྱུད་ནས་སླེབས་མ་ཐུབ་པ་དང་། བརྟག་དཔྱད་དང་སྟངས་འཛིན་གྱི་ཕྱོགས་ནས་མ་འདེང་བས་ཡིན། ད་དུང་བཤད་ན་ལས་ཀྱི་སྣེ་མོར་གཏོགས་པ་དག་གིས་ཐོབ་ཐང་དང་འོས་འགན་གཉིས་ཀྱི་ཁྲོད་ནས་ཐོབ་ཐང་བླངས་ཏེ་འོས་འགན་ལ་དོ་ཁུར་དེ་ཙམ་བྱ་མ་ཐུབ་པའི་ཉེར་ལེན་ཡིན། འདི་ལ་བརྟེན་ནས་ཤེས་ཡོན་གྱི་གནས་ཚད་ཕྱོགས་གང་ཐད་ནས་འཐུས་ཚང་ཞིག་ལ་འཕོ་མ་ཐུབ་པ་དང་། གཞི་རིམ་མང་ཚོགས་ཁྲོད་དུའང་ང་ཚོའི་དམངས་གཙོའི་གོམ་སྟབས་རང་བཞིན་གྱིས་ཇེ་དལ་དང་ཇེ་ལྷོད་ལ་སོང་ཡོད། གནས་སྟངས་འདིའི་རིགས་ཀྱང་ང་ཚོའི་བསྐྱར་ཞིབ་ཀྱི་གཞི་ལ་འཇོག་དགོས་པར་འདོད།

ལོ་རྗེས་མ་ནི་བཙན་བྱོལ་བོད་མིའི་དམངས་གཙོའི་ལོ་ ༥༠ པའི་དུས་དྲན་རེད། དུས་དྲན་འདི་ནི་དམངས་གཙོའི་ཉམས་ལེན་གལ་ཆེ་ཤོས་ཏེ། ༢༠༡༡ ལོའི་བཀའ་ཁྲི་དང་སྤྱི་འཐུས་འོས་འདེམས་ཀྱི་དུས་མཚམས་གལ་ཆེན་ཞིག་ལའང་འཁེལ་ཡོད་སྟབས། བཙན་བྱོལ་བོད་མི་ཚོས་ངེས་པར་དུ་དམངས་གཙོའི་ལྟ་བ་དང་ལག་ལེན་གཉིས་ཀར་མ་འགལ་བའི་སྒོ་ནས་འོས་བསྡུ་ཆེན་མོ་འདིའི་ཆ་ཤས་ལེན་དགོས། ལོ་རྒྱུས་ཀྱིས་ང་ཚོར་ཡང་དང་བསྐྱར་དུ་ར་སྤྲོད་ཀྱིན་པ་ལྟར། ང་ཚོར་ངེས་པར་དུ་དམངས་གཙོའི་རྩ་བ་བརྟན་པོ་ཞིག་ཚུགས་དགོས་སྟབས་འོས་བསྡུ་ཆེན་མོ་འདི་ནི་བོད་མིའི་ལོ་རྒྱུས་ཀྱི་ས་མཚམས་གལ་ཆེན་ཞིག་ལའང་འགྱུར་དགོས།

ལོ་རྗེས་མའི་དམངས་གཙོའི་དུས་དྲན་དང་དེའི་ཕྱི་ལོའི་འོས་བསྡུ་ཆེན་མོའི་ལས་རིམ་གཉིས་ནི་མི་རིགས་འདིའི་མ་འོངས་པའི་འཐབ་རྩོད་དང་མདུན་ལམ་ཐག་གཅོད་པའི་ལས་དོན་གལ་ཆེན་གཉིས་ཡིན་སྟབས་ང་ཚོས་ད་ལྟ་ནས་བསྐྱར་ཞིབ་དང་མནོ་བསམ་མ་ནོར་བ་རེ་གཏོང་དགོས་པར་འདོད།།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 11

  1. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    མིའདི་ཅན་པོ་ཡིག་ངག་གི་ལམ་ནས་གོ་བརྡ་སྤྲོད་མི་ཐུབ།

    Reply
  2. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    ངས་ཀྱང་གནས་ཚུལ་འདི་སྔར་གོ་མྱོང་འདི་བདེན་པ་ཡིན་ས་རེད།
    ད་ཐབས་ལམ་ཡག་ཤོས་ས་གནས་རང་བཙན་ཚོགས་ཆུང་ནང་ལ་འགད་རྫས་ཆུང་ཆུང་ཞིག་བཞག་ནས་གོ་བ་ཨེ་ལོན་གཅིག་ལྟ་ད་དུང་སྔར་བཞིན་འདུག་ན་དེ་ལས་ཅུང་དྲག་གཅིག་བྱས་ཆོག
    ཤ་བོ་དུང་རྭ་ཅན་ལ་འགྲོ་ལུགས་བཅོ་བརྒྱད་ཡོད་ན།།
    རྔོན་པ་མདའ་གཞུ་ཅན་ལ་སྒུགས་ལུགས་ཉི་ཤུ་ཡོད།།

    Reply
  3. འཕྲིན་ལས says:
    ལོ་ 17 སྔོན།

    བལ་ཡུལ་དུ་བོད་མི་དེ་ཚོས་རང་བཙན་ལས་དེབ་བལ་ཡུལ་གྱི་ཡུལ་མི་རྣམས་ལ་འཚོང་རྒྱུ་ལས་བོད་མི་གསར་འབྱོར་བ་ཞིག་ལ་མྱུར་དུ་བཟོ་གི་མ་རེད། བོད་མི་རྣམས་ལ་བཟོས་ན་ཁེ་བཟང་མེད་པས་རེད།

    Reply
  4. གཅེན་པོ། says:
    ལོ་ 17 སྔོན།

    བོད་མི་ཞིག་དང་ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲོམ་གཞིའི་ནང་མང་གཙོའི་ཁེ་དབང་ལོངས་སྤྱོད་བྱ་འདོད་ཡོད་རུང་གུས་པ་ནི་བོད་མིའི་དཔྱ་འཁྲལ་ལག་དེབ་མེད། རྒྱུ་མཚན་གང་ཡིན་ཞེ་ན་ལོ་གཉིས་གོང་ནས་པལ་ཡུལ་རང་བཙན་ཚོགས་ཆུང་དུ་སྣེ་ལེན་ཁང་གི་ངོ་སྤྲོད་ཡིག་ཆ་དང་འདྲ་པར་ཆ་ཚང་བསྐྱལ་ཡང་ད་དུང་བཟོས་མི་འདུག རང་བཙན་ཚོགས་ཆུང་ལ་ཐེང་མང་ཕྱིན་ཀྱང་ལགས་དེབ་རག་གི་མི་འདུག

    Reply
  5. མི་ཉག་སྐལ་བཟང་། says:
    ལོ་ 17 སྔོན།

    བང་ཆེན་ཟིན་བྲིས་པ་ཞིག་གིས་འདི་ལྟར་བཤད་འདུག
    ཐེ་ཝན་དུ་༧གོང་ས་མཆོག་གི་སྐུའི་ལྟོ་ཕད་བརླགས་པ།

    ཉེ་བའི་ཆར་༧གོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་སྐབས། སྐུ་འཁོར་རྣམས་ཀྱི་ནང་དུ་སྔོན་མ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་གྲོང་གསུམ་པ་ཁང་ཨང་༩ པ་ནས་ཡིན་པ་དང་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ལོག་ཡིན་པ། དེང་སྐབས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་ལྡན་བློ་གྲོས་ཟེར་བས་འཚང་ཀ་བརྒྱབ་ཡོད་འདུག་པ་དང༌། སྐུའི་ཞབས་འབྲངས་པས་མཉམ་སྦྱར་སྐུའི་ལྟོ་ཕད་༼ཞེ་ཚིག་སྦྱར་མ་ཤེས་པར་དྲ་གྲོགས་རྣམས་ལ་དགོངས་སེལ་ཞུ་༽བསྣམས་ནས་ཕེབས་བཞིན་པའི་སྐབས་སྐལ་ལྡན་བློ་གྲོས་ཀྱིས་ཁོས་ཁུར་ཆོག་ཅེས་ཁུར་ནས་སོང་ཡོད་པ་དང༌། རྗེས་སུ་སྐལ་ལྡན་བློ་གྲོས་ཟེར་བས་སྐུའི་ལྟོ་ཕད་རླངས་འཁོར་གྱི་ནང་དུ་གཡུགས་ནས་སོང་ཡོད་པ་རེད། རྗེས་སུ་རྩད་གཅོད་བྱེད་པའི་སྐབས་རླངས་འཁོར་དེ་ཉེན་རྟོག་ལས་ཁུངས་ནས་ཡིན་འདུག་པ་དང༌། རླངས་འཁོར་དེ་ཡང་རླངས་འཁོར་འཇུག་སའི་ནང་དུ་བཅུག་ནས་ཆུ་ཚོད་མང་པོའི་ནང་མ་རྙེད་པའི་གནས་ཚུལ་བྱུང་ཡོད་པ་རེད། གནད་དོན་འདིའི་ཐད་ནས་སྐུ་འཁོར་རྣམས་ལའང་ཁ་རྡུང་གཏོང་འོས་པ་ཞིག་རེད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བཤད་ན་སྐུའི་ཞབས་འབྲངས་པ་ཞིག་ཡིན་པའི་ཆ་ནས་ལྟོ་ཕད་ཅིག་ཁུར་མི་ཐུབ་པ་ག་རེ་ཡིན་ཐེ་ཚོམ་གྱི་རང་བཞིན་དང༌། སྐལ་ལྡན་བློ་གྲོས་ལ་མཚོན་ན་དུས་རྒྱུན་གསར་འགྱུར་ནང་དུ་མི་མང་པོ་ལ་ཁ་གཏོང་མཁན་ཞིག་ཡིན་པ་མ་ཟད། རྡ་ས་ཡོངས་གླིང་སློབ་གྲྭའི་བདག་པོ་སྤྱི་རྒྱུ་སྒེར་བདག་སྤྱི་འཐུས་ཟླ་བ་ཚེ་རིང་གི་མཛུབ་མོས་གར་བསྟན་ཤར་བྱེད་མཁན་ཞིག་ཡིན་ཚུལ་འདུག འདི་དག་སྐབས་བབས་ཀྱི་གནད་དོན་དང་འབྲེལ་བ་མེད་ཀྱང་ཁོ་རང་གི་རང་བཞིན་ངོ་སྤྲོད་ཙམ་བྱས་པ་ཡིན། དོན་དངོས་སྐལ་མེད་ས་ལ་སྐེ་བསྲིངས་དགོས་དོན་ག་རེ་ཡིན་མིན་དང༌། ལྷག་པར་དུ་གནད་དོན་དེའི་ཐོག་གླེང་ཕྱོགས་སྣ་ཚོགས་ཡོང་བཞིན་པ་དང༌། དེ་བས་ཀྱང་སྐུ་འཁོར་རྣམས་ལ་ཁ་གཏོང་མཁན་མང་པོ་ཡོད་པ་འདི་དག་ཕྱོགས་གང་ནས་བལྟས་ཀྱང་སྐབས་འདིར་གཡོལ་ཐབས་མེད་པའི་ནོར་འཁྲུལ་ཤོར་མཁན་ནི་སྐལ་ལྡན་བློ་གྲོས་ཟེར་བ་དེ་ཡིན་འདུག དྲ་གྲོགས་རྣམ་པས་གནད་དོན་འདིའི་སྐོར་རྩད་གཅོད་དང་བགྲོ་གླེང་གནང་རོགས།

    Reply
  6. འཕྲིན་ལས says:
    ལོ་ 17 སྔོན།

    དམངས་གཙོའི་རྒྱལ་ཁབ་དག་ཏུ་བལྟས་ན་སྲིད་འཛིན་དང་། གྲོས་ཚོགས་ཀྱི་འོས་ཤོག་ལ་ཞུགས་པ་བརྒྱ་ཆ་ ༥༠ ལས་བརྒལ་བ་ཧ་ཅང་ཉུང་ཉུང་ཡིན། དེའི་རྒྱུ་མཚན་ནི་གྲོས་ཚོགས་དང་གཞུང་གིས་མི་དམངས་ཀྱི་འགན་འཁུར་གྱི་མེད་པར་བརྟེན་གཞུང་དང་མི་དམངས་ཀྱི་བར་དུ་སྟོང་ཆ་ཆེན་པོ་ཞིག་ལྷག་པ་རེད། རྡ་སའི་རི་གྲོང་ཆུང་ཆུང་འདིར་མིང་དུ་བོད་གཞུང་ཞིག་ཡོད་པ་འདིས་ཀྱང་ང་འཐུས་པའི་བོད་མི་དམངས་ཀྱི་དགོས་འདུན་སྒྲུབ་ཐུབ་ཀྱི་མེད་པས། ང་རང་འོས་བསྡུའི་ལས་འགུལ་ལ་རྩ་བ་ནས་ཞུགས་འདོད་མེད། སེམས་ཤུགས་ཤིག་གིས་འདིར་ཞུགས་པ་ནི་སྨྱོན་རྟགས་ཁོ་ནའོ།།

    Reply
  7. གནས་ཚང་། says:
    ལོ་ 17 སྔོན།

    དོན་དག་འདི་བོད་མི་རྒྱ་རྩོམ་འབྲི་མཁན་ཚོས་གནའ་སྔ་མོ་ནས་བཤད་ཟིན་པ་ཞིག་ཡིན་པས། ཧང་སངས་དོན་མེད་ལ་ཧ་ལས་དོན་དེ་བས་ཀྱང་མེད། དེ་ལས་བོད་མི་རང་གིས་སྔར་ནས་ཤེས་ཟིན་པ་དག་ལ་བསྐྱར་ཞིབ་བྱེད་རན་མི་འདུག་གམ།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    After The Dalai Lama – India
    ཁོམ་པ་ཡོད་དུས་འདི་ལ་ཡང་གཅིག་གཟིགས་རོགས་ཞུ།

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    101 East – The Dalai Lama – 12 March 09 – Part 1
    101 East – The Dalai Lama – 12 March 09 – Part 2
    དབྱིན་སྐད་མཁྱེན་མཁན་དག་གིས་འདི་ལ་གཟིགས་དེ་བོད་ཡིག་ལ་སྒྱུར་ཐུབ་མཁན་ཡོད་ན་དངོས་ནས་སེམས་གཏིང་ནས་དགའ་བསུ་ཞུ་ལགས།

    Reply
  10. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    རྩོམ་ཡིག་འདི་དྲ་ཐོག་སླེབས་པར་རྗེས་ལུས་ཅུང་ཐེབས་སྣང་།
    ཡིན་ནའང་བཀའ་ཁྲིའི་འོས་ཤོག་དེར་ངས་དོ་དན་དང་གྲོགས་ཡོང་ལ་གོ་རྟོགས་སྤེལ་གང་ཐུབ་བྱ་བསམ་ཡོད་།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ལགས་སོ་ལགས། སེམས་སུ་འཛིན་བཞིན་ཡོད། ཐུབ་ཚོད་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese