མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྐྱོང་ནི་ཁ་སྟོང་ནང་གི་ཚིག་སྟོང་རེད་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་ཆེད་མཁས་པས་རྒྱ་ནག་གིས་བརྗོད་བཞིན་པའི་ས་ཁུལ་རང་སྐྱོང་ནི་ཁ་སྟོང་ནང་གི་ཚིག་སྟོང་ཙམ་རེད་ཅེས་བསྐྱོན་བརྗོད་བྱས་ཡོད་པ་རེད།

ཕྱི་ཟླ་ ༩ ཚེས་ ༣༠ ཉིན་སྟེ་རྒྱ་ནག་གི་རྒྱལ་བཙུགས་དུས་སྟོན་གྱི་སྔ་ཉིན། ཡུ་རོབ་གྲོས་ཚོགས་ཀྱིས་བྷེལ་ཇམ་གྱི་རྒྱལ་ས་བྷུ་རུ་སེལ་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་དཔྱད་གླེང་ཚོགས་འདུ་ཞིག་བསྡུས་ཡོད་པ་དང་། ཚོགས་འདུའི་སྟེང་བཙན་བྱོལ་བོད་གཞུང་གི་ཡུ་རོབ་སྐུ་ཚབ་དོན་གཅོད་དང་། འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་སྐུ་ཚབ། ཆོས་འཁོར་རྩ་རླུང་ལས་འགུལ་ཚོགས་པའི་སྐུ་ཚབ། དེ་བཞིན་རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྐུ་ཚབ་བཅས་ཆེད་དུ་མགྲོན་འབོད་ཀྱིས་ཚོགས་ཞུགས་བྱས་ཡོད་པ་རེད།

ཚོགས་འདུའི་གླེང་གཞི་གཙོ་བོ་ནི། དུས་རྒྱུན་མི་མང་གིས་དོ་སྣང་འབྱུང་བཞིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་གནད་དོན་དང་། ལྷག་པར་དུ་བོད་དང་ཤིན་ཅང་གི་གནས་སྟངས་སྐོར་ལ་གླེང་མོལ་བྱས་ཡོད་འདུག ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་ཆེད་མཁས་པས་རྒྱ་ནག་གིས་བརྗོད་བཞིན་པའི་ས་ཁུལ་རང་སྐྱོང་ནི་ཁ་སྟོང་ནང་གི་ཚིག་སྟོང་ཙམ་རེད་ཅེས་བསྐྱོན་བརྗོད་བྱས་ཡོད་པ་དང་། དེ་བཞིན་ཡུ་གུར་དང་ཆོས་འཁོར་རྩ་རླུང་ལས་འགུལ་བའི་མགྲིན་ཚབ་པས་ཀྱང་། རྒྱ་ནག་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མིའི་རིགས་ལ་གནོད་ཚབས་ཆེན་པོ་བཟོས་ཡོད་པའི་སྐོར་བརྗོད་ཡོད་འདུག

བཙན་བྱོལ་བོད་གཞུང་གི་ཡུ་རོབ་སྐུ་ཚབ་དོན་གཅོད་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཚོགས་འདུའི་སྟེང་བརྗོད་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཉམ་འབྲེལ་ཐོག་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་གནས་སྟངས་ཡར་རྒྱས་ཡོང་ཐབས་བྱ་དགོས། དེ་ལྟར་བྱས་ན་ད་གཟོད་འདས་པའི་ལོ་ངོ་བཅུ་གྲངས་འགའི་རིང་བོད་དང་རྒྱ་ནག་བར་གྱི་རྒྱུན་རིང་པོའི་གནད་དོན་དེ་སེལ་ཐུབ་ཅེས་དང་། ཡང་ཁོང་གིས། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་འདེགས་ཡོང་བའི་རེ་བ་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕན་ཚུན་བར་འདུམ་སྒྲིག་དང་གནད་དོན་སེལ་བར་ཐབས་ལམ་འཚོལ་རྒྱུ་དེ་ནི་ང་ཚོའི་རེ་བ་ཉག་གཅིག་ཡིན་ཞེས་བརྗོད་ཡོད་འདུག

དེ་མིན། རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ལ་གནོད་སྐྱོན་བཟོས་པའི་བྱ་སྤྱོད་དག་ཐེར་འདོན་བྱ་འཆར་ཡོད་པ་རེད།  ཚོགས་པ་དེའི་སྐུ་ཚབ་བྷ་ར་བྷེ་སེ་ Barabesi ལགས་ཀྱིས་བརྗོད་དོན། ང་ཚོས་ཧོང་ཀོང་དུ་གནས་སྡོད་རྒྱ་ནག་སྐམ་ས་ཆེན་པོར་འབྲེལ་བ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་རྩ་འཛུགས་ཁག་ལ་མཉམ་འབྲེལ་བྱས་ཏེ། གཙོ་བོ་རྒྱ་ནག་གི་ས་ཁུལ་མང་པོའི་གནས་ཚུལ་ཞིབ་འཚོལ་བསྡུ་རུབ་ཀྱིས་རྒྱ་ནག་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་བྱ་རྒྱུ་ཡིན་ཞེས་དང་། ཡང་ཁོང་གིས། རྒྱལ་སྤྱི་དང་མི་མང་སྤྱི་ཡོངས་ནས་གནོན་ཤུགས་སྤྲད་པ་ཡིན་ན་ད་གཟོད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་ཡོང་ཐུབ་གི་རེད།  རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་ཡུ་རོབ་གྲོས་ཚོགས་ཀྱི་ངོས་ནས་ནུས་པ་གལ་ཆེན་འདོན་དགོས་པ་ཞིག་རེད། དེ་བས་ཡུ་རོབ་གྲོས་ཚོགས་ཀྱིས་ངེས་པར་དུ་གནོན་ཤུགས་སྤྲོད་དགོས་པ་ལས། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ལ་བལྟས་ཏེ་དཔལ་འབྱོར་ཁེ་ཕན་ཁོ་ནའི་ཆེད་དུ་འགྲོ་བ་མིའི་ཐོབ་ཐང་སྣང་མེད་དུ་འཇོག་མི་རུང་། ཡུ་རོབ་ཀྱིས་ངེས་པར་དུ་རང་ཉིད་ཀྱི་རིན་ཐང་ལྟ་ཚུལ་རྒྱུན་འཁྱོངས་བྱ་དགོས་ཞེས་བརྗོད་པ་རེད།

གཞན་ཚོགས་འདུའི་སྟེང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རེ་བི་ལེན་  Rivellini ལགས་ཀྱིས།  ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གི་དྲག་ཆས་མཚོན་ཆ་ཉོ་ཚོང་བཀག་སྡོམ་རྩིས་མེད་བཏང་བ་དེ་ནི་ལམ་ཕྱོགས་ནོར་འཁྲུལ་ཅན་ཞིག་ཡིན་པ་དང་། རྒྱ་ནག་གི་དྲག་ཆས་མཚོན་ཆ་ཉོ་ཚོང་བཀག་སྡོམ་རྩིས་མེད་བྱེད་མི་རུང་བ་མ་ཟད། ད་དུང་དུས་བཀག་ཇེ་རིང་དུ་གཏོང་དགོས་པའི་ལངས་ཕྱོགས་ཀྱང་བཏོན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 4

  1. ocean like says:
    ལོ་ 17 སྔོན།

    ཆབ་སྲིད་ལ་དོ་གནང་མང་ཙམ་གནང་བར་ཐུགས་རྗེ་ཆེ།

    Reply
  2. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    ཁྱོད་ཀྱི་སྐད་ཆ་སྦོམ་མདོག་ཁ་པོ་དེར་བལྟས་ན་གནས་ལུགས་ཤིག་ཤོད་རྒྱུ་ཡོད་པ་འདྲ། ཚོགས་ཞིང་འདྲ་འབུལ་དགོས་ཀྱི་མེད་ན་གཏམ་གཏོང་རྒྱུ་དང་བཤད་པ་བརྒྱག་རྒྱུའི་དུས་ཚོད་རེད།
    ཤོད་ཤོད། གནས་ལུགས་ཤོད། ངས་ཉན་ནས་ཡོད།

    Reply
  3. ཚེ་རིང་། says:
    ལོ་ 17 སྔོན།

    ཁྱོད་ཀྱི་བཤད་སྟངས་འདིའང་ཁ་སྟོང་ནང་གི་ཚིག་སྟོང་ལྟ་བུ་ཞིག་རེད།

    ཡིན་ནའང་། གནས་ལུགས་མེད་པར་ཆགས་ཞེན་གླེང་བ་ཙམ་གྱིས་ཀྱང་རིགས་སུ་འཛིན་པའི་ལར་ཞེན་ཚོར་འོང་པས་ན། ཡི་རང་དང་དགའ་བསུ་ཞུ།

    Reply
  4. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    གྲུབ་འབྲས་ཤིག་འཐོན་རྒྱུ་ཡོད་མིན་ལ་མི་ལྟོས་པར་འདི་ལྟའི་ཁ་གཡང་ཞིག་བསྒྲགས་པ་ཙམ་ལ་དགའ་བསུ་ཡོད། འོན་ཀྱང་དོན་དངོས་ནི་རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་གྱི་སྟོབས་ཤུགས་དེ་དང་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་འབོད་སྒྲའི་སྟོབས་ཤུགས་གཉིས་ལ་བསྡུར་ས་ཞིག་གཏན་ནས་མེད་དེ། རྒྱ་ནག་གི་ཟིལ་རྔམ་ཆེ་བའི་ངོ་གདོང་དེའི་མདུན་ན་ནུབ་ཕྱོགས་རྒྱལ་ཁབ་ཚོའི་ལྕེ་ཐོག་གི་འབོད་སྒྲ་འདི་དག་ལ་སྐད་ཤུགས་ཤིག་དང་འགྱུར་ཁུག་ཅིག་མེད་པའི་ཐོག་རྔ་མ་བརླ་བར་དུ་བཅུག་པའི་སྤྲང་ཁྱིའི་ཟུག་སྐད་ལའང་དོ་ཟླ་མི་ཡོང་བ་དེ་རེད།

    སྐབས་རེ་ཨོ་བྷ་མ་རྫིག་པོ་དེ་མཐོང་དུས་སྙིང་ཡང་རྗེ་ཡིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese