མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ཨེ་ཤ་ཡའི་སྲོལ་རྒྱུན་གསོ་རིག་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

 
ཨེ་ཤ་ཡའི་སྲོལ་རྒྱུན་གསོ་རིག་ཁག་ནས་ཀྱང་བོད་ཀྱི་གསོ་བ་རིག་པ་འདི་ཉིད་ཤིན་ཏུ་གལ་ཆེ་ཡིན་སྐོར་དང་རྒྱལ་སྤྱིའི་ནང་ཐུགས་ཕན་ཆེན་པོ་སོས་བཞིན་ཡོད་སྐོར་གྱི་སོགས་ཀྱི་གསུང་བཤད་གནང་ཡོད་འདུག

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་འདི་གར་བཏང་བའི་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་ཨེ་ཤ་ཡའི་སྲོལ་རྒྱུན་གསོ་རིག་འདུ་ཚོགས་ཐེངས་བདུན་པ་དེ་ ༢༠༠༩ ཟླ་ ༩ ཚེས་ ༧ ནས་ཚེས་ ༡༠ བར་འབྲུག་གི་རྒྱལ་ས་ཐིམ་ཕུའི་ཉེ་འགྲམ་སེམས་རྟོག་ཁ་རྫོང༌། འབྲུག་གི་འཛིན་སྐྱོང་མཐོ་སློབ་ཏུ་ཚོགས་ཡོད་འདུག ད་ལན་གྱི་འདུ་ཚོགས་དེའི་ཐོག་འཛམ་གླིང་གི་རྒྱལ་ཁབ་ཁག་མ་འདྲ་བ་སུམ་ཅུ་ཙམ་ནས་སྨན་པ་དང༌། གསོ་བ་རིག་པའི་ཉམས་ཞིབ་པ་སོགས་ཚོགས་ཞུགས་མི་སྣ་ ༢༡༧ མཉམ་བཞུགས་གནང་ཡོད་འདུག་ཅིང༌། འདུ་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འབྲུག་གི་བསྟན་རྒྱས་བློན་པོ་མཁའ་འགྲོ་དབང་ཕྱུག་མཆོག་ནས་གསུང་བཤད་གནང་ཡོད་པ་དང༌། འཕྲོད་བསྟེན་བློན་པོ་མཆོག་ཀྱང་ཕེབས་གནང་ཡོད་འདུག ཚོགས་འདུ་དངོས་གཞིའི་ནང་སྨན་པ་དང་ཆེད་མཁས་མི་སྣ་ཁག་སོ་སོས་ཆེད་རྩོམ་སྒྲོག་སྦྱང་དང༌། ཉམས་མྱོང་སྤེལ་རེས་བཅས་ཞིབ་ཕྲ་བྱུང་ཡོད་པ་མ་ཟད། འདུ་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོའི་སྐབས་གོ་སྒྲིག་དྲུང་ཆེ་མཆོག་ནས་ཨེ་ཤ་ཡའི་སྲོལ་རྒྱུན་གསོ་རིག་ཁག་ནས་ཀྱང་བོད་ཀྱི་གསོ་བ་རིག་པ་འདི་ཉིད་ཤིན་ཏུ་གལ་ཆེ་ཡིན་སྐོར་དང་རྒྱལ་སྤྱིའི་ནང་ཐུགས་ཕན་ཆེན་པོ་སོས་བཞིན་ཡོད་སྐོར་གྱི་སོགས་ཀྱི་གསུང་བཤད་གནང་ཡོད་འདུག ད་ལན་གྱི་འདུ་ཚོགས་དེའི་ཐོག་བོད་ནང་ནས་གསོ་རིག་འབུམ་བཞིའི་སྨན་པ་རྒན་པ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་དང༌། བོད་ལྗོངས་རྒྱ་གྲམ་དམར་པོའི་བོད་སྨན་མཐུན་ཚོགས་ཀྱི་སྨན་པ་གཅིག ལྷ་ས་དང་གཞིས་རྩེ་སྨན་རྩིས་ཁང་གཉིས་ནས་སྨན་པ་རེ་རེ། བོད་ལྗོངས་ཀྱི་ཆེད་མཁས་མི་སྣ་གཅིག མཚོ་སྔོན་ནས་བོད་རིགས་སྨན་པ་བཞི། ཡུན་ནན་ནས་བོད་རིགས་སྨན་པ་གསུམ་བཅས་ཕེབས་ཡོད་འདུག་པ་དང༌། རྒྱ་གར་དང་བལ་ཡུལ་ནས་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་རྡོ་རྗེ་རབ་བརྟན་མཆོག་དང་དྲུང་ཆེ་ཐོགས་མེད་དཔལ་འབྱོར་ལགས། བོད་གཞུང་སྨན་རྩིས་ཁང་གི་དབུ་འཛིན་སྨན་རམས་པ་ཟླ་བ་ལགས་དང་སྨན་རམས་པ་པདྨ་རྡོ་རྗེ་ལགས། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སྨན་དགེ་རག་ཤི་ཚུལ་ཁྲིམས་སངས་རྒྱས་མཆོག་དང་སྨན་པ་ཉི་མ་ལགས། དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྨན་པ་དགེ་བཤེས་རིན་ཆེན་བསྟན་འཛིན་མཆོག་དང་གསོ་རིག་དཔྱད་བརྗོད་པ་དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་མཆོག་བཅས་བོད་ཕྱི་ནང་གཉིས་ནས་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་ཁག་ཚོགས་ཞུགས་གནང་ཐུབ་པ་བྱུང་ཡོད་འདུག་པ་དང༌། ད་དུང་ཧི་མ་ལ་ཡའི་མི་རིགས་དང༌། རྒྱ་རིགས། ཕྱི་རྒྱལ་བ་སོགས་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་པ་མང་པོ་ཞིག་མཉམ་ཞུགས་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༢༣ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

མཆན། 4

  1. རྒྱུད་བཞིའི་མྱུ་གུ། says:
    ལོ་ 17 སྔོན།

    པར་གང་ཡོད་པ་དེ་དག་སྤུད་ཚད་ངེས་ཅན་བཟོ་དགོས་པ་ཤིན་ཏུ་གལ་ཆེ་།དེ་ཡང་ལྷག་པར་དུ་སྨན་རྕིས་གཉིས་ལྡན་སློབ་འདོད་ཡོད་རིགས་ལ་གོ་སྐབས་གནང་དགོས་ངེས་ཡིན་དེ་འདྲའི་སློབ་བུ་ཤིན་ཏུ་དཀོན་པས་།བོད་གཞུང་ཤེས་རིག་ངོས་ནས་ཡང་འདི་ཐད་ལ་དོ་སྣང་དང་སྤྱད་ཞིབ་ངེས་པར་དུ་གནང་དགོས་གལ་སྟེ་ལྷོད་ཡེངས་སུ་ཕྱིན་ཚེ་ལོ་རབས་ཉེར་གཉིས་ནང་དུ་སྨན་སྩིས་ཀྱི་བསྟན་པ་ཉམས་གུས་སུ་འགྲོ་ངེས་ཡིན་།

    Reply
  2. རྒྱུད་བཞིའི་མྱུ་གུ། says:
    ལོ་ 17 སྔོན།

    བོད་གཞུང་སྨན་སྩིས་ཁང་ནས་ངེས་པར་དུ་ཤུགས་བསྣོན་རྒྱག་དགོས་པ་ནི་སྨན་སློབ་རྩིས་སློབ་ཁ་གྲངས་མང་པོ་བཟོ་བ་གལ་ཆེན་པོ་མིན་།

    Reply
  3. རྒྱུད་བཞིའི་མྱུ་གུ། says:
    ལོ་ 17 སྔོན།

    ཐེངས་འདི་རྒྱ་སྤྱིའི་གསོ་རིག་ཚོགས་ཆེན་ནང་བོད་ཀྱི་གསོ་རིག་བསྐོར་གཙོ་བོ་གླེང་བར་ཤིན་ཏུ་དགའ་པོ་བྱུང་་འོན་ཀྱང་གོང་དུ་སྤྱི་འཐུས་སྨོན་མཐར་གྱིས་ཅུང་ཞེན་ཁོག་གི་སྐད་ཆ་ཤིག་སུངས་འདུག་པས་ཚང་མས་མི་འདི་རིགས་ལ་དོ་སྣང་ངེས་པར་གནང་དགོས་་་་་་་་་་་་་་་་་་འོ་ན་འདྲི་བ་གཅིག་འཕུལ་ན་་་་་་་་་་་་་་ཁྱེད་ཀྱིས་འབུམ་བཞི་ཡང་ཡང་དུ་བསྒྲངས་དགོས་པའི་རྒྱུ་མཚན་ཅི་ལགས་།་

    Reply
  4. གཡུ་སེང་ཨ says:
    ལོ་ 17 སྔོན།

    བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་གྱི་སྐུ་མགྲོན་རྣམས་ཕེབས་པར་དགའ་བསུ་ཞུ།མིང་སྐམ་ཙམ་མ་ཡིན་པར་དོན་དངོས་ལག་ལེན་འཁེལ་བ་ཞིག་ཡོང་བའི་རེ་བ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese