མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་བསྐྱར་དུ་འཇལ་འདོད་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་འདིར་ང་རང་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་གནང་མ་ཐུབ་ཀྱང་། སྐུ་ཉིད་ཉི་ཧོང་དུ་ཕེབས་པར་ང་རང་གིས་དགའ་བསུ་ཡོད། མ་འོངས་པར་ང་རང་གི་ངོས་ནས་ཁྱེད་ལ་མཇལ་རྒྱུར་རེ་བ་ཆེན་པོ་བཅངས་ཡོད་པ་མ་ཟད། བོད་ཀྱི་བདེན་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཅེས་ཉི་ཧོང་གི་སྲིད་བློན་གྱིས་༧གོང་ས་མཆོག་ལ་གསུང་འཕྲིན་ཞིག་བསྐུར་ཡོད་འདུག

ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ ༨ ལ་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཁོང་ཚོས་ཐེངས་འདིར་༧གོང་ས་མཆོག་་ཉི་ཧོང་དུ་ཆིབས་བསྒྱུར་གནང་བར་ཉི་ཧོང་སྲིད་བློན་དང་ཁོང་གི་སྐུ་ལྕམ་རྣམ་གཉིས་གྱིས་དགའ་བསུ་ཞུས་ཡོད་པའི་བརྡ་ལན་ཕུལ་ཡོད་པ་མ་ཟད། སྲིད་བློན་ཡུ་ཁོ་ཧཱ་ཊོ་ཡ་མ་ Yukio Hatoyama  མཆོག་ནས་ཐེངས་འདིར་ཁོང་ཉིད་༧གོང་ས་མཆོག་དང་མཇལ་འཕྲད་གནང་མ་ཐུབ་ཀྱང་། ཁོང་ཉིད་༧གོང་ས་མཆོག་ལ་མཇལ་རྒྱུའི་རེ་བ་ཆེན་པོ་ཡོད་ཚུལ་བརྗོད་ཡོད་པ་མ་ཟད། མ་འོངས་པར་བོད་ཀྱི་བདེན་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་བརྡ་ལན་ཡང་བསྐུར་ཡོད་པ་རེད།  དེ་བཞིན། ༧གོང་ས་མཆོག་གིས་ཀྱང་སྲིད་བློན་མཆོག་གི་བརྡ་ལན་དེར་ཐུགས་རྗེ་ཞུས་པ་དང་ཆབས་ཅིག ཉི་ཧོང་གི་སྲིད་དོན་མི་སྣ་དག་ལ་བྱམས་སྙིང་རྗེའི་རིན་ཐང་ལ་བརྩི་མཐོང་བྱ་དགོས་པ་དང་། ང་ཚོ་ཚང་མ་མཉམ་རུབ་ཀྱིས་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་ཀྱི་སློབ་གསོ་གོང་འཕེལ་བཏང་སྟེ། འཛམ་གླིང་ཞི་བདེར་སྐུལ་འདེད་བྱ་དགོས། ཅེས་འབོད་སྐུལ་གནང་ཡོད་འདུག 

ཕྱི་ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་ཉི་ཧོང་དོན་གཅོད་ཁང་དང་ཉི་ཧོང་གི་ཆོས་ལུགས་མཐུན་ཚོགས་ Shikoku Buddhist Association དང་ Okinawa Mahabodhi Association བཅས་ཀྱི་གོ་སྒྲིག་འོག་༧གོང་ས་མཆོག་ནས་ཉི་ཧོང་གི་ཚན་རིག་པ་ཁག་ཅིག་ལ་ ”གོ་ལའི་མ་འོངས་པ” ཅེས་པའི་བརྗོད་གཞིའི་ཐོག་ནང་ཆོས་དང་དེང་དུས་ཚན་རིག་གྱི་ལྟ་གྲུབ་ཟུང་འབྲེལ་གྱིས་བགྲོ་གླེང་གོ་བསྡུར་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་ཚན་རིག་པ་རྣམས་ལ་ཁོང་ཉིད་ཀྱིས་བདེ་སྐྱིད་ཀྱི་ཐུན་མོང་མ་ཡིན་པའི་ལྟ་སྟངས་གང་འདྲ་ཞིག་བཟུང་གིན་ཡོད་མེད་དང་། དེ་བཞིན་ཁོར་ཡུག་གི་གལ་ཆེན་རང་བཞིན་སོགས་ཀྱི་ཐད་ལ་བཀའ་སློབ་བསྩལ་ཡོད། ཁོང་གིས། ང་ཚོར་གོ་ལ་གཅིག་ལས་མེད་སྟབས། དེ་ཉིད་སྲུང་སྐྱོབ་བྱ་རྒྱུ་ནི་མིའི་རིགས་ཐུན་མོང་གི་འགན་འཁྲི་ཡིན། ང་ཚོས་འདས་པའི་ནོར་འཁྲུལ་མཐའ་དག་བསྒྱུར་བཅོས་བྱས་ཏེ་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པ་དང་། མ་འོངས་ཞི་བདེ་ལྷིང་འཇགས་ཀྱི་འཛམ་གླིང་ཞིག་བསྐྲུན་པར་ཚང་མས་འབད་པ་བྱ་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།

ཐེངས་འདིར་༧གོང་ས་མཆོག་ནས་ཉི་ཧོང་གི་རྒྱལ་སའི་ནང་གི་མཛད་འཕྲིན་ལེགས་པར་གྲུབ་རྗེས་ཉི་ཧོང་གི་གླིང་ཕྲན་བཞིའི་མཚོ་འགག་དང་བྱང་ཤར་གྱི་རྫོང་ཁག་ཅིག་གི་ནང་གཟིགས་སྐོར་གནང་རྒྱུ་ཡིན་འདུག་ལ། ཡུལ་དེའི་སྙན་གྲགས་ཅན་གྱི་དགོན་སྡེ་ཁག་ཏུ་གཟིགས་སྐོར་འཚམས་འདྲིར་ཕེབས་འཆར་ཡོད་པ་རེད། 

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༣ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༤ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༦ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 11

  1. རྒྱང་རིང་ནས། says:
    ལོ་ 16 སྔོན།

    མཇལ་ཐུབ་པའི་སྨོན་འདུན་ཞུ།།

    Reply
  2. རྩེ། ཆུ་མིག says:
    ལོ་ 16 སྔོན།

    གཅིག་ན་ཁོ་རང་སྲིད་བློན་ལ་བསྡད་ནས་ཟླ་ཤས་ལས་འགོར་མེད་པ་དང་།
    གཉིས་ན་ཉི་ཧོང་གི་སྲིད་བློན་ཅིག་གིས་གོང་ས་མཆོག་ལ་མཇལ་འཕྲད་བྱོས་མྱོང་མེད་པས། འདི་ནི་ཧ་ཅང་གནད་འགག་ཅིག་རེད་ལ། དགའ་འོས་བ་ཞིག་ཅིས་ཀྱང་རེད་འདུག ད་ཐེངས་ཀྱི་སྲིད་བློན་འདི་ཡིས་རྒྱ་ནག་ལ་མགོ་སྒུར་རྒྱུ་མིན་པའི་བརྡ་ལན་ཞིག་ཀྱང་རེད་འདུག

    Reply
  3. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    གོང་ས་མཆོག་ལ་ཁེ་ཕན་ཡོད་མི་སྲིད་མོད་འོན་ཀྱང་བོད་མི་རིགས་འདིར་ཏོག་ཙམ་ཁེ་ཕན་ཡོད་རེ་སྙམ་

    Reply
  4. ཨ་ལ་ལ says:
    ལོ་ 16 སྔོན།

    སོ་སོ་ལ་ཁེ་ཕན་མེད་ན་༧གོང་ས་མཆོག་ལ་ངེས་པར་དུ་མཇལ་དགོས་པ་མ་རེད། སྲིད་བློན་དེའི་བཅོས་ཚུལ་ལ་བལྟས་ན་༧གོང་ས་མཆོག་ལ་ཁེ་ཕན་ཞེ་པོ་ཞིག་ཡོད་པ་ལྟ་བུ་ཞིག་འདུག་གཱ།

    Reply
  5. མཁར་རྔ་། says:
    ལོ་ 16 སྔོན།

    ཁ་ཚིག་དོན་ལ་གནས་པའི་སྨོན་ལམ་འདེབས།

    Reply
  6. མཁར་རྔ་། says:
    ལོ་ 16 སྔོན།

    སྐུ་ངོ་ལགས་ནས་ཀྱང་༌༌༌༌༌ཁ་གཡང་བརྗོད་པར་དགའ་བསུ་ཞུ།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    སྒང་གཅིག་ལ་བུད་ནས་ལེབ་གཉིས་ལ་ལྟ་མཁན་གྱི་དཔོན་རིགས་ཚོ་ཡིད་ཆེས་བྱ་ཡུལ་རེད་མི་འདུག

    Reply
  8. བསེ་རུ། says:
    ལོ་ 16 སྔོན།

    རང་ཉེས་ངོས་ལེན།

    ངས་བལྟས་ན་ནོར་བ་ཞིག་རེད་སྙམ།

    Reply
  9. བསེ་རུ། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་ལ་བསྐྱར་དུ་འཇལ་འདོད་ཡོད་ཟེར།
    ཞེས་པའི་གསར་འགྱུར་གྱི་ཁ་བྱང་ནང་། འཇལ་འདོད་ཟེར་བ་དེ་གང་ཞིག་ཚད་འཇལ་བར་འདོད་པ་གོ་དགོས་སམ།

    བླ་མ་དང་དགེ་རྒན་ཕ་མ་སོགས་ཐུག་འདོད་ཡོད་པར་མཇལ་འདོད་ཡོད་ཅེས་ཞེ་ཚིག་སྦྱར་བ་ཡིན་ན་མཇལ་འདོད་ཟེར།

    ཚད་གཞི་རིང་ཚད་དང་ལྕི་ཡང་སོགས་ཚད་གཞལ་བར་འདོད་ན་འཇལ་འདོད་ཟེར།

    སྐབས་འདིར་འཇལ་འདོད་ཟེར་བ་འདི་ནི་ངས་བལྟས་ནོར་བ་ཞིག་རེད་སྙམ།

    Reply
  10. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    འཛམ་གླིང་ནང་གི་་མི་མང་པོའི་དེང་སྐབས་བདེན་པ་ལས་ཀྱང་དཔལ་འབྱོར་གདམ་ཀ་བརྒྱག་སྲིད་མོད།
    ཁོང་གི་དེ་ལྟར་ཆོད་སེམས་དང་འགྱུར་བ་མེད་པའི་དམ་བཅའ་ཞིག་ཕུལ་བ་ལ་སྙིང་ནས་དགའ་བསུ་ཡོད།

    Reply
  11. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    hhhhhhh

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese