མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་འབྱོར་བའི་བདེ་འཇགས་ལ་སྐྱོན་མེད།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་དུས་སུ་བལ་ཡུལ་དམག་མིས་སྣེ་ལེན་ཁང་ནས་བོད་མི་འཛིན་བཟུང་བྱས་པའི་གནས་ཚུལ་འདྲ་མིན་བྱུང་ཡང། ད་ལྟ་རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་སོགས་ཀྱི་རྒྱབ་སྐྱོར་འོག་བོད་མི་ཚོའི་བདེེ་འཇགས་ཀྱི་གནད་དོན་ལ་སེམས་ཁྲེལ་ཅི་ཡང་མེད་ཟེར། 

ཉེ་ལམ་ནས་བཟུང་བོད་ཕྱི་ནང་གཉིས་ཀྱི་གནས་ཚང་ཐོག་མ་བལ་ཡུལ་སྣེ་ལེན་ཁང་དུ་བོད་མི་མང་པོ་འབྱོར་གྱིན་མེད་པ་དང་། བལ་ཡུལ་དུ་སླེབས་པའི་བོད་མི་དེ་དག་ཀྱང་ཆབ་སྲིད་ཀྱི་དཀའ་རྙོག་དབང་གིས་བལ་ཡུལ་ནང་དཀའ་ངལ་གང་མང་ཞིག་འཕྲད་བཞིན་པའི་གནས་ཚུལ་སོགས་ཁྱབ་བཞིན་ཡོད་སྟབས། ཕྱི་ཚེས་ ༥ ཉིན་འདི་གའི་གསར་འགོད་པ་དངོས་སུ་བོད་གཞུང་བལ་ཡུལ་སྣེ་ལེན་ཁང་དུ་ཕྱིན་ཏེ། བོད་གཞུང་བལ་ཡུལ་སྣེ་ལེན་ཁང་གི་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་སུ་ལོ་སྔོན་མའི་ཞི་རྒོལ་ནས་བཟུང་བོད་ནས་གསར་ཏུ་འབྱོར་མཁན་གྱི་གནས་སྟངས་གང་འདྲ་ཡིན་མིན་ཐད་བཀའ་འདྲི་ཞུས་པར་ཁོང་གིས། ཉེ་ཆར་ནས་བཟུང་བོད་ནས་མི་གང་ལ་གང་འཚམ་ཞིག་འབྱོར་གྱིན་ཡོད་པ་དང་། ད་ཆར་སྣེ་ལེན་ཁང་དུ་མི་༣༠ ལྷག་འབྱོར་ཡོད། ལོ་སྔོན་མ་དང་བསྡུར་ན་འདི་ལོ་ཕྱི་ཟླ་ ༩ པ་དེ་མི་སླེབས་ཚད་མང་ཤོས་ཆགས་འདུག འདས་པའི་ལོ་ངོ་དེ་དག་ཏུ་ལོ་རེར་བོད་ནས་མི་ ༢༥༠༠ ལྷག་འབྱོར་གྱིན་ཡོད་པ་རེད། ཡིན་ནའང་། ལོ་སྔོན་མར་བོད་ནང་དོན་རྐྱེན་བྱུང་བ་ནས་བཟུང་རྒྱ་གཞུང་གིས་བོད་ནང་ཁུལ་གྱི་བོད་མི་ཚོར་ས་གཞན་དུ་འགྲོ་བར་བཀག་འགོག་དང་ས་མཚམས་བཀག་སྡོམ་བྱས་པ་སོགས་ལ་རྐྱེན་བྱས་ཏེ། ལོ་སྔོན་མར་མི་ ༥༠༠ ལས་འབྱོར་མེད། འདི་ལོ་ཡང་བོད་ནང་ཁུལ་གྱི་དམ་དྲག་དང་ས་མཚམས་བརྟན་སྲུང་བཅས་ལ་བརྟེན་ལོ་སྔོན་མ་དང་གཅིག་མཚུངས་ཀྱི་གནས་སྟངས་ཆགས་ཡོད་ཀྱང་། ང་ཚོའི་ངོས་ནས་མ་འོངས་ནམ་ཟླ་ཇེ་འཁྱགས་སུ་ཕྱིན་པ་དང་བསྟུན་བོད་ནས་འབྱོར་མཁན་སྔོན་མ་ལས་གང་མང་མང་ཞིག་ཕེབས་རྒྱུ་རེད་བསམ་ཡོད།  ཅེས་བརྗོད་བྱུང་།
ཡང་ཁོང་ལ་མ་འོངས་པར་བོད་ནས་འབྱོར་མཁན་ཚོའི་བདེ་འཇགས་དང་འཕྲོད་བསྟེན་སོགས་ཀྱི་ཐད་ལ་གྲ་སྒྲིག་གང་འདྲ་ཡོད་མེད་དྲིས་པའི་ལན་དུ། ལོ་སྔོན་མར་ཨ་མདོ་ཁུལ་ནས་ཡིིན་ཞིང་མིང་ལ་ཚེ་རིང་དོན་འགྲུབ་འབོད་པའི་བོད་མི་ཞིག་བལ་ཡུལ་དམག་མིས་སྣེ་ལེན་ཁང་དུ་འཛུལ་ནས་འཇུས་ཏེ་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་རེད། དེ་ནས་བཟུང་བལ་ཡུལ་སྣེ་ལེན་ཁང་དེ་རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་དང་བལ་ཡུལ་གྱི་ནང་སྲིད། ཡུལ་མི་གནས་སྤོར་ལས་ཁུངས་བཅས་ཀྱིས་བོད་ནས་འབྱོར་མཁན་གྱི་བདེ་འཇགས་ཐད་ཐུགས་ཁུར་གནང་དང་གནས་མུས་སུ་ཡོད་སྟབས། བོད་འབྱོར་བ་ཚོའི་བདེ་འཇགས་ཀྱི་ཐད་ལ་སེམས་ཁྲལ་བྱ་དགོས་པ་ཆགས་ཡོད་པ་མ་རེད། གལ་སྲིད་བོད་ནས་བྲོས་བྱོལ་དུ་འབྱོར་མཁན་ཚོ་བོད་ཀྱི་ས་མཚམས་བརྒལ་ཏེ་བལ་ཡུལ་ནང་སླེབས་པའི་རྗེས་ལ། བལ་ཡུལ་དམག་མི་དང་སྐོར་སྲུང་བ་སོགས་གང་གིས་འཛིན་བཟུང་བྱས་ཀྱང་ཡུལ་མི་གནས་སྤོར་ལས་ཁུངས་ཀྱིས་ཐད་ཀར་གློད་གྲོལ་ཐད་ལས་དོན་སྒྲུབ་བཞིན་པ་རེད་ལ། ཁོང་ཚོས་ལས་དོན་སྒྲུབ་རྗེས་རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་དང་ང་ཚོ་བལ་ཡུལ་སྣེ་ལེན་ཁང་གཉིས་ཀྱིས་མི་སྣ་དེ་དག་བོད་པ་ཡིན་མིན་བརྟག་དཔྱད་ཞིབ་འཇུག་བྱས་རྗེས་སྣེ་ལེན་ཁང་དུ་འཁྲིད་འོང་གི་ཡོད་པ་རེད། ད་ལྟའི་ཆར་བོད་མི་ཚོའི་བདེ་འཇགས་ཀྱི་ཐད་ལ་དཀའ་ངལ་ཅི་ཡང་མེད་ལ། བལ་ཡུལ་གཞུང་ངོས་ནས་ཀྱང་བོད་མི་ཚོ་ང་ཚོ་ལ་རྩིས་སྤྲད་དང་སྤྲོད་བཞིན་པ་རེད། གལ་སྲིད་མཐའ་མཚམས་ནས་འཛིན་བཟུང་བྱས་པ་ཡིན་ན་ང་ཚོ་ཐད་ཀར་ཕྱིན་ཏེ་བོད་མི་ཚོ་ལེན་ཅི་ཐུབ་བྱས་དང་བྱེད་མུས་སུ་ཡོད་སྟབས། གནས་ཚུལ་འདི་དག་གི་ཐད་ལ་དཀའ་ངལ་ཅི་ཡང་ཡོད་པ་མ་རེད་ལ། ང་ཚོས་ཀྱང་འདིའི་ཐད་ལ་དོ་སྣང་དང་ལས་ཀ་མུ་མཐུད་གནང་མུས་སུ་ཡོད། དེ་དང་ཆབས་ཅིག་ད་ལྟ་བོད་ནས་འབྱོར་མཁན་མང་ཆེ་བ་ཚ་བ་དང་དུག་སྦྲང་གིས་སོ་བརྒྱབས་ཏེ་རྨ་བཟོས་པ། འཐུང་ཆུ་མ་འཕྲོད་པར་གྲོད་ཁོག་ན་བ་སོགས་ནད་རིགས་མི་འདྲ་མང་པོ་ཞིག་འབྱུང་གི་ཡོད་པ་དེ་དག་ལ་དུས་ནསདུས་སུ་སྨན་བཅོས་བྱེད་ཀྱིན་ཡོད་ལ། དེ་བཞིན་ཉེ་བའི་དུས་ནས་བོད་ནང་ H1N1 ཆམ་ནད་དེ་བསླེབས་ཡོད་པའི་གནས་ཚུལ་ཐོས་འཕྲལ། ང་ཚོའི་ངོས་ནས་བོད་ནས་འབྱོར་མ་ཐག་པའི་བོད་མི་རྣམས་ལམ་སེང་ཕྱི་ལུགས་ཀྱི་སྨན་ཁང་དུ་ཁྲིད་དེ་བརྟག་དཔྱད་བྱེད་ཀྱིན་ཡོད། ད་ལྟའི་ཆར་ནད་ཡམས་དེ་འགོས་ཡོད་པའི་སྐོར་གྱི་གནས་ཚུལ་དེ་འདྲ་གང་ཡང་བྱུང་མ་སོང། ཅེས་བརྗོད་བྱུང་།

མཐའ་མར་ཁོང་གིས་བརྗོད་དོན། བོད་ནས་བྲོས་བྱོལ་ཏུ་འབྱོར་མཁན་མང་ཆེ་བ་རང་ལོ་ ༡༥ ཡན་དང་ ༣༠ མན་གྱི་གཞོན་སྐྱེས་རེད། དེ་དག་ཡོང་དོན་གཙོ་བོའང་བོད་ནང་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་ཤིག་མཚོན་གྱི་ཡོད་པ་དང་། ད་ལྟའི་དུས་འདིར་བོད་མི་མང་པོ་ཞིག་སླེབས་ཐུབ་ཀྱིན་མེད་པ་དེའང་རྒྱ་གཞུང་གིས་བོད་ནང་སྔར་མེད་ཀྱི་དམ་དྲག་ཤུགས་ཆེར་བྱེད་ཀྱིན་པའི་དབང་གིས་ཡིན་སྟབས།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་གནས་ཚུལ་དེ་དག་མཁྱེན་གྱི་ཡོད་པ་རེད། བལ་ཡུལ་ཡིན་ནའང་། སྔོན་མ་དང་མི་འདྲ་བར་བོད་མི་འདུས་སྡོད་ཀྱི་གནས་སུ་དམག་མི་བསྐོ་འཇོག་བྱེད་ཀྱིན་པའི་གནས་སྟངས་ཆགས་ཡོང་གི་ཡོད་པ་སོགས་བོད་མི་འབྱོར་ཚད་ཉུང་རུ་འགྲོ་བཞིན་ཡོད་པ་རེད། ང་ཚོ་བལ་ཡུལ་སྣེ་ལེན་ཁང་གི་ལས་འགན་ལྟེ་བ་དེ་མ་འོངས་རྒྱལ་སྤྱི་དང་རྒྱ་གར་གཞུང་ལ་འབྲེལ་ལམ་བཟང་དུ་བཏང་སྟེ། བོད་ནས་འབྱོར་མཁན་ཚོ་བལ་ཡུལ་ནང་གི་བདེ་འཇགས་སྲུང་སྐྱོབ་དང་། བདེ་ལེགས་མགྱོགས་མྱུར་ངང་རྒྱ་གར་ཏུ་འབྱོར་བ་བྱ་རྒྱུའི་ཐད་ལ་སྔར་ལས་འབད་པ་བྱ་རྒྱུ་དེ་ཡིན་ལ། ལས་དོན་དེའི་ཐད་ང་ཚོའི་ངོས་ནས་ཀྱང་སྔར་ལས་དོ་སྣང་དང་འབད་བརྩོན་བྱེད་ཀྱིན་ཡོད། ཅེས་གསུངས་བྱུང།

ད་ལྟའི་ཆར་བོད་གཞུང་བལ་ཡུལ་སྣེ་ལེན་ཁང་བསྡོམས་ལས་བྱེད་ ༡༥ འདུག་ལ། ཚོགས་ཁང་དང་སྨན་ཁང་། ཐབ་ཚང་། བུ་དང་བུ་མོ་ཉལ་ཁང་ཁང་བརྩེགས་གསར་རྒྱག་བྱས་པ་སོགས་འཛུགས་སྐྲུན་དང་ཁོར་ཡུག་སོགས་ལ་སྔར་མེད་ཀྱི་འགྱུར་བ་དང་འཛུགས་སྐྲུན་རྒྱ་ཆེན་པོ་ཞིག་བྱས་འདུག་ལ། ཆ་རྐྱེན་དང་མཐུན་རྐྱེན་བཟང་དུ་ཕྱིན་པ་སོགས་ཀྱིས་གཞིས་བྱེས་གཉིས་སུ་གྱར་བའི་བོད་མི་ཚོ་ཕར་འགྲོ་ཚུར་འོང་གི་སྣེ་ལེན་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་འདུག

དུས་བབ་གསར་འགོད་པ་དོན་གོས་ཀ་ཐ་མན་གྲུ་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 9

  1. གངས་གླག says:
    ལོ་ 17 སྔོན།

    སྐུ་འོས་སྣེ་ལེན་ཁང་གི་འགན་འཛིན་གཙོས་ལས་བྱེད་རྣམ་ལ་ཞུ་རྒྱུར། བལ་ཡུལ་སྣེ་ལེན་ཁང་ནི་ཆེས་གལ་འགངས་ཆེ་ཞིང་བོད་མི་བྲོས་བྱོལ་བ་རྣམས་ཀྱི་མཐོ་མར་རེ་བ་བཅོས་པའི་འབབ་ཚུགས་ཤིག་ཡིན་པ་མ་ཟད། མི་མང་པོ་ཞིག་ལ་མཚོན་ན། བལ་ཡུལ་སྣེ་ལེན་ཁང་ནི་ཁོང་ཚོར་ཆབ་སྲིད་ཀྱི་གོ་རྟོགས་འཕེལ་ས་དང། རང་ཉིད་ཀྱི་ཆོལ་གསུམ་སྤུན་ཟླ་དེ་ཚོ་དང་ཐུག་འཕྲད་ཀྱི་གོ་སྐབས་ཐོག་མ་རེག་པའི་གནད་ཆེན་ས་གནས་ཤིག་ཡིན་པས་ན། བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་ཚང་མས་ཅེས་ཀྱང་གཟབ་བརྣནབྱེད་དགོས་པ་རེད་ལ། ལྷག་པར་ཏུ་སོ་སོ་སྒེར་གྱི་ལུང་ཚན་དང་ཆོས་ལུགས་ཀྱི་ཞེན་བརྩེ་ལ་བརྟེན་ནས། བོད་ནས་གསར་ཏུ་འབྱོར་བའི་སྤུན་ཟླ་རྣམས་ལ་ཆོལ་ཁ་དང་ཆོས་ལུགས་གཙོས་པའི་འཐེན་འཁྱེར་གྱི་ལྟ་བ་ངན་པ་དེའི་ས་བོན་གཏན་ནས་མི་འདེབས་པར་གཟབ་བརྣན་དང་དོ་ཁུར་གནང་རྒྱུ་ནི་ཧ་ཅང་གལ་གནད་ཆེ་བའི་གནས་དོན་ཞིག་ཡིན་པས། ཚང་མས་གཟབ་ཟབ་བྱེད་པར་རེ་སྐུལ་ཞུ་ན་འདོད་དོ།

    Reply
  2. བཀྲ་ཤིས་ཟླ་བ། says:
    ལོ་ 17 སྔོན།

    སྣེ་ལེན་ཁང་གི་འགན་འཛིན་དང་ལས་བྱེད་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ། གསར་འབྱོར་རྣམས་ལ་རྣམ་འགྱུར་ཡག་པོ་གནང་རྒྱུ་དང་། མི་རིགས་ཀྱི་ལ་རྒྱ་ལ་བསམ་སྟེ་ལམ་སྟོན་བཀའ་སློབ་སོགས་བསྩལ་གནང་ཡོང་བའི་རེ་བསྐུལ་དུ།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    འཆི་མེད་ལྟ་རྟོག་ལས་ཁུངས་ཞེས་པ་དེ་ཡུལ་མི་གནས་སྤོར་གྱི་ལས་ཁུངས་ཏེ། Immigration Office ཞེས་པ་དེ་རེད་ཟེར། གོང་ནས་ངས་འདི་ལྟར་བཟོ་བཅོས་རྒྱག་གི་ཡིན།

    Reply
  4. ཀླུ། says:
    ལོ་ 17 སྔོན།

    འཆི་མེད་ལྟ་རྟོག་ལས་ཁུངས་དང་འཆི་མེད་ཞབས་ཞུ་ལས་ཁུངས་ཞེས་བ་དེ་ཕྱི་མི་ཞིབ་གཤེར་ལས་ཁུངས་རེད། དབྱིན་སྐད་ལ་Immigration་ཟེར་བ་དེ་རེད།

    བོད་འབྱོར་བའི་བདེ་འཇགས་ལ་སེམས་ཁྲལ་མེད་པ་ལོས་ཡིན་ཁོང་ཚོ་ཉིན་ལྟར་སྣེ་ལེན་སྒོ་ར་ན་བཅུག་ནས་ཡོད་ལ་སྒོ་ཆེན་ཕྱི་ན་དམག་གིས་ཉིན་ལྟར་སྲུང་བསྡད་འདུག། གང་ལྟར་འགན་འཛིན་གསར་བ་རེད་རྟེན་འབྲེལ་ཞུ།

    Reply
  5. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    མཆིན་པའི་གཉན་ཚད་ཀྱི་ནད་གཞི་ཞེས་པར་གོ་གནང་ཞུ།

    Reply
  6. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    འཆི་མེད་ལྟ་རྟོག་ལས་ཁུངས་དང་འཆི་མེད་ཞབས་ཞུ་ལས་ཁུངས་ཞེས་པ་ཕལ་ཆེར་འཆི་མེད་ཚེ་རིལ་སྒྲུབ་སའི་ལས་ཁུངས་དེ་འདྲ་ཞིག་ནི་ཡིན་གྱི་མ་རེད།
    ཕྱི་མི་ལྟ་རྟོག་ལས་ཁུངས་དང་ཕྱི་མི་ཞབས་ཞུ་ལས་ཁུངས་ཞེས་གོ་དགོས་པ་མིན་འགྲོ།

    ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་སོགས་བོད་ཀྱི་གྲོང་ཁྱེར་ཆེ་ཁག་གཙོ་བོར་གྱུར་པའི་གྲོང་ཁྱེར་ཁག་དང་ཐ་ན་གྲོང་གསེབ་རྒན་པོ་ཚོའི་ཚིལ་དྲེག་ཆགས་པའི་དངུལ་ཁུག་ཡན་ཆད་ལ་སྲེད་ཞེན་གྱིས་བལྟ་བའི་རྒྱ་མོ་ཤ་དཀར་ཚོའི་དཀའ་དྲིན་ལ་བརྟེན་ནས་དེང་སང་བོད་ནང་གི་གཞོན་སྐྱེས་མང་དག་ཅིག་ལ་རེག་དུག་དང་མཆིན་པའི་གཉན་ཚད་ཀྱི་ནང་གཞི་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་། དེར་བརྟེན་བལ་ཡུལ་སྣེ་ལེན་ཁང་ནས་ཕག་པའི་ཆམས་ནད་ལ་བརྟག་དཔྱད་བྱེད་པ་ནང་བཞིན་དུས་རྒྱུན་ནས་ནད་གཞི་འདི་དག་ཐད་བརྟག་དཔྱད་བྱེད་པའི་ལས་གཞི་ཞིག་འགྲོ་ཐུབ་ན་ཕྱོགས་གཅིག་ནས་བོད་ནང་གི་གཞོན་སྐྱེས་ཚོའི་འཕྲོད་བསྟེན་གྱི་གནས་སྟངས་ལ་རྒྱུས་ལོན་ཅུང་ཟད་ཅིག་བྱེད་ཐུབ་པའི་རེ་བ་དང་། ཕྱོགས་གཞན་ནས་ང་ཚོས་ཚོད་དཔག་བྱས་པ་ནང་བཞིན་ནད་གཞི་འགོས་ཁྱབ་བྱུང་བའི་གསར་འབྱོར་གཞོན་སྐྱེས་འདྲ་བསླེབས་པ་ར་འཕྲོད་ཚེ་དུས་ཐོག་སྨན་བཅོས་བྱེད་ཐུབ་པའི་ཁེ་ཕན་དང་། དེ་བཞིན་སློབ་གྲྭར་བསླེབས་རྗེས་ཕོ་མོ་ཕན་ཚུན་འཁྲིག་སྤྱོད་སོགས་ཀྱི་ལམ་འགོས་ཁྱབ་འགྲོ་བའི་ཉེན་ཁའི་ཐད་ལ་ཡང་དགེ་མཚན་གྱི་གྲུབ་འབྲས་ཐོན་རྒྱུ་རེད་སྙམ།
    ང་ཚོ་བོད་རིགས་ཚོར་གློ་བུར་བའི་ཟང་ཟིང་གི་ཉེན་ཚབས་འདྲ་མ་བྱུང་ན་གཏིང་རིང་དང་མངོན་པར་མི་གསལ་བའི་ཚབས་ཆེན་གྱི་ཉེན་ཁའི་ཕྱོགས་ལ་སྣང་མེད་འཐུས་ཤོར་གཏོང་བའི་གོམས་གཤིས་ཤིག་ཡོད། ང་ཚོའི་འཐུས་ཤོར་མང་པོའི་རྐྱེན་རྩ་གཅིག་འདི་ཡིན།

    Reply
  7. བདེ་བ་ཅན། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ལགས། ཞུ་དག་ཞིག་བཏང་ཐུབ་ན་ཡག་པོ་འདུག རང་གཞུང་བལ་ཡུལ་སྣེ་ལེན་ཁང་དང་འབྲེལ་བ་ཡོད་པའི་འཆི་མེད་ལྟ་རྟོག་ལསཁུངས་ཟེར་བའི་ལས་ཁུངས་དེ་འདྲ་ཞིག་ཡོད་པ་རེད་དམ། ཏན་ཏན་དག་ཆ་ནོར་ཡོད་བཟོ་འདུག བསྐྱར་དུ་བཀའ་འདྲི་ཞིག་ཞུས་ན་དག་ཆ་དེར་འགྱུར་བ་འགྲོ་སྲིད།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སྣེ་ལེན་ཁང་ནས་འཁྲིད་པའི་གནས་ཚུལ་ད་དུང་གསལ་བོ་ཞིག་ཆགས་མེད་པ་མ་རེད་དམ།
    མ་འོངས་པའི་འཆར་གཞི་དེ་དག་ལམ་ལྷོང་ཡོང་བར་ཤོག ཁ་བཤད་དོན་ལ་ཡོད་པ་ཞིག་རྟག་དུ་རེ་བ་བྱེད་ཀྱི་ཡོད་ལགས།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    དེ་འདྲ་ཡིན་ན་བཟང་གི ལོ་སྔོན་མར་བལ་ཡུལ་ཉེན་རྟོགས་པས་གནས་ལེན་ཁང་ནས་བོད་མི་རེ་འགའ་འཛིན་བཟུང་བྱས་སོང་བ་མ་ཡིན་ནམ། བོད་ནས་བྲོས་བྱོལ་དུ་ཡོང་བ་ཚོ་གནས་ལེན་ཁང་དུ་འབྱོར་འཕྲལ་བདེ་འཇག་གི་འཚོ་བ་ཞིག་སྤྲོད་གང་ཐུབ་བྱེད་རྒྱུ་གལ་ཆེན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese