མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདན་སར་སྐྱོད་པའི་ཟིན་ཐོ། ཨ་ཚོགས་དབང་གྲགས་འབུམ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཚོགས་དབང་གྲགས་འབུམ།

ལོ་ངོ་འདི་དག་གི་རིང་༧གོང་ས་མཆོག་གིས་བཙན་བྱོལ་ནང་བཀའ་སློབ་ཟབ་རྒྱས་དང་གལ་ཆེན་ནང་གི་དོན་ཆེན་དུ་རྩིས་ནས་ཡང་ཡང་གསུངས་བསྡད་པ་ནི་བོད་པའི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་དུས་རབས་ཉེར་གཅིག་པའི་ནང་པ་བ་ཞིག་ཆགས་རྒྱུ་དང་མཐོ་སློབ་ཁག་གི་ནང་རིགས་གཅིག་རྐང་འཛིན་པ་གང་མང་གསོ་སྐྱོང་བྱ་དགོས་བའི་གནད་འགག་དེ་གཉིས་ཡིན། རྒྱུ་རྐྱེན་དེ་ལ་བརྟེན་ནས་ད་ལྟ་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་བྱེད་ཕྱོགས་ལ་ཤེས་རིག་ལྷན་ཁང་དང་བོད་ཁྱིམ་ཁག་སོ་སོའི་འཛིན་སྐྱོང་བ་རྣམས་པས་གྲོས་བསྡུར་དང་ཞིབ་འཇུག་བྱ་བཞིན་པའི་སྒང་ཡིན་ལ། འདིའི་ཐད་འགུལ་སྐྱོད་ཅུང་ཙམ་བྱ་ཐུབ་པའི་རེ་བ་ཡོད། འོན་ཀྱང་། ད་དུང་སྲོལ་རྒྱུན་གྱི་སྨག་ནག་ཁྲོད་དུས་རབས་ཉེར་གཅིག་གི་ཉི་འོད་མ་འཕྲོ་ས་དང་སྐྱ་རེངས་མ་ཤར་སའི་ལྷོ་ཕྱོགས་གདན་ས་ཁག་གི་གདོད་མའི་མཁན་པོ་དང་དགེ་བསྐོས། དགེ་བཤེས་དག་གིས་དེང་དུས་སུ་འཛམ་གླིང་ནང་དར་ཁྱབ་ཤུགས་ཆེན་སོང་སྟེ་མེད་དུ་མི་རུང་བའི་དབྱིན་ཡིག་དང་གློག་ཀླད་སོགས་ནི་གཞུང་ཆེན་པོ་ཏི་ལྔ་སློབ་གཉེར་གནང་མཁན་རྣམས་ལ་དགོས་མཁོ་མེད་ཚུལ་དང་གལ་ཆེན་མིན་ཚུལ་བཤད་ཀྱིན་འདུག ང་རང་ད་ལྟ་སློབ་གྲྭའི་གུང་གསེང་དང་སྟབས་བསྟུན་ནས་འབྲས་སྤུངས་དགོན་པར་ནང་ཆོས་སློབ་གཉེར་གྱི་ཆེད་དུ་སླེབས་ཡོད།

གོང་གསལ་གྱི་གནད་དོན་དེ་དག་གི་ཐོག་ངས་གཞོན་སྐྱེས་ཀྱི་གྲྭ་བ་མང་པོ་ཞིག་ལ་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་གླེང་སློང་ཐེངས་མང་བྱས་བ་ཡིན།ཁོང་ཚོས་གསུངས་དོན་ང་ཚོ་དབྱིན་ཡིག་སྦྱོང་རྒྱུར་ཧ་ཅང་གིས་འདོད་པ་ཆེན་པོ་འདུག་མོད། དགོན་པའི་ནང་སྦྱོང་མ་ཆོག་པ་དང་སྤྱི་ཚོགས་ནང་སྦྱོང་གི་འགྲོ་བ་ཡིན་ན་གྲྭ་བ་ལོག་འགྲོ་བའི་ཉེན་ཁ་འདུག ང་ཚོ་དགོན་སྡེ་ཁག་གི་ནང་གནའ་དེང་ཟུང་གི་སློབ་སྦྱོང་ལ་དོ་སྣང་ཡོད་མཁན་གྲྭ་བ་མང་པོ་ཞིག་ལ་དགོན་པའི་ནང་དབྱིན་ཡིག་སྦྱོང་མ་ཐུབ་པར་སྤྱི་ཚོགས་ནང་དབྱིན་ཡིག་སྦྱོང་གི་སོང་བས་སྤྱི་ཚོགས་ཀྱི་ཟིང་ཆའི་ཁྲོད་རེ་ཟུང་གྲྭ་བ་ལོགས་པ་ཡང་བྱུང་ཡོད། དེ་བས་སྤྱི་ཚོགས་ནང་དབྱིན་ཡིག་སྦྱོང་གི་འགྲོ་རྒྱུར་ཡང་ཞེ་དྲག་སྐྲག་གི་འདུགཁྱོད་བསྡད་རིང་ལ་ཁོང་ཚོར་དབྱིན་ཡིག་རེ་སློབ་ཁྲིད་གནང་རོགས་ཞུ་ཟེར་མཁན་མང་ནས་མང་དུ་ཆགས་སོང་། ཉིན་དེ་ནས་བཟུང་ངས་ཀྱང་རང་ནུས་གང་འཇོན་གྱིས་རེ་བསྐུལ་ཞུ་མཁན་ཚང་མ་སྡེ་ཚན་ཁག་བགོས་ཀྱིས་དབྱིན་ཡིག་ཁྲིད་འགོ་བཙུགས་པ་ཡིན། གོང་གི་ཁོང་ཚའི་དབྱིན་ཡིག་སྦྱང་འདོད་ཀྱི་འདུན་པ་ཤུགས་དྲག་པོ་དང་སྦྱང་མ་ཆོག་པ།སྦྱང་སའི་ཁོར་ཡིག་མེད་པ་དེས་དོན་དངོས་ཐོག་དུས་རབས་ཉེར་གཅིག་པའི་ནང་བ་དོན་ལྡན་ཞིག་བྱ་འདོད་པའི་གཞོན་སྐྱེས་ཀྱི་གྲྭ་བ་མང་ཤོས་ལ་དཀའ་ངལ་འཕར་མ་ཞིག་སྤྲད་འདུག་ལ་མང་པོ་ཞིག་སྒྲིག་གཞི་དེ་ལས་འཕྲོ་བརླགས་སུ་བཏང་ཡོད་པ་ཡང་ཧ་གོ་སོང་། ད་དུང་།དེ་ལས་ལྷག་པ་ཞིག་ལ་མང་པོ་ཞིག་གིས་གདན་ས་ཁག་ལ་སོང་ན་དབྱིན་ཡིག་དང་རིག་གནས་སོགས་དེང་རབས་ཀྱི་ཤེས་ཡོན་ཁྱོན་ནས་སྦྱོང་མི་ཐུབ་པ་ཧ་གོ་བས་བོད་ནས་གསར་དུ་འབྱོར་བའི་གྲྭ་བ་མང་པོ་ཞིག་ཤེས་རབ་དགའ་ཚལ་སློབ་གླིང་དང་བོད་ཁྱིམ་སློབ་གྲྭ་ཁག་གི་ནང་དུ་དབྱིན་ཡིག་དང་རིག་གནས་སྦྱོང་གི་འགྲོ་མཁན་མང་པོ་འདུགགང་ལྟར་དེང་སྐབས་གཞོན་སྐྱེས་ཀྱི་གྲྭ་བ་མང་པོ་ཞིག་གིས་གྲྭ་ས་རུ་རིག་གནས་དང་གློག་ཀླད།དབྱིན་ཡིག་སྦྱོང་མི་ཐུབ་པ་འདིས་ཁོང་ཚོ་དུས་རབས་འདིའི་འགྲོ་སྟངས་ལ་རྨོངས་དུ་བཅུག་ཡོད་དང་མི་ཚེ་འགྲོ་སྟངས་ཙམ་ཡང་ཤེས་ཀྱི་མི་འདུག་ཟེར་པའི་དཀའ་ངལ་དང་བློ་ཕམ་ཆེན་པོ་ཞིག་ཏུ་བརྩི་གི་འདུགབཤད་སྟངས་གཞན་ཞིག་ནས་ཞུས་ན།ངས་དུས་རྟག་ཏུ་ དྲན་བསྡད་པ་ཞིག་ནི།དུས་རབས་འདིའི་བོད་པའི་དགེ་བཤེས་རྣམས་ནི་འཛམ་གླིང་ཞི་བདེ་དང་།ལྷག་པར་དུ་འཛམ་གླིང་འདིར་ཕྱི་དངོས་པོ་ཡར་རྒྱས་ཤུགས་ཆེན་བྱུང་བའི་དབང་གིས་འགྲོ་བ་མིའི་སེམས་ལ་དཀའ་ངལ་འཕར་མ་ཞིག་བཟོས་ཡོད་པའི་སྐབས་འདིའི་སྐད་གྲགས་ཅན་གྱི་ལྷ་རྗེ་གལ་ཆེན་དག་རེད་བསམ་ཡོད།གོང་གི་དཀའ་ངལ་འདི་བོད་པའི་དགེ་བཤེས་ཁོ་ནས་སེལ་ཐུབ་པས་ཁོང་ཚོའི་བླ་མེད་ཀྱི་འོས་འགན་དང་ཁྱད་ཆོས་དེ་ཆགས་ཡོད་ཙང་ཕྱག་ལས་མང་དྲག་པའི་དཀའ་ངལ་ཞིག་ཏན་ཏན་འཕྲད་དགོས།གང་ཡིན་ཅེ་ན།ནམ་རྒྱུན་འེད་ཚང་སྐྱབས་བཅོལ་ས་ཚང་གི་མཁས་དབང་དང་ཚན་རིག་པ་རྣམས་ནུབ་ཕྱོགས་ཀྱི་སྟོབས་འབྱོར་རྒྱལ་ཁབ་དག་གིས་བརྐུས་འགྲོ་བ་དང་ཉོས་འགྲོ་བའི་གནས་ཚུལ་བྱུང་གི་ཡོད།འོན་ཀྱང་།འེད་ཚང་གི་དགེ་བཤེས་རྣམས་དེ་ལས་ལྡོག་སྟེ་མང་པོ་ཞིག་དགོན་པའི་ནང་སྟོད་འགག་སེར་པོ་རེ་གྱོན་ནས་གོར་ལ་སྒུག་བཞིན་ལྷག་བསྡད་འདུགཡང་མང་པོ་ཞིག་དགེ་བཤེས་བཏང་ཚར་རྗེས་ནུབ་ཕྱོགས་སུ་རང་ཉིད་ཁོ་ནའི་འཚོ་བའི་དོན་དུ་འགྲོ་བཞིན་འདུག་འདི་བོད་པ་ཚང་གི་གྱོང་གུད་རེད།ང་ཚོས་རང་ཉིད་ཀྱི་དགེ་བཤེས་རྣམས་བེད་སྤྱོད་གཏོང་མ་ཐུབ་པ་དེ་ཕྱོགས་གཅིག་ནས་སྤྱི་ཚོགས་ཀྱི་ནོར་འཁྲུལ་ཞིག་རེད་འདུག་ལ་ཕྱོགས་གཞན་ཞིག་ནས་དགེ་བཤེས་རྣམས་ལ་དེང་རབས་ཀྱི་ཤེས་ཡོན་མེད་པའི་རྒྱུ་རྐྱེན་ཞིག་ཀྱང་ཏན་ཏན་རེད་འདུགདགེ་བཤེས་རྣམས་ལ་གཞན་ཕན་གྱི་ལྷག་བསམ་ཡོད་ན་དུས་རབས་དང་མཐུན་ཞིང་སྤྱི་ཚོགས་ལ་བབ་པའི་དེང་དུས་ཀྱི་ཤེས་ཡོན་ངེས་བར་དུ་དགོས་ཀྱི་འདུག གང་ལྟར་བོད་ཀྱི་གདན་ས་ཁག་ནི་གནའ་དེང་ཟུང་དུ་འབྲེལ་བའི་དུས་རབས་ཉེར་གཅིག་པའི་གཙུག་ལག་སློབ་གྲྭ་ཆེན་མོ་འགའ་ཞིག་ཆགས་རྒྱུ་དེ་ཆེས་གཟི་བརྗིད་ལྡན་པ་ཞིག་རེད་བསམ་ཡོད།འདི་ནི་བདག་གི་ཐེངས་འདིའི་འགྲུལ་བཞུད་ཁྲོད་ཀྱི་ཚོར་ཤུགས་དྲག་པོའི་ཟིན་ཐོ་དེ་ཡིན་ནོ།།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 19

  1. རི་བོང། says:
    ལོ་ 16 སྔོན།

    ཧ་ཧ་ཧ ང་བདེན་ཁ་མི་དགོས་ཡ། ཞི་ལི། ཁྱོད་བདེན་ཁ་བྱིན་ནས་ང་ངོ་མ་འུར་རྐྱ་ཞིག་ཡིན་ནི་བཅའ། གྲོགས་པོའི་བརྩེ་བ་འདང་རྒྱག་ཤེས་མཁན་ཞིག་རེད་དེའི་ཕྱོགས་ནས་དགའ་བསུ་ཡོད།

    Reply
  2. མི་ཞུན། says:
    ལོ་ 16 སྔོན།

    ཡ་ ཡ་ ཡ་ ད་ཁྱོད་འགྲོགས་སོང་ནི་བྱོས། ཁྱོའི་བཤད་སྟངས་ལ་ལྟ་དུས་ཧ་ལམ་མ་སོང་ན་ངས་རང་གི་གྲོགས་པོ་ཚོ་བཙོང་གི་ཡོད་མདོག་མདོག་གི་སྐད་ཆ་ཞིག་བཤད་ཀྱིན་འདུག ད་བཙུམ་ནས་མ་བསྡད་ན་ཁྱོད་འདྲ་བོས་བསམ་གཟས་ནས་ཆག་སྒོ་ཆེན་པོ་བཟོ་ན་ཐང༌། རང་གི་ངོ་ཤེས་པ་ཚོ་ཕུད་ནས་གཞན་པ་མང་པོ་ཞིག་གིས་གློག་ཀླད་ནི་གློག་བརྙན་ལྟ་བྱེད་ཅིག་ལ་བེད་སྤྱོད་གཏོང་གི་ཡོད་པ་དངོས་སུ་མཐོང་མྱོང༌། མཐོང་མྱོང་ན་མྱོང་ང་ཞེས་བཤད་ཆོག་རྒྱོ་རེད། ངས་གདན་ས་ཡོངས་ཀྱི་གྲྭ་བ་ཚོས་དེ་ལྟར་བྱེད་ཀྱིན་འདུག་ཅེས་བཤད་ཀི་མེད། སྐད་ཆ་ཆེན་པོ་མ་བཟོ་རོགས། མ་གཞི་ནས་ཁྱོད་མི་འུར་རྐྱ་ཞིག་ཡིན་ས་རེད། སྤྱིར་བྱས་ན་ ཉིན་གཅིག་ང་འབྲས་སྤུངས་ན་ཡོད་པའི་དྲ་ཁང་ཞིག་གི་ནང་དུ་སོང་བའི་གཏམ་རྒྱུད་དགོད་ཁ་སློང་བ་ཞིག་ཡོད་ཀྱང༌། དེ་བཤད་ན་ཡང་ཁྱོད་སྤོ་ལངས་རྒྱུ་རེད། ད་གཡུགས་ཞོག བདེ་མོ། ཨ་ཁུ་རི་བོང༌། ཁྱོད་ལ་བདེན་ཁ་སྤྲད་པ་ཡིན་དཱ།

    Reply
  3. རི་བོང། says:
    ལོ་ 16 སྔོན།

    མི་ཞུན་ལགས།
    ཁྱོད་ཀྱི་གྲོགས་པོས་ ༼དབྱིན་ཡིག་སྦྱོང་རྒྱུར་ཧ་ཅང་གིས་འདོད་པ་ཆེན་པོ་འདུག་མོད། དགོན་པའི་ནང་སྦྱོང་མ་ཆོག་པ་དང་སྤྱི་ཚོགས་ནང་སྦྱོང་གི་འགྲོ་བ་ཡིན་ན་གྲྭ་བ་ལོག་འགྲོ་བའི་ཉེན་ཁ་འདུག༽འདི་ལྟར་ལབ་པ་རེད། ཁྱོད་ཀྱིས་༼གྲོགས་པོ་དབང་གྲགས་འབུམ་གྱིས་རྙེད་པའི་གདན་སའི་ཟིན་ཐོ་འདི་ལ་གནས་ལུགས་དང་རྒྱུ་མཚན་མེད་པའི་དྲི་མ་གང་གིས་ཀྱང་སྦགས་མི་འདུག་ན་སྐྱག་ཕྲུག་ཚོས་ཁ་བཙུམས་ནས་འདུག་མི་ཐུབ་པར་ཅི་ཞིག་བཤད་ནས་མ་ཁོམ་པར་བསྡད་ཡོད། ༽ འདི་ལྟར་བཤད་ནས་མཐའ་གཅིག་ཏུ་གྲོགས་པའི་རྒྱབ་རྩ་བྱས་པ་རེད། ད་ཁྱོས་སྦྱང་མི་ཆོག་གི་ཞེས་ལབ་འདུག་གམ། ༼དེ་ཡང་ང་རང་གིས་དངོས་སུ་མཐོང་མྱོང་བ་དང་རིག་མྱོང་བའི་གྲྭ་བ་མང་དག་ཅིག་གིས་ནི་གློག་ཀླད་ཉོས་ཡོད་པའི་ཚོད་ཀྱིས་དྲ་རྒྱ་ལ་གཟིགས་པ་དང་གསར་འགྱུར་ལ་ཉན་པ་སོགས་ཀྱི་ཆེད་དུ་བེད་སྤྱོད་བྱེད་མཁན་ཤིན་ཏུ་ཉུང་བར་འདུག་ལ་དེ་དག་གི་ཕྱོགས་སུ་བེད་སྤྱོད་བྱེད་ཤེས་མཁན་ནི་དེ་བས་ཀྱང་ཉུང་བར་འདུག་ཅེས་ལབ་རྒྱུ་བྱུང་ཡོད་ལ་ལབ་འདོད་ཀྱང་སྐྱེས།༽ ཁྱོད་ཀྱི་སྐད་ཆ་འདི་མདོག་འགྱུར་བའི་སྐད་ཆ་རེད། ངས་ཁྱོད་ལ་གསལ་བཤད་བྱས་དུས་དོན་ལ་ཁྱོད་ཀྱིས་ཁས་ལེན་བཏང་པ་རེད། གློག་ཀླད་ནང་ན་ལྟད་མོ་རྐྱང་རྐྱང་བལྟས་བསྡད་མཁན་གྱི་ཁྱོད་ཀྱི་གྲོགས་པོ་གྲྭ་བ་འགའ་ཤས་ཀྱི་སྐྱོན་དེ་ཁྱོས་གདན་སའི་དགེ་འདུན་པ་ཡོངས་ལ་གཡོག་ན་འགྲིག་ཐབས་ཡོད་པ་མ་རེད། ཤེས་སོང་ངམ། ཁྱོད་ཀྱི་གྲོགས་པོ་གྲྭ་བ་ཚོ་སློབ་སྦྱོང་མི་དགོས་ལྟད་མོ་དགོས་པའི་གྲྭ་བ་མ་རབས་དེ་འདྲ་ཡིན་ནའང་ཁྱོད་ཀྱིས་དྲ་ཐོག་ནས་གསལ་བསྒྲགས་བྱེད་པ་ངས་འོས་འཚམ་ཞིག་ཏུ་མཐོང་མ་སོང་།

    Reply
  4. མི་ཞུན། says:
    ལོ་ 16 སྔོན།

    གྲོགས་པོ་རི་བོང་ལགས།
    ཁྱོད་ཀྱི་ཡ་ཐོད་ན་ཡོད་པའི་མིག་དེ་གཉིས་ཞར་མེད་པ་ཡིན་ན་ངས་ནི་གདན་སའི་གྲྭ་བ་ཚོས་དབྱིན་ཡིག་དང་གློག་ཀླད་སྦྱང་ཆོག་གི་མི་འདུག་ཅེས་ལབ་མེད་དོ།།
    དེ་ཡང་ང་རང་གིས་དངོས་སུ་མཐོང་མྱོང་བ་དང་རིག་མྱོང་བའི་གྲྭ་བ་མང་དག་ཅིག་གིས་ནི་གློག་ཀླད་ཉོས་ཡོད་པའི་ཚོད་ཀྱིས་དྲ་རྒྱ་ལ་གཟིགས་པ་དང་གསར་འགྱུར་ལ་ཉན་པ་སོགས་ཀྱི་ཆེད་དུ་བེད་སྤྱོད་བྱེད་མཁན་ཤིན་ཏུ་ཉུང་བར་འདུག་ལ་དེ་དག་གི་ཕྱོགས་སུ་བེད་སྤྱོད་བྱེད་ཤེས་མཁན་ནི་དེ་བས་ཀྱང་ཉུང་བར་འདུག་ཅེས་ལབ་རྒྱུ་བྱུང་ཡོད་ལ་ལབ་འདོད་ཀྱང་སྐྱེས། ད་ལྟ་ཡང་ལབ་ཀྱི་ཡོད། དེ་སྐྱག་རྫུན་མིན། ང་རང་གིས་མ་མཐོང་བ་དང་མ་རིག་པའི་སྐོར་གྱི་ཕྱོགས་སུ་ངས་སྐད་ཆ་བཤད་ཀྱིན་མེད། དེ་ཁྱེད་ཀྱིས་ཤེས་དགོས་པའི་གནད་ཅིག་ཡིན། འོན་ཀྱང༌། ངས་ཁོང་ཚོས་དབྱིན་ཡིག་ཤེས་ཀྱི་མི་འདུག གློག་ཀླད་ཤེས་ཀྱི་མི་འདུག་ཅེས་སྐྱོན་རྗོད་བྱེད་ཀྱིན་འདུག་ཅེས་ཟེར་ན་ཁྱེད་རང་ཅུང་ཧོན་ལོག་པ་ཡིན་རྒྱུ་རེད། ཁྱོས་འུར་མ་བསྒྲོག། དེ་སྐྱོན་བརྗོད་མ་རེད་གསལ་བཤད་རེད། ཤེས་ཀྱི་མེད་ན་ཤེས་ཀི་མི་འདུག་ཅེས་བཤད་མི་ཆོག་པའི་རྒྱུ་མཚན་ཞིག་ཡོད་ཀྱི་མ་རེད་པཱ། ངས་ཀྱང་ནང་ཆོས་མི་ཤེས། ཁྱོས་ང་ལ་མི་ཞུན་གྱིས་ནང་ཆོས་ཤེས་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་ན་དེ་ཁྱེད་རང་གིས་གླེན་རྟགས་བསྟན་པ་མ་ཡིན་ནམ། ང་གདན་ས་ལ་ནམ་སོང་མིན་གྱི་སྐོར་ལ་ཁྱོད་བྱུས་གཏོགས་མེད། འོན་ཀྱང༌། ངས་ནམ་ཡིན་ནའང་རང་གིས་དངོས་སུ་མ་མཐོང་བ་ཞིག་དང་མ་གོ་བ་ཞིག་གཏན་ནས་གཞན་ལ་བཤད་མ་མྱོང་ལ་བཤད་ཀི་ཡང་མེད། ཨེ་གོ་ཐ།

    Reply
  5. གངས་རི་སྐྱབས། says:
    ལོ་ 16 སྔོན།

    འབུལ(འབུམ)ཞེས་ནོར་བཅོས་སུ་གོ་བ་རྙེད་པར་ཐུགས་འཇགས་འཚལ།

    Reply
  6. གངས་རི་སྐྱབས། says:
    ལོ་ 16 སྔོན།

    ཨ་ཚོགས་དབང་གྲགས་འབུལ་ལགས། བདག་གིས་ཀྱང་ཁྱེད་ཀྱི་ཟིན་ཐོ་འདིར་མཆན་བུ་ཞིག་འདེབས་འདོད་སྐྱེས་སོང་མོད། བྲིས་ཀྱིན་བྲིས་ཀྱིན་རིང་དྲགས་ཏེ་རྩོམ་ཡིག་ཅིག་གི་ཚད་ལ་སླེབས་སོང་བས། འདིར་འགོད་མ་ཐུབ་པར་ང་རང་སྒེར་གྱི་ཟིན་བྲིས་ནང་ལ་བཀོད་ཡོད་པས། གལ་ཏེ་ཁོམ་པ་རེ་བྱུང་ན་སྐུ་ཉིད་བདག་གི་ཟིན་བྲིས་སུ་ཕེབས་ཏེ་བསམ་ཚུལ་རེ་འཇོག་པར་རེ་སྒུག་བྱས་ཡོད།

    Reply
  7. རི་བོང། says:
    ལོ་ 16 སྔོན།

    མི་ཞུན་ལགས།
    ལྷོ་ཕྱོགས་ཀྱི་གྲྭ་བ་ཚོར་དབྱིན་ཡིག་དང་གློག་ཀླད་སྦྱང་ཁོམ་དུས་ཚོད་མེད་པ་མ་གཏོགས། སྦྱང་མི་ཆོག་པའི་སྒྲིག་ཁྲིམས་གང་ཡང་ཡོད་ནི་མ་རེད། ཡིན་ནའང་ཁྱོད་ཀྱིས་གྲྭ་བ་ཚོས་གློག་ཀླད་དང་དབྱིན་ཡིག་མི་ཤེས་ཀི་ཞེས་སྐྱོན་བརྗོད་བྱེད་པ་ནི། ལྷ་བྲིས་པས་ལྷམ་བཙེམ་མི་ཤེས་ཀི སྨན་པས་གྲི་རྡུང་མི་ཤེས་ཀི་ཞེས་སྐྱོན་བརྗོད་བྱེད་པ་དང་གཅིག་པ་རེད། མི་སོ་སོས་ཆེད་དུ་གཉེར་བའི་ལས་རིགས་མི་འདྲ་བས་དབྱིན་ཡིག་དང་གློག་ཀླད་ཤེས་ན་བརྒྱན་ཡིན་ཀྱང་། མ་ཤེས་ན་མཚང་ཞིག་ཏུ་མཐོང་མ་སོང་། སོ་སྐྱེས་ལ་ཀུན་མཁྱེན་མེད་པའི་གནས་ལུགས་འདི་རྟོགས་ན། དབང་གྲགས་འབུམ་དང་ཁྱེད་གཉིས་ཀྱིས་གྲྭ་ས་ལ་སྐྱོན་བརྗོད་བྱེད་པ་དེ་གནས་ལུགས་དང་མཐུན་མི་མཐུན་ལ་གཞི་ནས་ངེས་པ་རྙེད་ངེས། ༼གློག་ཀླད་ཡོད་མཁན་མང་ཆེ་བས་ནི་གློག་བརྙན་ལ་བལྟ་བ་གཅིག་པོའི་ཐོག་ཏུ་བེད་སྤྱོད་བྱེད་པ་ལས་ཁ་སྔོག་ནས་གློག་ཀླད་ཀྱི་འཇིག་རྟེན་ལ་ལྗོངས་རྒྱུ་རུ་བསྐྱོད་ཐུབ་མཁན་ནི་ཧ་ཅང་ཉུང་ཉུང་ཞིག་རེད།༽ ཁྱེད་རང་གི་སྐད་ཆ་འདི་ཚད་ལས་བརྒལ་བའི་སྐྱག་རྫུན་རེད། གློག་ཀླད་ཡོད་མཁན་གྱི་གྲྭ་བ་མང་ཆེ་བས་བེད་སྤྱོད་ཇི་ལྟར་གཏོང་གི་ཡོད་བརྟག་དཔྱད་བྱེད་ཀི་ཁྱོད་ནམ་སོང་། སོང་མེད་ན་ཁྱོས་ཇི་ལྟར་ཤེས། ཁྱོད་ཀྱིས་དེ་ལྟར་བེད་སྤྱོད་བྱེད་མཁན་ག་ཚད་མཐོང་སོང་བཅུ་ཡན་ཆད་རིག་འུ་ཡོད། རང་སེམས་རྣལ་དུ་ཕབ་ནས་བསམ་བློ་ཐོངས། མེད་ན་ད་མང་ཆེ་བ་ཟེར་ན་མི་འགྲིག་ག

    Reply
  8. མི་ཞུན། says:
    ལོ་ 16 སྔོན།

    གྲོགས་པོ་དབང་གྲགས་འབུམ་གྱིས་རྙེད་པའི་གདན་སའི་ཟིན་ཐོ་འདི་ལ་གནས་ལུགས་དང་རྒྱུ་མཚན་མེད་པའི་དྲི་མ་གང་གིས་ཀྱང་སྦགས་མི་འདུག་ན་སྐྱག་ཕྲུག་ཚོས་ཁ་བཙུམས་ནས་འདུག་མི་ཐུབ་པར་ཅི་ཞིག་བཤད་ནས་མ་ཁོམ་པར་བསྡད་ཡོད། བདག་གི་སྙིང་གྲོགས་ལགས། བཤད་བཤད་གོ་ཉན་རྒྱུ་མེད། བྱིན་བྱིན་གོ་བཟའ་རྒྱུ་མེད། གཞན་གྱིས་ཅི་ཟེར་ལ་ཉན་ནས་བསྡད་ན་རྣ་ཚ་ནི་རེད། རང་གིས་གང་མཐོང་བ་དང་གང་ཐོས་པ་ཚང་མ་དམར་རྗེན་དུ་བཤད་ཐུབ་པ་འདི་ཡང་ཁྱེད་ཀྱི་གཟི་བརྗིད་ཅིག་ལ་བདག་གིས་འདོད་ཀྱི་ཡོད་དོ།། མུ་མཐུད་དུ་ མཚམས་མ་ཆད་པར་ བར་མེད་པར་ དུས་གཏན་དུ་ དེ་རིང་གི་འདི་ལྟར་ཡོང་གི་སྡོད། རྗེས་ནས་མཇལ།

    Reply
  9. མི་ཞུན། says:
    ལོ་ 16 སྔོན།

    ལྷོ་ཕྱོགས་ཀྱི་ཨ་ཁུ་རྒྱུ་ཅན་ཚོའི་ལས་ཤག་ན་གློག་ཀླད་ཡོད་པ་ནི་དངོས་བདེན་རེད།འོན་ཀྱང་ངས་མཐོང་བ་ལྟར་ན་དེ་ལྐོག་ནས་མ་གཏོགས་མངོན་སུམ་གྱིས་སྤྱོད་ཆོག་གི་མེད་པ་འདྲ། གློག་ཀླད་ཡོད་མཁན་མང་ཆེ་བས་ནི་གློག་བརྙན་ལ་བལྟ་བ་གཅིག་པོའི་ཐོག་ཏུ་བེད་སྤྱོད་བྱེད་པ་ལས་ཁ་སྔོག་ནས་གློག་ཀླད་ཀྱི་འཇིག་རྟེན་ལ་ལྗོངས་རྒྱུ་རུ་བསྐྱོད་ཐུབ་མཁན་ནི་ཧ་ཅང་ཉུང་ཉུང་ཞིག་རེད། དྲང་མོ་བཤད་ན། ཁོང་ཚོ་ལ་གློག་ཀླད་ཡོད་པ་མ་གཏོགས་གློག་ཀླད་བསླབ་མཁན་མི་འདུག་ལ་གློག་ཀླད་ཤེས་མཁན་ཀྱང་མི་འདུག སློབ་འདོད་ཡོད་མཁན་ཚང་མས་ཀྱང་དབྱིན་ཡིག་ཤེས་ཀྱི་མི་འདུག དབྱིན་ཡིག་མ་ཤེས་ན་གློག་ཀླད་ཡོད་ཀྱང་བྱིས་པའི་ལག་ཏུ་རྩེད་སྤྱད་ཅིག་བཞག་པ་དང་འདྲ་བ་ཙམ་ལས་ཅང་མ་རེད། གྲྭ་ས་ན་དབྱིན་ཡིག་སློབ་ས་ཡོད་མེད་ཀྱི་ཆ་ནས་བཤད་ན། དགོན་སྡེ་རེ་རེ་ན་བན་ཕྲུག་ཚོ་ལ་ཉི་མ་གཏོང་གི་འཇུག་སའི་སློབ་གྲྭ་རེ་ཡོད་པ་བདེན་པ་རེད། དེའི་ནང་གི་བན་ཕྲུག་ཚོ་ཡང་ལོ་ན་བཅུ་བདུན་ལས་མ་བརྒལ་བ་རྐྱང་རྐྱང་ཡིན་པ་སོང་ཙང་བོད་ནས་གསར་དུ་འབྱོར་བ་ལོ་བཅོ་བརྒྱད་ནས་བཅུ་དགུ་ཅན་གྱི་བན་ཕྲུག་ཅིག་ཡིན་ཕྱིན་སློབ་གྲྭ་དེ་དག་གི་ནང་དུ་འགྲོ་རྒྱུའི་རེ་བ་མེད་རབས་བཤད་ཀྱི་འདུག དེར་བརྟེན། གྲོགས་པོ་དབང་གྲགས་འབུམ་ལགས་ལ་དབྱིན་ཡིག་འཁྲིད་རོགས་གནངས་ཟེར་མཁན་དག་ཀྱང་ས་གནས་དགོན་སྡེའི་སློབ་གྲྭ་རུ་མ་ཚུད་པའི་གྲྭ་བ་ན་གཞོན་བོད་ནས་འབྱོར་བ་རྐྱང་ཡིན་པར་བདག་གིས་འདོད། སྤྱིར་གདན་ས་ནས་དབྱིན་ཡིག་སྦྱངས་ན་ཆོག་མི་ཆོག་གི་སྐད་ཆ་ངས་བཤད་མི་ཤེས། འོན་ཀྱང༌། དགའ་ལྡན་དང་འབྲས་སྤུངས་ལྟ་བུ་ཞིག་ལ་མཚོན་ནས་བཤད་ན་གྲྭ་བ་ཚོས་དབྱིན་ཡིག་སྦྱོང་འདོད་ཡོད་ཀྱང་དབྱིན་ཡིག་ཡག་པོ་ཤེས་མཁན་གྱི་དགེ་རྒན་ཞིག་བཙལ་རྙེད་བྱེད་དཀའ་བ་ནི་དངོས་བདེན་ཡིན་ས་རེད།

    Reply
  10. རི་བོང། says:
    ལོ་ 16 སྔོན།

    སྦྲ་དཔལ་ལྡན་ལགས།
    མ་མཐོང་ཕྱིར་ན་མེད་པ་མིན། ཨ་ཁུ་སྨོན་ལམ་གྱི་གློག་ཀླད་འདྲ་བ་ཆེན་པོ་ཞིག དྲ་ཁང་ནང་ནའང་མེད་ཀི དེ་ད་སྐབས་ཀྱང་སེ་རའི་ཨ་ཁུ་ཞིག་གིས་ཉར་ཡོད་པ་རེད། དེ་གློག་ཀླད་རྒྱ་སྒོ་འདྲ་བ་གཅིག་རེད། ཁྱོད་ལྷོ་ཕྱོགས་ལ་ཡོང་རྒྱུའི་གོ་སྐབས་ཤིག་ཡོད་ན། ངའི་ཟིན་བྲིས་ནང་ལ་ལན་ཞིག་ཞོག་དང་། ངའི་ནང་ནས་ཁྱོས་གློག་ཀླད་རྒྱ་སྒོ་འདྲ་བ་ཞིག་སྐུད་ལམ་དང་བཅས་བ་བསྟན་ཆོག དེ་མིན་ལྷོ་ཕྱོགས་ཀྱི་ཨ་ཁུ་ཚོའི་ནང་ནས་ལག་འཁྱེར་གློག་ཀླད་ཡོད་མཁན་མང་པོ་བསྟན་ཆོག སྤྱིར་སྟངས་ཤེས་མེད་ཅལ་འདྲོགས་ལ་དགའ་བ་ཚོར་འགྲེལ་བ་དང་ཡང་འགྲེལ་མ་བརྒྱབ་ན་སྐད་ཆ་ར་འཕྲོད་དཀའ། ངས་ལྷོ་ཕྱོགས་ན་གློག་ཀླད་ཉར་མཁན་གྱི་གྲྭ་བ་མང་པོ་ཡོད་པ་རེད་ལབ་པ་མ་གཏོགས། ཆ་ཚང་གིས་ཉར་ཡོད་པ་རེད་ལབ་མེད། དེ་ཁྱེད་ཀྱིས་ཤེས་དགོས། ཁྱེད་རང་རྡ་ས་ནས་བསྡད་དེ་ལྷོ་ཕྱོགས་ཀྱི་ཨ་ཁུ་ཚོའི་ཤགས་ན་གློག་ཀླད་མེད་པ་མིག་གིས་མཐོང་སྟངས་ལ་བལྟས་ན་ཁྱེད་རང་མི་ཅི་འདྲ་ཞིག་ཡིན་ནམ་སྙམ་གི

    Reply
  11. ཨ་ཚོགས་བློ་བྷེ། says:
    ལོ་ 16 སྔོན།

    ཨ་རོགས་ཚོ། ད་ཆོག་གི་པྰ། ངེད་ཚང་གི་ཞི་ལི་འདུག་གི་ཞོག་ཨྰ། བུ་ངར་བ་ཡོད་ན་ཁེར་ཐུག་བྱེད། ཧ ཧ ཧ། རྩེད་མོ་བཤད་ནི་མིན་ན་ཡོང་བྷ་ཁྲག་ཁ་རེག་རྒྱུའོ། དངོས་གནས་བཤད་ན་བདག་ལའང་སྤུན་གྱི་བསམ་ཚུལ་ལ་དོགས་འདྲི་དང་། སྒེར་གྱི་འདོད་ཕྱོགས་བཤད་རྒྱུ་ཡོད་པས་རྗེས་སུ་བལྟ་ཆོག ཚང་མ་གླེང་མོལ་ལྷུག་པོར་ཡོང་བའི་རེ་བ་ཆེ།

    Reply
  12. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    ཨོ་རེད། དེ་རིང་བདག་གི་སློབ་གྲོགས་རྙིང་བ་དབང་གྲགས་འབུམ་གྱི་རྩོམ་ཡིག་དེ་མཐོང་ནས་དགའ་བོ་ཞེ་དྲག་བྱུང་། འོན་ཀྱང་བདག་གིས་བལྟ་ཕྱོགས་ནོར་མེད་ན་སློབ་གྲོགས་དབང་གྲགས་ལགས་ཀྱི་སྐད་ཆ་དེ་ཡང་ཅུང་ཐལ་དྲགས་འདུག་ལ་གོང་གི་ཟུར་མཆན་བཀོད་པ་པོ་འགས་ཀྱང་ལྷོ་ཕྱོགས་ན་དབྱིན་ཡིག་སྦྱང་ས་ག་ཚད་ཡོད་ཡོད་འདྲ་བོའི་ཟོལ་ཞིག་གླེང་འདུག་པ་བདག་ལ་ངོས་ལེན་མེད། སྤྱིར་བདག་ལ་ངོས་ལེན་མེད་ཟེར་ན་ རང་ཉིད་མཆོག་ཏུ་བཟུང་བ་མིན་མོད་ དྲང་མོ་བཤད་ན་གྲྭ་ས་ན་ཅུང་དབྱིན་ཡིག་དང་ཀློག་ཀླད་སྦྱང་སའི་སྟབས་ལེགས་པོ་མེད་པར་འདོད་ ད་དུང་གོང་དུ་ཟུར་མཆན་བཀོད་པ་པོ་ཞིག་གིས་གྲྭ་ས་ན་གློག་ཀླད་རྒྱ་སྒོ་འདྲ་བ་རེ་ཉལ་ཡོད་་ཅེས་ཧ་ཅང་ཐལ་བའི་སྐད་ཆ་བྱུང་བཞིན་ཡོད་པ་ངེད་ཚོ་ཚང་མའི་མིག་གིས་མཐོང་ས་དང་མིག་གིས་རིག་ས་ཡིན་པས་དེ་འདྲའི་གླེན་བཤད་མ་བྱས་ན་བཟང་གི་འདོད་ཀི གང་ལྟར་ངེད་ཚོས་སྐད་ཆ་ག་འདྲ་ཞིག་བཤད་ན་ཆོག་གཙོ་བོ་དྲང་བདེན་གྱི་སྒོ་ནས་བཤད་དགོས་ལ་ སྐད་ཆ་དྲང་བདེན་མིན་ལ་ཕྱོགས་ཞེན་འདྲེས་ཡོད་ན་དེ་ལ་ཤེས་ལྡན་པ་ཞིག་གི་བསམ་བློ་མིན་པར་ཤེས་དགོས། ཨོ་བདག་ལ་མཚོན་ན་སྐད་ཆ་སྙན་པོ་བཤད་མི་ཤེས་པས་གལ་ཏེ་ནོར་བ་རེ་ཡོད་ན་དགོངས་འགལ་མེད་པར་ཞུ།

    Reply
  13. རི་བོང། says:
    ལོ་ 16 སྔོན།

    ཨ་ཚོགས་དབང་གྲགས་འབུམ་ལགས།
    ཁྱོད་སྙིང་རྗེ། དགོན་པ་ལ་གསར་དུ་ཡོང་ནས་མཁན་ལས་ཟུར་རྣམས་ལ་སྨད་ར་བཏང་། དོན་དངོས་དང་མི་མཐུན་པའི་སྐྱག་རྫུན་བཤད། དབྱིན་ཅིའི་སྦྱང་མི་ཆོག་སའི་གྲྭ་ས་ཞིག་གང་ན་ཡོད་ཀི གྲྭ་ས་ནས་གློག་ཀླད་སྦྱང་མི་ཆོག་ན། ཨ་ཁུ་སྨོན་ལམ་གྱིས་གང་ནས་སྦྱང་བ་རེད། གློག་ཀླད་རྒྱ་སྒོ་འདྲ་བ་རེ་ཉར་བསྡད་མཁན་གྱི་ཨ་ཁུ་གྲངས་ཀྱིས་ཟིན་ནི་མ་རེད་
    སློབ་གཉེར་གྱིས་ཁུངས་འཁྱོལ་གི་མེད་པའི་གྲྭ་བ་རེ་ཟུང་གི་ཁ་ལ་ཉན་ནས་ཧོལ་རྒྱུག་བྱས་ན་རྗེས་མར་རང་ཉིད་རྫུན་མ་ཆགས་ཉེན་ཡོད་པ་རེད། གནས་ཚུལ་ག་རེ་ཡིན་ན་བདེན་དོན་ལ་ཁ་ཕྱོགས་དགོས་པ་དེ་གལ་ཆེ་ནི་རེད། ཤེས་སོང་ངམ།

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    མི་རེ་ལ་བསམ་ཚུལ་རེ། རང་རང་གི་རིག་ཚད་རང་རང་གི་བདེན་པ་ཞིག་དུ་བསམ་ཆོག་པ་ལས། སྤྱི་ཚོགས་ཡོངས་ལ་བདེན་པར་གྲུབ་པའི་ངེས་པ་མེད་དུས། འདིའི་རིགས་ལ་དངོས་ནས་བསམ་བློ་གནད་དུ་འཁེལ་བ་ཞིག་བཏང་ནས་ཞུས་ན་ཡག་པོ་འདུག དེ་མིན་རིགས་གཅིག་རྐང་འཛིན་ཟེར་ན་རེད། བོད་བརྒྱུད་ནང་བསྟན་སྤྱོང་སའི་བསྟུ་གནས་ཟེར་ན་འགྲིག དངོས་ནས་རང་ལག་དུ་ཡོད་པ་དེ་ཡང་རང་ལག་ནས་ཤོར་དུ་འཇུག་འདོད་ཡོད་ན། སྐད་ཡིག་གཞན་དག་ལ་སྤྱོང་བ་ཐར་ཐོར་རེ་བྱོས་དེ་ཉིན་མ་འགྲོ་ཐུབ་རེ་བྱས་ན་མ་འགྲིག་པ་གང་ཡང་། ༧རྒྱལ་བ་ཚངས་དབྱངས་རྒྱ་མཚོས་ཀྱང་། ནོར་བུ་གཞན་ལ་་ཤོར་དུས།། འགྱོད་པ་གཏིང་ནས་སྐྱེ་སོང་།། གསུངས་པ་དེར་དགེ་འདུན་པ་དེ་དག་གིས་བསམ་བློ་ཞིབ་མོ་རེ་གཏོང་ཐུབ་ན་དངོས་ནས་ལེགས་པོ་འདུག་སྙམ་སོང་།

    Reply
  15. ཨུ་ཚུགས་ཅན། says:
    ལོ་ 16 སྔོན།

    དགེ་སྐྱོན་གཉིས་ཀ་གླེང་ཤེས་ན་ཡག་པོ་འདུག། སྐྱོན་མ་གཏོགས་གླེང་མི་ཐུབ་པ་འདི་དངོས་གནས་ཡ་མཚན་རེད།

    Reply
  16. ཨ་ལ་ལ says:
    ལོ་ 16 སྔོན།

    དབང་གྲགས་འབུམ་ལགས། ཁྱེད་རང་གིས་བཤད་བཤད་ཐམས་ཅད་བདེན་པར་འཛིན་མི་ཐུབ་ཅིང་ཐམས་ཅད་མི་བདེན་པ་ཤ་སྟག་ཀྱང་ཡིན་ས་མི་འགྲོ། གང་ལྟར་ཀྱང་ཁྱེད་རང་སོང་བའི་སོང་དོན་འགྲུབ་མི་འདུག ཁྱེད་ཀྱིས་སོམས་དང་། ཁྱེད་ཀྱིས་མཐོང་དགོས་པ་དེ་མཐོང་མེད། ཤེས་དགོས་པ་དེ་ཤེས་མེད། ཐུག་དགོས་པ་དེ་ཐུག་མེད། ཐམས་ཅད་གོ་ལྡོག་ཏུ་སོང་འདུག སྙིང་མ་རྗེ་ཡ་འགྲོ་སོང་འཕྲོ་བརླག་རེད་ཡ། ཁྱེད་ཀྱིས་ལྟོས་དང་གདན་ས་ན་ཆོས་སློབ་མཁན་དང་ཆོས་བསམ་མཁན་ཁོ་ན་ཞིག་ལ་དབྱིན་ཇི་སོགས་སྐད་ཡིག་གཞན་དག་སྦྱོང་ཁོམ་ཞིག་གང་ན་ཡོད། ད་དུང་དབྱིན་ཇི་ལ་སོགས་པའི་སློབ་གཉེར་དེ་དག་གིས་ནང་ཆོས་སློབ་གཉེར་ལ་ཕན་ཐོགས་ཇི་ཡོད། སྤྱིར་ན་ནང་ཆོས་ཟེར་བ་འདི་མི་ལ་ཕར་འགྲེལ་བཤད་རྒྱག་བྱེད་ཀྱི་ཆོས་ཤིག་མ་རེད། དེ་ནི་ཚུར་རང་ཉིད་རང་ལ་ངོ་སྤྲོད་བྱེད་ཀྱི་ཆོས་ཤིག་རེད། དེའི་རྐྱེན་གྱིས་རྗེ་གུང་ཐང་བས། ཐོས་དོན་རྒྱུད་ལ་སྦྱར་བས་བཙུན།།ཞེས་གསུངས་ཡོད་པ་རེད། སྤྱིར་ན་ནང་ཆོས་ནི་སློབ་སྦྱོང་ཞིག་དང་གདན་ས་ནི་སློབ་གྲྭ་ཞིག་དང་།་གྲྭ་བ་ནི་སློབ་མ་བྱས་པ་ཞིག་ལ་བསམས་ན་ཡོངས་སུ་ནོར་བ་རེད། གྲྭ་བ་དང་དགོན་པ་དེའི་ནང་ཆོས་གསུམ་ནི་འཇིག་རྟེན་གྱི་བྱ་བཞག་ལས་འདས་པ་ཞིག་ཡིན་སྟབས་གྲྭ་བས་དབྱིན་ཇི་སྦྱངས་ནས་ཞེ་པོ་ཞིག་བྱེད་བསམ་པ་དེ་ནི་ཆོས་པ་ལས་ལྡོག་སྟེ་འཇིག་རྟེན་དོན་གཉེར་ཅན་ཞིག་དང་སྐྱ་མིན་སེར་མིན་གྱི་རྣམ་ཐར་སྐྱོང་འདོད་ཡོད་པ་ཞིག་ཡིན་པ་ཁ་ཚོན་བཅད་ནས་བཤད་ཐུབ། དངོས་ནས་ཆོས་པ་ཞིག་བྱེད་འདོད་ཡོད་ན་དབྱིན་ཇི་སོགས་ནི་བགེགས་ཡིན། འོན་ཀྱང་དབྱིན་ཇི་སྦྱང་འདོད་ཡོད་ནའང་དེ་ནི་ནང་ཆོས་སྦྱངས་ནས་དགེ་བཤེས་བཏང་རྗེས་སྦྱང་ཆོག་པ་ཞིག་ཡིན།་དེའི་རྐྱེན་གྱིས་ནང་ཆོས་སྦྱོང་མཁན་ཞིག་ཡིན་ན་དབྱིན་ཇི་ཐོག་མའི་སློབ་སྦྱོང་དུ་བཟུང་ན་འགྲོ་སྟངས་འཔྱུག་སོང་བ་རེད། ཁྱེད་རང་གི་བསམ་པར་དབྱིན་ཇི་ཐ་ཐོར་རེ་ཤེས་ཚེ་ནང་ཆོས་ལས་སླ་པོ་ཞིག་རེད་བསམས་ནས་ཁ་བདེ་པོ་ཞིག་བཤད་པ་དེ་ཡང་རང་ཉིད་བསམ་བློ་སྨིན་མེད་པའི་རྟགས་མཚན་ཞིག་རེད།

    Reply
  17. སློབ་དཔོན་ says:
    ལོ་ 16 སྔོན།

    ཨ་ཚོགས་དབང་གྲགས་ཟེར་བ་ལགས་་་་་་་་་་་་་ངས་ལྟས་ན་ཁྱེད་རང་གི་གནས་ཚུལ་འདི་ཡི་དོན་དངོས་ཐོག་མ་མཁྱེན་པ་ཡིན་རྒྱུ་མ་རེད་་་་་་་་་ད་དུང་ཁྱེད་རང་གི་ངས་གདན་སར་དབྱིན་ཇི་སློབ་པ་ཡིན་ཅེས་ངོ་གསོ་འདྲ་པོ་བཤད་གྱི་འདུག་་་་ཚན་རིགས་དང་ནང་ཆོས་སོགས་རིགས་པའི་གནས་ལུགས་ལ་སྤྱང་མཁན་སུ་ཞིག་གི་ངོས་ནས་བཤད་ན་རིགས་རྐང་འཛིན་གྱི་ལམ་ནས་རང་གི་ཕུག་བསམ་འགྲུབ་པ་པར་བྱེད་རྒྱུ་དེ་རེ་བ་དང་པོ་རེད་་་་་་་་ལྷག་དོན་ནང་ཆོས་སྤྱང་མཁན་ཞིག་ཡིན་ན་རྗེའི་གུང་ཐང་པ་ཆེན་པོའི་གསུང་བཞིན་རྩ་བ་བོར་ནས་ཡལ་གར་འཇུག་མི་རིགས་པ་ནི་་་་་་་་་དོན་དངོས་དངག་མཐུན་པ་ཞིག་ཡིན་་་་་་་་་ད་དུང་མི་ཞིག་ཡིན་ན་ཁོང་རང་གི་ནུས་པ་ལས་དཔག་པའི་སློབ་གཉེར་བྱེད་ཐུབ་པའ་ཞིག་ཡོད་པ་རེད་་་་་་་་་་་་་་འདི་དགོས་རིགས་དང་་དེ་མི་དགོས་པའི་རིགས་ཅེས་ས་མཚམ་གསལ་པོ་མེད་པའི་ཡིག་རིགས་དཔེ་ན་དབྱིན་ཡིག་དང་རྒྱ་ཡིག་་ད་དུང་་་་་་་་་ད་དུང་་་་་་དགོས་མེད་འདི་འདྲ་མང་པོ་ཞིག་སྦྱང་སྡོད་ན་་་་་་་་་དོན་ཐོག་ལ་ག་དུས་སླད་ཐུབ་དམ་ཅེས་དྲིས་བ་ཞིག་ཡོད་་་་་་་་་་་་་་་་་་་ད་དུང་བོད་ཡིག་བདག་བཟུང་གནང་མཁན་དེ་གདན་ས་ཁག་གི་དགེ་འདུན་རྣམ་རེད་་་་མ་གཞི་དབྱིན་ཇི་ཤེས་མ་ཤེས་ལ་ཁྱད་ག་རེད་འདུག་་་་་་་་་་དཔེ་ན་ཁྱེད་རང་་དང་ཁྱེད་གྱི་དགེ་ཕྲུག་ཡིན་ཟེར་མཁན་དབྱིན་ཡིག་མི་ཤེས་པ་དེ་ཚོའི་དོན་ངོ་མ་་ཁྱེད་རང་དང་ཁེ་ཕན་འམ་་ཡང་ན་་བཟང་ངན་གྱི་ཁྱེད་ག་རེ་འདུག་་་་་་་་་་་གསེར་ས་འོག་ཡོད་ན་འོད་ནམ་མཁའ་ལ་འཕྲོ་ཟེར་བ་བཞིན་སོ་སོ་ལ་གང་ཞིག་གི་ཤེས་ཡོད་ན་དབྱིན་ཇའི་མིའི་ཚུལ་ལ་བོད་ཡིག་སྤྱང་དེ་ནས་ནང་ཆོས་སྤྱང་གི་འདུག་པ་་་་་་་་་་་་དེ་འདྲ་མི་མང་པོ་ཡོད་རེད་པས་ཁྱེད་མཐོང་སོང་ཟེར་ན་མི་བདེན་

    Reply
  18. ཡོན་ཏན says:
    ལོ་ 16 སྔོན།

    ཐོག་མར་སྐུ་ཉིད་གྲྭ་སར་ཕེབས་ནས་དབྱེན་ཡིག་གནང་བར་རྗེ་ཡིད་རངས་དང་བཀའ་དྲིན་ཆེ་ཞུ། འོན་ཀྱང་ཁྱོད་ཀྱིས་གདན་སར་དབྱེན་ཡིག་སྤྱོང་མི་ཆོག་པ་དང་སྤྱང་ས་མེད་པར་བརྗོད་པ་ནི་གཞི་མེད་སྐྱོན་འཛུགས་འབའ་ཞིག་ཡིན། གྲྭ་ས་དབྱེན་ཡིག་སྤྱང་སའི་གྲྭ་ཚང་སོ་སོར་སློབ་གྲྭ་ཚད་ལྡན་ཡོད་པར་ཁྱོད་གཟིགས་མ་བྱུང་ངམ། མ་ཟད་ཁྱོད་ཀྱིས་གྲྭ་བས་སྦྱོང་མ་ཆོག་པ་ཞིག་ཁྲིམས་འགལ་ཐོག་སློབ་འཁྲིད་གནང་གི་ཡོད་དམ?????????????????????????????

    Reply
  19. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    ཡ་ཨ་རོགས། སློབ་གྲོགས་དང་འཛིན་གྲོགས་རྙིང་བ་ལགས། གནས་འདི་ནས་ཁྱེད་ཀྱི་སེམས་སྟེང་གི་འགྱོད་གདུང་དྲག་པོ་ཞིག་དང་མཉམ་དུ་ཐུག་ཡོང་བསམ་བསམ་མེད། ཉིད་ཀྱི་སེམས་སྟེང་གི་རྡོག་སྒྲ་དེ་ངས་གསལ་བོར་ཐོས་ཡོད། མ་ཟད་ཉིད་ཀྱི་སེམས་སྟེང་གི་རྡོག་སྒྲ་འདིས་ལྷིང་འཇགས་སེ་གནས་པའི་ཁོར་ཡུག་ཅིག་གི་མཁྲེགས་འཛིན་རིང་ལུགས་པ་རྣམས་གཉིད་ལས་གྲོལ་དུ་གསོལ། དེང་རབས་ཅན་ལ་ཕྱོགས་པའི་ན་གཞོན་རྣམས་ཀྱི་མདུན་ལམ་སྔར་བས་ཀྱང་འོད་སྟོང་འཕྲོ་བར་ཤོག ངེས་པ་དོན་གྱི་དུས་རབས་ཉེར་གཅིག་པའི་ནང་པའི་དགེ་སློང་དག་ཏུ་འགྱུར་བར་ཤོག

    ད་དུང་མུ་མཐུད་ཕེབས་ཤོག
    ང་ཚོས་ཡུན་གྱིས་བགྲོ་གླེང་བྱེད་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese