མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམའ་རིམ་སློབ་སྦྱོང་གཙིགས་སུ་འཛིན་དགོས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་ད་ནས་བཟུང་སྟེ་མཐོ་རིམ་སློབ་མ་ལས་དམའ་རིམ་སློབ་མ་གལ་ཆེན་དུ་གཟིགས་ཏེ་སློབ་སྦྱོང་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ། རྩ་བའི་དུས་དང་གནས་སྟངས་ཀྱི་དབང་གིས་ཤེས་ཡོན་སྲིད་བྱུས་དང་འགྲོ་སྟངས་ཀྱི་ཐབས་ལམ་སོགས་ལ་བསྐྱར་ཞིབ་གནང་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་གི་འདུག་ཟེར།

དེ་རིང་ཞོགས་པའི་ཆུ་ཚོད་ ༨ ཀྱི་སྟེང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་གོ་སྒྲིག་གནང་བའི་མི་ལོ་ལྔ་བཅུའི་དུས་དྲན་སྲུང་གཙི་དང་འབྲེལ་བའི་མཁས་པའི་བགྲོ་གླེང་ཚོགས་འདུ་དེའི་སྐུ་མགྲོན་གཙོ་བོར་བོད་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་རིགས་ལམ་སློབ་གཉེར་ཁང་གི་དབུ་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་རྣམ་གཉིས་ཕེབས་ཡོད་ལ། དེ་བཞིན་ཝར་ཎ་མཐོ་སློབ་དང་ལྷོ་ཕྱོགས་སེ་ར་དགོན་གྱི་དགེ་བཤེས་ཁག་ཅིག  བོད་ཀྱི་དཔེ་མཛོད་ཁང་དང་བོད་ཀྱི་རིགས་ལམ་སློབ་གཉེར་ཁང། ཀིརྟི་བྱེས་པ་གྲྭ་ཚང་།  ས་རཱ་མཐོ་སློབ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་གཞུང་ཤེས་རིག་ལས་ཁུངས་བཅས་ནས་ཕེབས་པའི་མཁས་པ་ ༢༠  ལྷག་ཕེབས་འདུག་ལ། ས་རཱ་མཐོ་སློབ་ཀྱི་དགེ་སློབ་དང་གསར་འགོད་པ་འདུ་འཛོམས་དང་བཅས་མཁས་པའི་བགྲོ་གླེང་དེ་དབུ་འཛུགས་གནང་ཡོད།  

བགྲོ་གླེང་དབུ་འཛུགས་ཀྱི་མཛད་རིམ་ཐོག་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་ཀྱིས་རིགས་ལམ་སློབ་གཉེར་ཁང་དབུ་འབྱེད་ཀྱི་བརྒྱུད་རིམ་དང་དམིགས་ཡུལ་ཐད་འགྲེལ་བརྗོད་གནང་སོང་ལ། ཁོང་གིས།  ངྷ་ས་རིགས་ལམ་སློབ་གཉེར་ཁང་འདི་ཉིད་༧གོང་ས་མཆོག་གི་བཀའ་དྲིན་འོག་གཞི་རིམ་སློབ་གྲྭ་ཁག་ནས་ཐོན་པའི་སློབ་མ་ཇི་སྙེད་ཅིག་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡང་སྒོས་ནང་དོན་རིག་པར་འདོད་མོས་ཡོད་རིགས་ལ་དམིགས་ཏེ་ ༡༩༧༣ ལོར་གསར་འཛུགས་གནང་བ་ཡིན་ཞིང། དེ་བཞིན་ཞིང་བཤེགས་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་ཕུགས་རྒྱང་རིང་བོའི་བསམ་བློ་གཞིར་བཞག་སྟེང་ ༡༩༩༠ ལོ་ནས་བཟུང་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་འདིའི་ཕྱིའི་འཛུགས་སྐྲུན་གྱི་ལས་གཞི་མགོ་འཛུགས་གནང་བ་དང་། རིམ་བཞིན་བོད་ཀྱི་རིག་གནས་མི་ཉམས་རྒྱུན་འཛིན་དང་སློབ་གཉེར་ཁང་གི་སློབ་ཚན་གཏན་འབེབས། སློབ་སྟོན་པ་འཚོལ་ཞིབ། འཛིན་སྐྱོང་བྱེད་ཕྱོགས། དཔལ་འབྱོར་མཁོ་སྒྲུབ་སོགས་ལེགས་འགྲུབ་བྱུང་སྟེ། ༡༩༩༨ ལོའི་ཕྱི་ཟླ་ ༨ པའི་ཚེས་ ༡༣ ཉིན་༧གོང་ས་མཆོག་ཆེད་ཕེབས་ཀྱིས་ས་རཱ་མཐོ་སློབ་དངོས་སུ་དབུ་འབྱེད་གནང་བ་མ་ཟད། མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཚན་ཁག་ཀྱང་འབྲེལ་ཡོད་མི་སྣ་དང་མཁས་དབང་འདུ་འཛོམས་ཐོག་གཏན་འབེབས་གནང་མཐར། འདས་པའི་བགྲང་བྱ་བཅུ་གཅིག་རིང་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཐོན་སློབ་མ་ ༡༧༩ དང་འབྲིང་རིམ་དགེ་འོས་ ༩༠། གཞི་རིམ་འོག་མའི་དགེ་འོས་ ༡༢༡། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགེ་འོས་ ༥༧། དམིགས་བསལ་སློབ་སྦྱོང་གནང་བཞིན་པའི་ཟུར་སློབ་གྲངས་ ༡༡༠། རྒྱ་གར་མཐོ་སློབ་དུ་ཡོད་པའི་བོད་རིགས་སློབ་མ་ ༣༣༡ བཅས་གསོ་སྐྱོང་བྱས་དང་བྱེད་བཞིན་ཡོད་ལ། ད་ལྟའི་བར་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ ༡༡༠ དང་མེ་ཡ་མེ་མཐོ་སློབ་ཀྱི་སློབ་མ་ ༧༣། མེ་ཤུ་ཁཱ་མཐོ་སློབ་ཀྱི་སློ་བ་མ་ ༡༧ བཅས་ལ་བོད་ཀྱི་རིག་གཞུང་སློབ་སྦྱོང་དང་རིག་གནས་བརྗེ་རེས་ཀྱི་ལས་གཞི་སྤེལ་མུས་ཡིན། ཐེངས་འདིའི་བགྲོ་གླེང་འདི་ནི་ང་ཚོ་བོད་གཞུང་དམངས་གཉིས་བཙན་བྱོལ་ཏུ་འབྱོར་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙིའི་ཆེད་ཡིན་ལ། བགྲོ་གླེང་ཐོག་འདས་པའི་བྱུང་རབས་ལ་བལྟས་ཏེ་མ་འོངས་པའི་མི་རབས་གསར་བར་ལམ་ཡང་དག་ཅིག་དང་། ༧གོང་ས་མཆོག་དང་བོད་གཞུང་གི་དམིགས་ཡུལ་ཐོག་ཤར་བསྐྱོད་ཐུབ་པའི་ལམ་སྟོན་དང་འབོད་སྐུལ་དང་འབྲེལ་བའི་ཆེད་རྩོམ་ཁག་འགྲེམས་སྤེལ་ཞུ་རྒྱུ། རང་གི་དམིགས་ཡུལ་བཞིན་དོན་གཉེར་ལྡན་པའི་ལས་དོན་ཁག་ལ་གཞིར་བཞག་སྟེ་འདི་ག་སློབ་གཉེར་ཁང་གི་དགེ་སློབ་རྣམ་པར་བགྲོ་གླེང་བརྒྱུད་རང་གི་སློབ་ཚན་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་ཐབས་ལམ། རིགས་ལམ་དང་བློ་སྐྱེད་གསར་བ་ཞིག་ཡོང་ཆེད་དམིགས་པ་ཡིན་ལ། དེ་བཞིན་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་ཚན་དང་ལས་གཞི་སོགས་ཀྱི་ཐད་ལའང་བགྲོ་གླེང་དང་གོ་བསྡུར་གནང་ཆེད་ཡིན་ཅེས་གསུངས།
སྐུ་མགྲོན་གཙོ་བོ་བོད་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསུངས་དོན། ང་ཚོའི་མི་ལོ་ལྔ་བཅུའི་དུས་དྲན་དེ་དུས་དྲན་གྱི་ལས་རྟགས་དང་བརྗོད་ཚིག་གི་ནང་དོན་དུའང་ལོ་ལྔ་བཅུའི་གཞིས་བྱེས་བོད་མིའི་སྐྱིད་སྡུག་དྲན་གསོ་ཞེས་པའི་བརྗོད་ཚིག་དེ་འདྲ་ཞིག་བཀོད་ཡོད་ཅིང་། ཚིག་ལ་སྙན་ཆ་མེད་ཀྱང་དོན་སྙིང་བོའི་ཐོག་སེམས་ནང་ཚོར་བ་སླེབས་འོང་བའི་ཚིག་དེ་འདྲ་ཞིག་བེད་སྦྱོད་གཏོང་གིན་ཡོད་པ་རེད། ང་ཚོ་བཙན་བྱོལ་གྱི་ནང་དུ་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་གཙི་བྱེད་ཀྱིན་པ་ལྟར་རྒྱ་ནག་གིས་ཀྱང་ལོ་ལྔ་བཅུ་དང་དྲུག་ཅུ་སོགས་ཀྱི་དུས་དྲན་སྲུང་གཙི་བྱེད་ཀྱིན་ཡོད་པ་རེད། ང་ཚོའི་ངོས་ནས་ཁོང་ཚོའི་བྱེད་སྟངས་དེ་དོན་དང་ལྡན་པ་ཡིན་མིན་ཞིབ་འཇུག་བྱ་དགོས་པ་ཞིག་རེད་ལ།  ང་རང་ཚོའི་ངོས་ནས་དུས་དྲན་དེ་གཞན་ལ་བལྟས་ཏེ་བྱས་པ་ཙམ་མ་ཡིན་པར་དངོས་ཡོད་དང་བདེན་པའི་ཐོག་ནས་སྲུང་གཙི་བྱ་དགོས་པ་དེ་ཧ་ཅང་གལ་ཆེན་དུ་མཐོང་གིན་འདུག་ཅེས་གསུངས་བྱུང་ལ།  ཡང་ཁོང་གིས།   འདས་པའི་མི་ལོ་ལྔ་བཅུ་ལ་དྲན་གསོ་བྱས་དུས་ཚོར་བ་རྐྱེན་པོ་ཞིག་རེད། ང་ཚོས་ད་ལྟའི་ཆ་རྐྱེན་ལ་བལྟས་ཏེ་འདས་པའི་དུས་སྐབས་ལ་བསྡུར་བ་ཡིན་ན་བསྡུར་ཐབས་མེད་པ་ཞིག་རེད་ལ། ད་ལྟའི་གནས་སྟངས་ལ་བལྟས་ཏེ་འདས་པའི་བྱུང་རབས་བཤད་བསྡད་པ་དེ་ཡང་འཛམ་གླིང་སྤྱི་ཡོངས་སུ་དྲང་བདེན་ལ་བརྩི་གི་མེད། ཡིན་ཡང་། ༧གོང་ས་མཆོག་གིས་ནམ་རྒྱུན་དུ། ང་ཚོའི་གྲུབ་འབྲས་དང་བསྔགས་བརྗོད་གཞན་གྱིས་བརྗོད་དགོས་པ་དང་ལས་དོན་གང་ཡིན་ཡང་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ནན་པོ་གནང་ཡོད་པ་ལྟར་ད་ལྟའི་བར་ང་ཚོ་ཡར་རྒྱས་གང་འཚམ་ཕྱིན་ཡོད་ཀྱང་། ང་ཚོའི་ཐུགས་བློར་མ་ཆུད་པ་དང་ཡར་རྒྱས་གཏོང་དགོས་ཀྱང་དཀའ་ངལ་གྱི་རང་བཞིན་དུ་གནས་ཡོད་པའི་རིགས་མང་པོ་ལྷག་ཡོད་པ་མ་ཟད། ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་སློབ་གྲྭ་ཁག་གི་དཀའ་ངལ་ཁག་གསུམ་ང་ཚོས་ངེས་པར་དུ་བསྒྱུར་བཅོས་གཏོང་དགོས་ཀྱིན་འདུག དང་པོ།  ཤེས་ཡོན་ཚོགས་ཆེན་སྐབས་གཉིས་པ་ནས་བཟུང་དེང་རབས་ཀྱི་ཤེས་ཡོན་སྤྱིའི་གནས་ཚད་དེ་སློབ་གྲྭ་ཁག་གི་ནང་འདོད་པ་ཁེངས་ཀྱིན་མེད་པ་དང་། གཉིས་པ། བོད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་རིགས་ཀྱི་སློབ་གྲྭ་ཁག་ཏུ་བོད་སྐད་དང་བོད་ཡིག་གི་གནས་ཚད་དེ་དུས་ཚོད་རིམ་བྱུང་གིས་ཉམས་ཆག་འགྲོ་གིན་ཡོད་པ། གསུམ་པ། ང་ཚོ་མི་རིགས་རང་ལ་ཡོད་པའི་གཉོམ་ཆུང་དང་ཚུལ་མཐུན། དྲང་པོ་ཡིན་པའི་ཡ་རབས་ཀྱི་ཀུན་སྤྱོད་ཉམས་ཆག་འགྲོ་བཞིན་ཡོད་པའི་སྐོར་སོགས་མང་པོ་བྱུང་བ་རེད། དེ་གསུམ་དེ་གང་འདྲ་བྱས་ནས་ཆགས་མིན་ང་ཚོད་ཞིབ་འཇུག་བྱས་པར། ང་ཚོས་སློབ་ཚན་གོ་སྒྲིག་བྱེད་སྟངས་མ་ཤེས་པ་དང་། རྒྱལ་ཁབ་གཞན་གྱི་ལུགས་སྲོལ་ལ་འཛུལ་ཏེ་གཞན་དབང་སྟབས་བསྟུན་བྱས་པ་སོགས་རྒྱུ་རྐྱེན་གཙོ་བོ་རེད། མདོར་བསྡུས་ན་ང་ཚོའི་དཀའ་ངལ་རིགས་གཅིག་གཞི་རྩའི་དཀའ་ངལ་ཡིན་པ་དང་ཕུགས་རྒྱང་རིང་པོའི་དཀའ་ངལ་ཡིན་པ་གང་ཞིག་ངོ་འཕྲོད་མ་འཕྲོད་ཀྱིས་འཕྲད་སེལ་གྱི་བྱེད་ཐབས་བྱེད་པའི་དབང་གིས་འཐུས་ཤོར་དུ་ཕྱིན་པ་རེད། དེ་བཞིན། ཤེས་ཡོན་དེ་རིག་པའི་སྡེ་ཚན་གཞན་དང་མི་མཐུན་པའི་གཞུང་ལུགས་ཤིག་ཡིན་སྟབས། ཁོ་རང་གི་རིག་པའི་གཞུང་ལུགས་དང་སྟབས་བསྟུན་བྱ་དགོས་པ་རེད། ང་ཚོས་ཤེས་ཡོན་ཡོད་མེད་ལ་མ་ལྟོས་པར་ཤེས་ཡོན་གྱི་གནད་དོན་གལ་ཆེན་པོ་ཞིག་ལ་སྤྱི་ཚོགས་ཀྱི་བདེ་དོན་ཞིག་གི་ཆེད་འཚང་ཁ་བརྒྱབས་པ་ཡིན་ན་ཤེས་ཡོན་འཐུས་ཤོར་ལ་འགྲོ་བའི་གནས་སྟངས་ཆགས་འོང་གིན་འདུག་ལ། དེ་ལྟ་བུའི་གནས་སྟངས་ནི་ད་ལྟའི་ཆར་ཡང་སློབ་གྲྭ་ཁག་ཏུ་མང་པོ་མཐོང་རྒྱུ་ཡོད་པ་རེད། དེ་བས་ང་ཚོས་ད་ནས་བཟུང་སྟེ་མཐོ་རིམ་སློབ་མ་ལས་དམའ་རིམ་སློབ་མ་གལ་ཆེན་དུ་གཟིགས་ཏེ་སློབ་སྦྱོང་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ། རྩ་བའི་དུས་དང་གནས་སྟངས་ཀྱི་དབང་གིས་ཤེས་ཡོན་སྲིད་བྱུས་དང་འགྲོ་སྟངས་ཀྱི་ཐབས་ལམ་སོགས་ལ་བསྐྱར་ཞིབ་གནང་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་གི་འདུག་ཅེས་གསུངས་སོང།     

མཐའ་མར་ས་རཱ་མཐོ་སློབ་ཀྱི་བོད་དགེ་བསོད་ནམས་རྒྱ་མཚོ་ལགས་ཀྱིས་ཐེངས་འདིའི་བགྲོ་གླེང་སྟེང་ཕེབས་པའི་སྐུ་མགྲོན་གཙོ་བོ་གཙོས་བགྲོ་གླེང་མཉམ་ཞུགས་པ་རྣམས་ལ་བཀའ་དྲིན་ཞུ་བ་དང་འབྲེལ་མཛད་སྒོའི་རིམ་པ་མཇུག་བསྡུས་ཤིང་། གསོལ་ཇ་བར་གསེང་གི་རྗེས་སུ་དགེ་བཤེས་བློ་བཟང་སྙན་གྲགས་ལགས་ཀྱིས་གཙོ་སྐྱོང་གནང་འོག་སྔ་དྲོ་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་ཁྲི་སྲོང་སྐབས་སུ་ནང་ཆོས་དར་ཚུལ་དང་། དགེ་བཤེས་དཀོན་མཆོག་རྒྱ་མཚོ་མཆོག་གིས་ཚད་མ་རིག་པའི་བྱུང་རིམ་དང་དེའི་དགེ་མཚན་སྐོར་ལ་བགྲོ་གླེང་གནང་ཡོད། ཕྱི་དྲོ་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་འགུ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་བཀའ་བསྟན་བོད་དུ་ཕབ་བསྒྱུར་བྱེད་སྟངས་དང་དགེ་བཤེས་དཀོན་མཆོག་དབང་འདུས་ལགས་ཀྱིས་བོད་བརྒྱུད་ནང་བསྟན་དང་མི་རབས་གསར་བའི་འཛིན་སྐྱོང་བྱེད་ཕྱོགས་དང། རབ་འབྱམས་པ་བློ་བཟང་བསོད་ནམས་ལགས་ཀྱིས་གྲུབ་མཐའི་རྣམ་བཞག་དང་དེའི་གལ་གནད་སོགས་ཀྱི་ཐད་བགྲོ་གླེང་གནང་བ་མ་ཟད་དྲི་བ་དྲིས་ལན་ཡང་གནང་ཡོད།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩
UN High Commissioner for Human Rights Volker Türk at the 59th session of the UN Human Rights Council (photo:DRM News)
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་། 

༢༠༢༥/༠༦/༡༩
Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨

མཆན། 18

  1. chokri nyima says:
    ལོ་ 16 སྔོན།

    མཁྱེན་སོང་ངམ་ཤ་ཀླན??????????????????????

    Reply
  2. chokri nyima says:
    ལོ་ 16 སྔོན།

    ང་ཅོ་རིས་ཤ་ཀླན་འཇམ་དབྱངས་གྲགས་པ་མཆོག་ལ་རེ་བ་ཞུ་རྒྱུ།

    ང་རང་ཚོ་སྟོབས་ཆེན་རྒྱལ་ཁབ་ཡིན་པ་མ་ཟད་རྒྱལ་ཁབ་༣༨་ནང་དུ་གནས་ཡོད་པའི་མི་རིགས་ཞིག་རེད་ལ་རྒྱ་ནག་སྟོབས་ཤུགས་ཅི་ཙམ་ཆེ་ཡང་བོད་མི་གཅིག་མ་ལུས་པ་བསད་ཐུབ་པས་ནུས་པ་མེད་པ་མཐོང་དུས་ངས་ང་རང་ཚོ་སྟོབས་ཆེན་རྒྱལ་ཁབ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།

    ང་རང་ཚོ་རྒྱལ་ཁབ་༣༨་ནང་དུ་ཡོད་པའི་མི་དང་མཐུན་པའི་སྐད་ཞིག་དང། ལུས་དང་མཐུན་པའི་གོས་ཞིག་ཡོད་ན་གོས་གྱོན་པའི་མི་དེ་བྲོ་བདེ་ལ་གཏམ་བཤད་པའི་མི་དེ་ཁ་བདེ།

    ཞེས་རེ་འབོད་མི་བྱེད་ཀ་མེད་རེད།

    Reply
  3. chokri nyima says:
    ལོ་ 16 སྔོན།

    ང་ཚོའི་བོད་ཕྲུག་སྤྱི་ཡོངས་ཀྱིས་དགའ་མོས་དང་སྤྲོ་སྣང་གིས་འབད་པ་དང་སྦྱང་པ་བྱ་སའི་རིག་ཚན་ནང་སྲོལ་རྒྱུན་འདི་མི་འདུག སྲོལ་རྒྱུན་གྱི་ཟ་མ་ཟ་འདོད་མེད་པའི་མི་ལ་སྲོལ་རྒྱུན་གྱི་ཟ་མ་ཨུ་ཚུགས་ཀྱིས་སྟེར་བ་འདིས་སྲོལ་རྒྱུན་གྱི་ཟ་མ་ཁམ་གཙང་ཞིག་མི་ཟ་བའི་ཐོག་དེང་རབས་ཀྱི་ཟ་མ་ཟ་བའི་དུས་ཚོད་དང་ཟ་འདོད་གཉིས་ཆར་ལ་འགལ་རྐྱེན་བྱེད་ཀྱིན་ཡོད་པ་རེད། མཐའ་མཇུག་གི་གནས་སྟངས་ནི་སྲོལ་རྒྱུན་དང་དེང་རབས་ཀྱི་ཟ་མ་གཉིས་ཆར་མི་རེག་པར་གྲོད་སྟོང་རྐྱལ་སྟོང་དུ་ལུས་པའི་སློབ་ཕྲུག་གང་མང་ཞིག་བོད་ཁྱིམ་དང་ཤེས་རིག་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་རྒྱལ་སྒོ་ནས་མངོན་ཡོང་གིན་ཡོད་པ་རེདཞེས་
    ལྷོ་ཕྲུག་མཆོག་གིས་འདི་འདྲ་གསུངས་པ་དེ་ནི་དངོས་ཡོད་སྟངས་ཞིག་དང་བགྲོ་གླེང་བྱེད་དགོས་པའི་གཞི་རྩ་ཞིག་རེད་བསམ་གྱི་འདུག

    Reply
  4. chokri nyima says:
    ལོ་ 16 སྔོན།

    ཡིན་ཡང་ཤ་ཀླན་འཇམ་དབྱངས་གྲགས་པ་ལ་དགེ་མཚན་ཞིག་ཡོད་པ་ནི་དུས་རབས་གསར་པའི་རིག་གནས་བོད་ཡིག་ནང་དུ་བསྒྱུར་ཐུབ་དགོས་པའི་བསམ་ཚུལ་དེ་རེད།
    དེ་ལ་ང་ཅོ་རི་ངོས་ནས་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན

    Reply
  5. chokri nyima says:
    ལོ་ 16 སྔོན།

    ཨེ་སྣ་བོ་ཆེན་དེ་མ་རེད་པས

    Reply
  6. chokri nyima says:
    ལོ་ 16 སྔོན།

    བགྲོ་གླེང་དབུ་འཛུགས་ཀྱི་མཛད་རིམ་ཐོག་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་ཀྱིས་རིགས་ལམ་སློབ་གཉེར་ཁང་དབུ་འབྱེད་ཀྱི་བརྒྱུད་རིམ་དང་དམིགས་ཡུལ་ཐད་འགྲེལ་བརྗོད་གནང་སོང་ལ་ཞེས་པ་འཇམ་དབྱངས་གྲགས་པ་དེ་ཤ་ཀླན་འཇམ་དབྱངས་གྲགས་པ་ཡིན་ནམ།
    ཡིན་ན་ཧ་ཧ་ཧ་ཧ་མ་འོང་བོད་ཀྱི་རིགས་གཅིག་རྐང་འཛིན་དང་བོད་རྒྱལ་ཁབ་ཀྱི་བདག་པོ་ངོ་མ་ཤེས་པ་སྤྱི་ཚོགས་ཀྱིས་ཁ་ཕྱོགས་ལ་ལྟ་མི་ཤེས་པ་ཞིག་གིས་ཚོགས་འདུས་དབུ་འཛུགས་གནང་ན་འབྲས་བུ་ཇི་འདྲ་ཡོང་རྒྱུ་ཡིན་མིན་མཁྱེན་གསལ་རེད་ལྭོ་དྲ་གྲོགས་ཚོ།

    Reply
  7. འོས་ལངས། says:
    ལོ་ 16 སྔོན།

    གང་དུ་ཡིན་ཡང་བཙན་བྱོལ་བོད་ཀྱི་ཚོགས་འདུ་དང་བགྲོ་གླེང་། ཟབ་སྦྱོང་བཅས་ཕལ་ཆེ་བའི་གྲལ་མགོ་ནས་གཏམ་བཤད་སྤེལ་མཁན་ནི་སེར་མོ་བའི་རིགས་རེད། སྔོན་བྱོན་བོད་ཀྱི་མཁས་གྲུབ་ཚོའི་གསུང་སྒྲོས་ཁག་ན། བོད་ཀྱི་ཆོས་དང་རིག་གཞུང་གཉིས་རིགས་སོ་སོར་དགར་སྲོལ་འདུག་པས། དམའ་རིམ་སློབ་སྦྱོང་གི་སྐབས་སུ་ཡང་བོད་བརྒྱུད་ནང་བསྟན་ལས་འཕྲོས་ཏེ་ཚད་མ་རིག་པའི་བྱུང་རིམ་དང་། གྲུབ་མཐའི་རྣམ་བཞག བཀའ་བསྟན་བོད་དུ་ཕབ་བསྒྱུར་བྱེད་སྟངས་ལ་སོགས་པ་ནི་དམའ་རིམ་སློབ་སྦྱོང་གཙིགས་འཛིན་བྱེད་པའི་གཞི་རྟེན་དུ་མ་མཐོང་ལ། དེ་གཙིགས་འཛིན་བྱེད་པའི་སྐབས་དོན་དང་ཡང་འབྲེལ་བ་ཆེར་མ་མཐོང་། ངའི་རྨོངས་འཆར་ལྟར་ན། དམའ་རིམ་སློབ་སྦྱོང་གི་སྐབས་སུ་གཙིགས་ཆེར་འཛིན་དགོས་པ་ནི་སློབ་མ་ཚོར་སུམ་རྟགས་དག་གསུམ་དང་། སྙན་གཞུང་གི་སྤྱི་དོན། བོད་ཀྱི་ལོ་རྒྱུས་ཀྱི་སྤྱི་ཁོག སྤྱི་ཚོགས་དང་འབྲེལ་བའི་སློབ་གསོའི་རིག་པ། འཛམ་གླིང་ཤེས་བྱ་སོགས་ཀྱི་རྨང་གཞི་བརྟན་པོ་ཞིག་འཇོག་གལ་ཆེ་བར་མཐོང་།

    Reply
  8. chokri nyima says:
    ལོ་ 16 སྔོན།

    ཨོ་ཨོ་ངས་ཞུ་ཡ་ཞིག་ལ་དག་ཡིག་གསར་བསྒྲུག་ཡང་མཉམ་དུ་བཞག་ཡོད

    Reply
  9. chokri nyima says:
    ལོ་ 16 སྔོན།

    མི་སྣ་ལགས་དུས་ཚོད་ཡོད་ན་ཕེབས་དང་ངེད་གཉིས་ཀྱིས་ཁ་བརྡ་རེ་བྱེད་ན་སྐྱིད།

    Reply
  10. chokri nyima says:
    ལོ་ 16 སྔོན།

    གོང་གི་མཁས་དབང་མཐུན་ཚོགས་ནང་དུ་བུད་མེད་མཐོང་རྒྱུ་མེད་པའི་རྒྱུ་མཚན་ནི། ་མཁས་དབང་ཚོས་དམ་པའི་ལྷ་ཆོས་ཀྱི་ཕྱོགས་ནས་བགྲོ་གླེང་གནང་བ་མ་གཏོགས་འཇིག་རྟེན་ཕ་ཆོས་ཕྱོགས་ལ་བགྲོ་གླེང་མེད་པའི་རྒྱུ་མཚན་གྱིས་རེད།

    Reply
  11. chokri nyima says:
    ལོ་ 16 སྔོན།

    མ་བོད་ཁ་བ་ཅན་གྱི་བུད་མེད་རྣམས་ནི་འཛམ་གླིང་འདིའི་སྟེང་གི་གཙང་ཤོས་དང་སྤྱོད་པ་བཟང་ཤོས་ཡིན་པ་མ་ཟད་བོད་ཁ་བ་ཅན་གྱི་འཇིག་རྟེན་འཁོར་བའི་རྣམ་བཞག་བརྒྱ་ཆ་༦༥་ལག་ལན་ཐུབ་བའི་ཁྱད་ཆོས་ལྡན་པའི་མཛེས་མ་རྣམས་ལ་ང་གྲྭ་ལོག་ཞིག་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    Reply
  12. chokri nyima says:
    ལོ་ 16 སྔོན།

    ཧེ་ཧེ་རེད་རེད་བུད་མེད་ཅིག་ཀྱང་མཐོང་རྒྱུ་མི་འདུག་ཞེས་ང་གྲྭ་ལོག་ཞིག་བཤད་ན་བླ་རྒན་མཁས་པ་དེ་ཚོས་ཇི་གསུངས་ཡོང་ངམ།

    Reply
  13. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    གོང་གི་ཤེས་ལྡན་མི་སྣ་འདི་དག་གི་གྲས་ན་བུད་མེད་ཅིག་ཀྱང་མཐོང་རྒྱུ་མེད་པ་འདི་ཁྱད་མཚར།

    Reply
  14. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    བདེ་མོ་བདེ་རྐྱང་ཡིན། ཨ་རོགས་ཅོ་རི་ཁྱེད་བདེ་མོ་ཨེ་ཡིན། དེ་རིང་ཡང་ང་གཉིས་རྩོད་པ་ཞིག་བརྩད་ན་མ་རེད་པས།

    Reply
  15. chokri nyima says:
    ལོ་ 16 སྔོན།

    ཨེ་མི་སྣ་བཀྲ་ཤིས་བདེ་ལེགས་
    བདེ་པོ་ཡིན་ནམ།

    Reply
  16. chokri nyima says:
    ལོ་ 16 སྔོན།

    ས་རྭ་མཐོ་སློབ་ནས་ཐོན་པའི་ཥྭསྟྲི་ཞིག་ས་གནས་སིད་སི་ལ་མི་ཚེ་སྐྱེལ་སྐབས་ཐ་ལི་བཀྲུ་ནས་དཔལ་འབྱོར་སྒྲུབ་དགོས་དུས་མཐོ་སློབ་ལ་ཡང་སིད་སི་སྒོར་མོ་༣༥༠༠་ཟླ་རེ་གླ་ཕོག་ཐོབ་ཐུབ་པའི་དུས་རབས་གསར་པའི་རིག་གནས་སློབ་ཁྲིད་མེད་པ་འདྲ།

    Reply
  17. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཟམ་གདོང་བླ་མའི་མཇུག་ནས་གནས་ལུགས་དང་ལྗིད་ཁོག་ཡོད་པའི་སྐད་ཆ་ཤོད་མཁན་ཞིག་ལ་ཀརྨ་དགེ་ལེགས་ཁོང་ཡིན། གནའ་དེང་གི་ཤེས་ཡོན་གཉིས་ཆར་ལ་རྒྱུས་མངའ་དང་མཁྱེན་རྒྱ་ཟབ་པའི་སྲི་ཞུ་བ་རྒན་གྲས་ཁྱེད་རང་སྐབས་རྗེས་མའི་ཤེས་རིག་བཀའ་བློན་དུ་ངེས་པར་ཕེབས་ཐུབ་པའི་སྨོན་ལམ་འདེབས་བཞིན་ཡོད།

    ལྷག་བསམ་རྣམ་དག་དང་ཁ་ཞེ་ངོ་ལྐོག་མེད་པར་གཞུང་ལ་ཞབས་ཞུ་ཞུས་ན་གནས་དབེན་པ་དང་རི་ཁྲོད་འགྲིམས་མི་དགོས་ཤིང་ལྷ་ཆོས་སྐྱོང་སྲུང་མར་ཡང་ཕར་འཕྲིན་ལས་བཅོལ་དུ་འགྲོ་མི་དགོས་པར་ཚུར་གྲོགས་དང་རམ་འདེགས་གནང་བར་ཕེབས་ཡོང་།

    འདི་ཀརྨ་དགེ་ལེགས་ལགས་ཀྱིས་གསུངས་མྱོང་བའི་བཀའ་མོལ་ཞིག་ཡིན་ཅིང་ངའི་སེམས་པའི་གཏིང་རིམ་ཞིག་ན་རྕ་བ་བརྟན་པོ་ཚུགས་ནས་གནས་འདུག

    གོང་དུ་ངོས་འཛིན་གནང་བའི་དཀའ་ངལ་གསུམ་ལས་གསུམ་པ་དེ་གཉིས་པའི་ཁོང་གཏོགས་ཤིག་ལས་ལོགས་སུ་གྲངས་འདྲེན་དགོས་པའི་འབྲེལ་མེད་ཡན་གར་བ་ཞིག་མིན། དཀའ་ངལ་དང་པོ་དང་གཉིས་པ་གཉིས་མདོར་བསྡུས་ནས་བཤད་ན་དེང་རབས་དང་སྲོལ་རྒྱུན་གྱི་ཤེས་ཡོན་གཉིས་ཀ་འདོད་བློ་ཁེངས་པ་ཞིག་ཡོང་གི་མི་འདུག་ཟེར་བ་དེ་རེད།
    ༸གོང་ས་མཆོག་གིས་ཤེས་ཡོན་ཉམས་ཆགས་ཐད་ཀྱི་བཀའ་སློབ་དེ་གནང་བ་ནས་བཟུང་ཤེས་ཡོན་ཉམས་ཆགས་ཀྱི་རྒྱུ་རྐྱེན་འཚོལ་བ་ཞེས་པའི་སྐད་ཆ་འདི་དང་རིགས་གཅིག་རྐང་འཛིན་ཟེར་བའི་ཐ་སྙད་འདི་ཚོ་ཁ་འཕྲེད་ལ་ཐོགས་ཚད་ཀྱིས་འཆད་རྒྱུ་ཞིག་དང་ལག་སྨྱུ་གུ་བཟུང་ཚད་ཀྱིས་འབྲི་རྒྱུའི་བརྡ་ཚིག་ཅིག་ཏུ་གྱུར་པ་རེད། མང་མང་གིས་ཤེས་ཡོན་ཉམས་ཆགས་ཀྱི་རྒྱུ་རྐྱེན་ཇི་ཡིན་གནད་ལ་འཁེལ་མིན་ལ་མི་ལྟོས་པར་གང་ས་གང་དུ་ཤོད་པའི་གོ་སྐབས་བྱུང་བ་རེད། ངས་ཀྱང་འདིར་གཅིག་འཆད།

    ང་ཚོའི་བོད་ཕྲུག་སྤྱི་ཡོངས་ཀྱིས་དགའ་མོས་དང་སྤྲོ་སྣང་གིས་འབད་པ་དང་སྦྱང་པ་བྱ་སའི་རིག་ཚན་ནང་སྲོལ་རྒྱུན་འདི་མི་འདུག སྲོལ་རྒྱུན་གྱི་ཟ་མ་ཟ་འདོད་མེད་པའི་མི་ལ་སྲོལ་རྒྱུན་གྱི་ཟ་མ་ཨུ་ཚུགས་ཀྱིས་སྟེར་བ་འདིས་སྲོལ་རྒྱུན་གྱི་ཟ་མ་ཁམ་གཙང་ཞིག་མི་ཟ་བའི་ཐོག་དེང་རབས་ཀྱི་ཟ་མ་ཟ་བའི་དུས་ཚོད་དང་ཟ་འདོད་གཉིས་ཆར་ལ་འགལ་རྐྱེན་བྱེད་ཀྱིན་ཡོད་པ་རེད། མཐའ་མཇུག་གི་གནས་སྟངས་ནི་སྲོལ་རྒྱུན་དང་དེང་རབས་ཀྱི་ཟ་མ་གཉིས་ཆར་མི་རེག་པར་གྲོད་སྟོང་རྐྱལ་སྟོང་དུ་ལུས་པའི་སློབ་ཕྲུག་གང་མང་ཞིག་བོད་ཁྱིམ་དང་ཤེས་རིག་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་རྒྱལ་སྒོ་ནས་མངོན་ཡོང་གིན་ཡོད་པ་རེད།

    Reply
  18. chokri nyima says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese