མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ལུགས་གཅིག་ལ་ལག་ལེན་བསྟར་སྟངས་གཉིས་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༠༩ རྫོགས་ལ་ཉེ་བའི་སྐབས་འདིར་དམངས་གཙོའི་རྒྱལ་ཁབ་ཁག་གིས་སོ་སོའི་རྒྱལ་ཁབ་གཙོས་འཛམ་གླིང་ཧྲིལ་བོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་བསྐྱར་ཞིབ་དང་། ལེགས་བཅོས་བཏང་སྟེ་གནས་ཚུལ་ཕྱོགས་སྡོམ་བྱེད་ཀྱིན་པའི་སྐབས་དང་བསྟུན་ཏེ། ཕྱི་ཚེས་ ༡༨ ཉིན་འདི་གའི་གསར་འགོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ལས་རོགས་བྱམས་པ་སྨོན་ལམ་ལགས་སུ་ལོ་སྔ་ཕྱིའི་འཛམ་གླིང་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་ཏེ། རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་བཅར་འདྲི་ཞུས་ཡོད།

 

དྲི་བ། ཕྱི་ལོ་ ༢༠༠༩ ལོ་རྫོགས་ལ་ཉེ་བའི་སྐབས་འདིར་ཕྱིར་མིག་ཅིག་བལྟས་ཏེ། ༢༠༠༩ ལོའི་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཅིག་བྱས་ན་ལེགས་ཉེས་ཀྱི་གནས་སྟངས་གང་འདྲ་བྱུང་ཡོད་དམ།   

ལན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་འགྲེམས་སྤེལ་བྱས་ཏེ་ད་བར་ལོ་ ༦༡ ཙམ་འགྲོ་བཞིན་ཡོད་ལ། གསལ་བསྒྲགས་དེའི་ནང་མི་རིགས་དང་ཕོ་མོ། ལམ་ལུགས་དང་རིག་གཞུང་སོགས་ལ་དབྱེ་འབྱེད་མེད་པར་མི་ཚང་མར་ཐོབ་ཐང་གཅིག་མཚུངས་ཡོད་དགོས་སྐོར་བཀོད་ཡོད། ལྷག་པར་དུ་ཕྱི་ལོ་ ༢༠༠༦ ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་ལ་བསྒྱུར་བཅོས་བཏང་ཞིང་། ལོ་གཅིག་རེར་ཚོགས་འདུ་ཐེངས་བཞི་རེར་འཚོགས་རྒྱུའི་ཐག་གཅོད་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གོམ་སྟབས་གསར་པ་ཞིག་སྤོས་ཡོད། འོན་ཀྱང་། རྒྱལ་ཁབ་ཁ་ཤས་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་དཀའ་ངལ་མུ་མཐུད་གནས་ཡོད། ཆབ་སྲིད་ཀྱི་གནས་སྟངས་དང་། དཔལ་འབྱོར་སོགས་ཀྱི་དབང་གིས་འགྲོ་བ་མིའི་ཐོབ་ཐང་དོན་འཁྱོལ་ཡོང་གིན་མེད། ལྷག་པར་དུ་ད་ལོར་མཚོན་ན་འཛམ་གླིང་ནང་དཔལ་འབྱོར་དངུལ་རྩའི་དཀའ་ངལ་གྱི་དབང་གིས་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་ཆུང་དུ་ཕྱིན་ཡོད། རྒྱལ་ཁབ་ཁ་ཤས་ཀྱིས་ཁ་ནས་འགྲོ་བ་མིའི་ཐོབ་ཐང་ཤུགས་ཆེར་གླེང་གིན་ཡོད་ནའང་། ལག་ལེན་གྱི་ཐོག་ནས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་ཕྱི་འབྲེལ་ཨང་དང་པོར་བཞག་སྟེ། འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་མེད་པ་དང་། གཞན་གྱི་དཀའ་ངལ་ལ་སྣང་མེད་བྱེད་པ་སོགས་ཡོང་གིན་ཡོད།    

 

དྲི་བ། ལོ་སྔོན་མ་དག་དང་བསྡུར་ན་ད་ལོ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གང་འདྲ་ཆགས་ཡོད་མེད་དང་། གལ་སྲིད་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཡོད་ན་རྒྱལ་ཁབ་གང་དག་ནང་ཇེ་སྡུག་ཏུ་ཕྱིན་ཡོད་དམ།

ལན། ད་ལོ་གཅིག་པུར་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཡག་སྡུག་གི་འགྱུར་བ་མངོན་གསལ་དོད་པོ་དེ་འདྲ་བཤད་ཁག་པོ་རེད། སྤྱི་ཚོགས་ཁྱོན་ཡོངས་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་དོ་སྣང་སྔར་བས་ཤུགས་ཆེ་རུ་འགྲོ་བཞིན་ཡོད། དེ་གང་ཡིན་ཟེར་ན། འཛམ་གླིང་ཤར་ནུབ་གང་སར་འགྲིམ་འགྲུལ་སྟབས་ཇེ་བདེར་ཕྱིན་པ་དང་། ལྷག་པར་དུ་བརྡ་འཕྲིན་བརྒྱུད་ལམ་སྣ་ཇེ་མང་དང་སྤུས་ཇེ་ལེགས་སུ་ཕྱིན་པའི་རྐྱེན་གྱིས་འགྲོ་བ་མིའི་ཐོབ་ཐང་གི་གོ་རྟོགས་དང་། དགོས་མཁོའི་འདུ་ཤེས་སྔར་ལས་ཚད་ཇེ་མཐོར་ཕྱིན་ཡོད་པ་རེད་སྙམ། སྤྱིར་རྒྱལ་ཁབ་གང་ཞིག་ཡིན་རུང་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཡོངས་སུ་སེལ་ཡོད་པ་དེ་འདྲ་དཀོན་པོ་རེད། ལྷག་པར་དུ་ད་ལོའི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོའི་ནང་། ཨེ་ཤ་ཡའི་ནང་གི་རྒྱ་ནག་དང་འབར་མ། བྱང་ཀོ་རི་ཡ། ཨེ་རན། སུ་ཌན་སོགས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་འགྲོ་བཞིན་ཡོད་པར་ངོས་འཛིན་བྱས་ཡོད། རྒྱལ་ཁབ་དེ་དག་ད་ལོ་ཙམ་མ་རེད། ལོ་ལྟར་འགྲོ་བ་མིའི་ཐོབ་ཐང་སྡུག་ཤོས་ཀྱི་གྲས་སུ་ཚུད་ཡོད་ཀྱང་། སྙན་ཐོའི་ནང་མཚན་སྨོས་པ་ཙམ་ལས་མཇུག་གནོན་བྱེད་པ་དང་ཉེས་པ་གཏོང་བ་སོགས་ལག་ལེན་དོན་སྨིན་ལྡན་པ་ཞིག་ཡོང་ཁག་པོ་རེད།

 

དྲི་བ། རྒྱ་ནག་གཞུང་ལ་མཚོན་ན། ཕྱི་ལོ་ ༢༠༠༩ ནི་དམིགས་བསལ་གྱི་ལོ་ཞིག་ཆགས་ཡོད་སྟབས། ལོ་འདིའི་ནང་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་ས་གནས་བཅའ་ཁྲིམས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ལེགས་ཉེས་ཀྱི་འགྱུར་བ་གང་འདྲ་ཕྱིན་ཡོད་དམ།

ལན། ༢༠༠༩ ལོར་བོད་ནང་གི་གནས་སྟངས་རྒྱུན་ལྡན་མ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། གང་ཡིན་ཟེར་ན། ལོ་འདི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙས་ཏེ་ལོ་ ༦༠ འཁོར་བའི་དུས་དྲན་དང་། ༡༩༨༩ ལོར་རྒྱ་ནག་ནང་དམངས་གཙོ་དང་རང་དབང་གི་ལས་འགུལ་སྤེལ་ཏེ་ལོ་ ༢༠ འཁོར་བ། རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་མཚན་རྟགས་བསྐྱོན་ཏེ་ལོ་ ༡༠ འཁོར་བ། ༡༩༥༩ ལོར་བོད་རྒྱ་ནག་གི་དབང་བསྒྱུར་འོག་ཚུད་དེ་ལོ་ ༥༠ འཁོར་བ། སྔར་ལོ་བོད་ནང་ཞི་རྒོལ་བྱུང་སྟེ་ལོ་ ༡ འཁོར་བ་སོགས་ཀྱི་དུས་ཚོད་མང་པོ་ཞིག་ལ་ཐུག་ཡོད། དུས་དྲན་དེ་དག་ལམ་ལྷོང་ཡོང་ཆེད་དང་ཕྱི་ལོགས་སུ་ངོམ་སོ་བྱ་ཆེད། ནང་ཁུལ་ལ་དམ་དྲག་དང་རྡུང་རྡེག་ཚ་ནན་བཏང་བའི་དུས་ཚོད་སྡུག་ཤོས་ཤིག་ཆགས་ཡོད། ལྷག་པར་དུ་ད་ལོ་ཕྱི་ཟླ་ ༡ ནང་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་ ༢༠༠༩ ལོའི་སྤྱི་ཚོགས་ལས་དོན་ཐད་ཀྱི་ཡིག་ཆ་ཞིག་གི་དོན་ཚན་ ༡༥ ནང་། བོད་ཀྱི་ས་ཁུལ་དུ་རྡུང་རྡེག་ཚ་ནན་གྱི་ལས་འགུལ་མུ་མཐུད་སྤེལ་དགོས་པ་དང་། ཆབ་སྲིད་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་དགོས་པ། དགོན་སྡེ་ཁག་ལ་དོ་དམ་ནན་ཏན་བྱ་དགོས་པ་སོགས་ཀྱི་བཀོད་ཁྱབ་བཏང་ཡོད། དེ་བཞིན། སྔར་ལོ་བོད་ནང་ཞི་རྒོལ་བྱུང་རྗེས་བོད་ཀྱི་ས་ཁུལ་ཡོངས་ཀྱི་སྲིད་ཇུས་འཛིན་ཕྱོགས་ཐད་བསྐྱར་ཞིབ། ཆོལ་ཁ་གསུམ་གྱི་གྲོང་ཁྱེར་ཆེ་ཁག་གི་མི་མང་འདུ་འཛོམས་ལྟེ་གནས་དག་ཏུ་ཞིབ་བཤེར། གནས་སྡོད་དང་འགྲུལ་བཞུད་བར་ཁྲིམས་གཞི་གསར་བཟོ། ལྷ་ས་ལྟ་བུར་མཚོན་ན། མཚན་ནུབ་གློ་བུར་དུ་ཉེན་རྟོག་པ་དང་དམག་མི་མང་པོ་མི་ཚང་དག་ཏུ་ཉུལ་ཏེ་ཞིབ་བཤེར་བྱས་པ། རྒྱ་གཞུང་གི་གསར་འགྱུར་ནང་ཐོན་པ་ལྟར་ན། སྐབ་དེར་དགོང་མོ་གཅིག་ལ་མི་ཚང་ ༤༠༠༠ ལྷག་ལ་སྔོག་བཤེར་དང་། མི་སེར་ ༩༠༠༠ ལྷག་ལ་འདྲི་བརྩད་བྱས་ཡོད། དེ་བས་ཚབས་ཆེ་ཤོས་ཁྲིམས་ཐག་གཅོད་པ་དེ་རེད། སྔར་ལོ་ཞི་རྒོལ་བྱུང་ནས་ད་ལྟའི་བར་བོད་མི་ ༣༦༠ ལྷག་ལ་ཁྲིམས་ཆད་བཏང་ཡོད། དེ་ནི་འདས་པའི་ལོ་ངོ་ཉི་ཤུའི་རིང་གི་ཚད་མཐོ་ཤོས་དེ་ཆགས་ཡོད། དེ་བས་ཚབས་ཆེ་ཤོས་ཤིག་ནི། ཉེ་ཆར་བློ་བཟང་རྒྱལ་མཚན་དང་བློ་ཡག་གཉིས་དམར་གསོད་བཏང་བ་དེ་རེད། འདི་ནི་ ༢༠༠༩ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཔེ་མཚོན་གསལ་ཤོས་དེ་རེད།

 

དྲི་བ། རྒྱ་ནག་དབུས་གཞུང་གིས་ལོ་སྔ་ཕྱིར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་གཏན་འབེབས་མང་པོ་ཞིག་བྱས་ཡོད་ཀྱང་། བོད་པའི་ས་གནས་ཁག་ཏུ་ལག་ལེན་བསྟར་ཕྱོགས་དེ་འདྲའི་སྐྱོ་བོ་ཡིན་དོན་གང་ཡིན་ནམ།

ལན། དེ་བདེན་པ་རེད། ད་ལོའི་ཕྱི་ཟླ་ ༥ ནང་རྒྱ་ནག་དབུས་གསར་འགྱུར་དྲིལ་སྒྲོག་སྡེ་ཚན་གྱིས་ཕྱི་ལོ་ ༢༠༠༩ དང་ ༢༠༡༠ ལོའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཡིག་ཆ་ཞིག་ཁྱབ་བསྒྲགས་བྱས་ཡོད། སྐབས་དེར་ང་ཚོའི་ངོས་ནས་ཀྱང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་བཟང་ཕྱོགས་ཀྱི་རེ་བ་ཞིག་བརྒྱབས་པ་རེད། ཡིག་ཆ་དེར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་གྲངས་ཉུང་མི་རིགས་ཁག་གི་ཐོབ་ཐང་ཇེ་ལེགས་སུ་བཏང་སྟེ། སྲོག་ཁྲིམས་ཉུང་དུ་གཏོང་རྒྱུ་དང་ཕྱི་གསལ་ནང་གསལ་བཟོ་རྒྱུ་སོགས་བཀོད་ཡོད། ཡིག་ཆ་དེ་ཕྱི་ཟླ་ ༥ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཕུལ་ཡོད་ལ། ཧང་སང་དགོས་པ་ཞིག་ལ་སྐབས་དེར་རྒྱ་ནག་གི་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་གཞན་དག་གིས་ཀྱང་ཡིག་ཆ་འདི་ལྟ་བུ་འབུལ་དགོས་པའི་སྐུལ་སློང་བྱས་ཡོད། དེ་བཞིན། རྒྱ་གཞུང་གིས་ ༢༠༠༡ ལོར་རྩ་ཁྲིམས་བསྒྱུར་བཅོས་བྱས་པའི་ནང་། རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་དང་སྲུང་སྐྱོབ། ཅེས་བཀོད་ཡོད་སྟབས་རྒྱལ་ཁབ་མང་པོས་དེ་ལ་བསྔགས་བརྗོད་གནང་ཡོད། འོན་ཀྱང་། ཡིག་ཆ་དེ་བཏོན་ཏེ་དུས་ཚོད་རིང་པོ་མ་སོང་གོང་ལྷ་སར་བོད་མི་གཉིས་དམར་སྲོད་བཏང་ཡོད། དེར་བརྟེན། རྒྱ་ནག་དབུས་གཞུང་གིས་གཏན་འབེབས་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་དང་། གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་དེ་དག་རྒྱལ་ཁབ་ཕྱི་ཕྱོགས་ལ་མགོ་སྐོར་གཏོང་བྱེད་ཀྱི་ལག་ཆ་ཞིག་ཏུ་ངོས་འཛིན་མི་བྱེད་ཀ་མེད་རེད། རྒྱ་ནག་གི་ཡིག་ཆ་དེ་ཞིབ་ཏུ་ཀློག་པ་ཡིན་ན། ད་བར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་གནོད་སྐྱོན་བྱུང་བ་ཡོངས་རྫོགས་མི་སྒེར་དང་ཚོགས་སྡེ་རེ་ཟུང་གི་མགོར་གཡུགས་ཡོད། དོན་དངོས་ཐོག་ད་བར་གྱི་དཀའ་ངལ་ཡོངས་རྫོགས་གཞུང་གི་དབང་འཛིན་པ་ཚོས་བཟོས་པ་ཁོ་ན་རེད།

 

དྲི་བ། ཨ་རི་གཙོས་པའི་དམངས་གཙོའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་ལོ་ལྟར་རྒྱ་ནག་ལ་ཁ་རྡུང་དྲག་པོ་གཏོང་གིན་ཡོད་པ་དེས་རྒྱ་ནག་གི་ལག་ལེན་དངོས་ལ་ཕན་གནོད་གང་འདྲ་ཡོང་གིན་ཡོད་དམ།

ལན། རྩ་བའི་ཆ་ནས་ང་ཚོ་བཙན་བྱོལ་གཞུང་གིས་འཐབ་རྩོད་རྒྱུན་རིང་བྱས་པའི་ནུས་པ་ཟེར་ན་འདྲ་ལ། རྒྱལ་སྤྱིའི་ཐོག་གི་གནོན་ཤུགས་ཟེར་ནའང་འདྲ། ལོ་སྔ་ཕྱིར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཐོག་སྲིད་བྱུས་མང་པོ་ཞིག་གཏན་འབེབས་བྱེད་ཀྱིན་འདུག དཔེར་ན། གྲངས་ཉུང་མི་རིགས་གང་ཞིག་ཡིན་རུང་མི་འབོར་ས་ཡ་གཅིག་ལོང་ན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཞོན་གྱི་ཞབས་སྟེགས་འབུལ་རྒྱུ་བྱས་ཡོད། འོན་ཀྱང་། དེ་དག་སྤྱི་ཁོག་གི་ལམ་ལུགས་ཙམ་རེད། འགྲོ་བ་མིའི་ཐོབ་ཐང་ལ་རྡབ་གསིག་འགྲོ་སའི་སྣེ་མོ་དག་ལ་ལག་པ་འཆང་གིན་མེད།  དབུས་གཞུང་གིས་གཏན་འབེབས་གང་འདྲ་ཞིག་བྱས་ཡོད་ཀྱང་། ས་གནས་ལ་གནད་དོན་ཞིག་བྱུང་མ་ཐག་རྡུང་རྡེག་ཚ་ནན་དང་འཛིན་བཟུང་བཙོན་འཇུག དྲག་གནོན་དམར་གསོད་གང་བྱུང་བྱེད་ཀྱིན་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས། ཉེས་ཁྲིམས། ཐོབ་ཐང་ཡོངས་རྫོགས་ཟུར་དུ་བཞག་སྟེ། ལག་བསྟར་གྱི་དབང་ཚད་འཕར་མ་ཞིག་བེད་སྤྱོད་གཏོང་གིན་ཡོད། ཡང་གནད་དོན་རེ་ཟུང་ཐོག་དབུས་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་སྲིད་བྱུས་དང་། ས་གནས་ནས་སྲིད་བྱུས་དེ་ལག་ལེན་བསྟར་སྟངས་ཀྱི་ལས་རིམ་གཉིས་རྒྱབ་འགལ་ལྟ་བུ་ཆགས་ཀྱིན་ཡོད། དཔེར་ན། ད་ལོ་ལས་བྱེད་སྟོང་ཕྲག་མང་པོ་གཞི་རིམ་ལ་རྟོག་དཔྱོད་དུ་བཏང་བ་དང་། དགོན་སྡེ་དང་སློབ་གྲྭ་ཁག་ཏུ་ཆབ་སྲིད་དྲིལ་བསྒྲགས་སྤེལ་ཏེ། གཞུང་དང་ལྟ་བ་མི་མཐུན་པའི་རིགས་ལ་གནོན་བཙིར་བྱེད་པ་སོགས་བྱུང་ཡོད། འོ་ན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་ཡར་རྒྱས་ཁྱོན་ནས་མེད་དམ་ཟེར་ན། དེ་ཡང་མ་རེད། གོམ་པ་ཆུང་ངུ་རེ་སྤོ་བཞིན་ཡོད་པ་རེད། ད་བར་འགྲོ་བ་མིའི་ཐོབ་ཐང་ཐོག་སྐད་ཆ་མེད་མཁན་རྒྱལ་ཁབ་ཅིག་གིས་ཉེ་ལམ་གྱི་གཏན་འབེབས་དེ་འདྲ་ཞིག་བཟོས་པ་ཙམ་གྱིས་རླབས་ཆེན་དུ་ངོས་འཛིན་བྱས་ཆོག རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཟུར་དུ་འཛུགས་རྒྱུའི་འཆར་གཞི་ཡང་འདུག ཉེ་ཆར་ཨ་རིའི་སྲིད་འཛིན་རྒྱ་ནག་ལ་ཕེབས་སྐབས། ལོ་རྗེས་མའི་ཟླ་ ༣ ཡས་མས་ནང་རྒྱ་ནག་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གྲོས་མོལ་གནང་རྒྱུ་བྱས་ཡོད། འོན་ཀྱང་། ད་ལྟའི་ཆར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནང་ལྟར་གོམ་པ་སྤོ་ཐུབ་ཀྱིན་ཡོད་པ་མ་རེད། རྒྱ་ནག་གི་མཁས་པ་ཚོས་བརྗོད་པ་ལྟར་ན། རྒྱ་ནག་དབུས་མཐོ་རིམ་དཔོན་རིགས་ནང་། རྒྱ་ནག་དེ་འགྲོ་བ་མིའི་ཐོབ་ཐང་ཚད་ལྡན་ཞིག་གི་ཐོག་བསྐྱོད་རྒྱུར་འདོད་པ་ཡོད་མཁན་མང་ནའང་། དོགས་པ་རྣམ་རྟོག་མང་པོ་ཞིག་གི་དབང་གིས་གློ་བར་དུ་འགྱུར་བ་བཏང་ན་རྒྱ་ནག་གཞུང་མགོ་རྟིང་སློག་རྒྱུར་ཞེད་སྣང་སྐྱེ་བཞིན་ཡོད་ཟེར།

 

དྲི་བ། རྒྱ་ནག་གི་མངའ་ཁུལ་སོ་སོར་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་ལག་བསྟར་བྱེད་ཕྱོགས་ཐད་མ་འདྲ་བའི་ཆ་དང་། མི་རིགས་དབྱེ་འབྱེད་ཀྱི་ཆ་དེ་འདྲ་མཐོང་གིན་ཡོད་དམ།

ལན། རྒྱ་ནག་དེ་མི་རིགས་ང་དྲུག་ལས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་ཡང་། ཁྲིམས་ཀྱི་ཐོབ་ཐང་གཅིག་པ་ཡིན་ཟེར་གྱིན་ཡོད། འོན་ཀྱང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གཉིས་བར་ཁྱད་པར་ཆེན་པོ་ཡོད། དེ་ང་ཚོ་གཅིག་པུའི་མཐོང་ཚུལ་ཙམ་མ་རེད། ཕྱི་རྒྱལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལའང་གཅིག་མཚུངས་ཀྱི་མཐོང་ཚུལ་དེ་བྱུང་ཡོད། གང་ཡིན་ཟེར་ན། ༡༠༨༩ ལོར་རྒྱ་ནག་ནང་རྙོག་དྲ་བྱུང་སྐབས་ཁྲིམས་རྩོད་པ་གླས་ཆོག་ལ། ལོ་ཉི་ཤུའི་རྗེས་སུ་བོད་ནང་རྙོག་དྲ་བྱུང་སྐབས་ཁྲིམས་རྩོད་པ་གླ་བཅུག་མེད། བོད་པའི་བཙོན་པ་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཉེས་ཁྲིམས། དེ་བཞིན་སྤྱི་དམངས་ཀྱི་ཞུ་གཏུགས་ཁྲིམས་གཞི་གང་ཅིར་དབྱེ་འབྱེད་ཆེན་པོ་བྱས་ཡོད། དཔེར་ན། བོད་ནང་གི་ཕུར་བུ་ཚེ་རིང་རིན་པོ་ཆེ་དང་དོན་འགྲུབ་དབང་ཆེན། ཐབས་མཁས་རྒྱ་མཚོ་དང་བརྩོན་འགྲུས་སོགས་ལ་ཁྲིམས་རྩོད་པ་གླ་བཅུག་མེད། དེ་ལྟར་ཁྲིམས་ཀྱི་ཐོག་ནས་མི་རིགས་དབྱེ་འབྱེད་བྱས་པ་དེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་ཤོས་རེད། མི་རིགས་ང་དྲུག་དེ་ཁྲིམས་ལུགས་གཅིག་གི་འོག་ཡིན་ཟེར་བཞིན་དུ་ལག་བསྟར་བྱེད་སྟངས་གཉིས་ཡོད། དེར་མ་ཟད་སྔར་ལོ་རྒྱ་རིགས་ཁྲིམས་རྩོད་པ་འགས་ ༼ སྤྱི་དམངས་ཀྱི་ཁྲིམས་ལུགས་ཞབས་ཞུ་ལྟེ་གནས་ཁང་ ༽ ཞེས་པ་ཞིག་བཙུགས་ཏེ། བོད་རིགས་ཚོའི་བྱེད་སྟངས་ལ་ཁྲིམས་ཐོག་ནས་ཞིབ་འཇུག་བྱེད་ཆེད་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་བརྩི་བཀུར་ཡོང་ཆེད་ཚོགས་པ་དེ་བཙུགས་པ་རེད། འོན་ཀྱང་། ད་ལོ་ཚོགས་པ་དེས་བོད་ནང་གི་ ༣།༡༤ དོན་རྐྱེན་ཐད་སྙན་ཐོ་ཞིག་བཏོན་པ་ལ་བརྟེན་ཏེ་ཚོགས་པ་དེ་སྒོ་རྒྱག་ཏུ་བཅུག་ཡོད།

 

དྲི་བ། སྔར་ལོའི་བོད་ནང་གི་ཞི་རྒོལ་ཁྲོད་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་ལས་བརྒལ་བའི་བྱེད་སྤྱོད་འདྲ་སྤེལ་ཡོད་དམ།   

ལན། ཉེ་ཆར་ང་རང་ཚོགས་འདུ་ཞིག་ལ་བཅར་སྐབས་སྔར་ལོ་བོད་ནང་གི་ཞི་རྒོལ་ཡོངས་རྫོགས་ལ་སྡོམ་ཐོ་ཞིག་བཟོས་ཏེ་འཁྱེར་བ་ཡིན། སྡོམ་ཐོ་དེའི་ནང་རོབ་རྩིས་བྱས་ན་བོད་མི་ཚོས་ངོ་རྒོལ་རྣམ་པ་མི་འདྲ་བ་ ༨༠ ཙམ་སྤེལ་འདུག དེ་དག་ཡོངས་རྫོགས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་རྐྱང་ཆགས་བསྡད་ཡོད་ལ། འཚེ་མེད་ཞི་བའི་ལས་འགུལ་ཡིན་པའི་སྟེང་ལ་འགྲོ་བ་མིའི་ཐོབ་ཐང་གི་སྲུང་སྐྱོབ་ཐོབ་འོས་པའི་ལས་འགུལ་ཞེ་གཅིག་རེད། དེ་བཞིན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་གཏན་འབེབས་ནང་། གནད་དོན་གང་རུང་ཞིག་གི་ཐོག་མི་དམངས་མང་པོ་འདུ་འཛོམས་ཀྱིས་ཞི་བའི་སྐད་འབོད་བྱས་པ་ཡིན་ན། གཞུང་གི་འབྲེལ་ཡོད་མགོ་ཁྲིད་ཚོ་མི་དམངས་ཁྲོད་དངོས་སུ་ཕེབས་ཏེ། ལན་འདེབས་དང་གསལ་བཤད་བྱས་ཏེ་འདུ་འཛོམས་ཞོལ་འཇགས་གཏོང་དགོས། ཞེས་བཀོད་ཡོད་ཀྱང་། སྔ་ཕྱིར་བོད་ནང་ཁྱོན་བསྡོམས་ལས་འགུལ་འདྲ་མིན་ ༥༠༠ ལྷག་བྱུང་བ་ཚང་མར་གཞུང་གི་བཀའ་རྒྱའི་འོག་དྲག་གནོན་བྱས་ཡོད།

 

འབྲེལ་ཡོད་གསར་འགྱུར།

tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༡༧ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩

མཆན། 1

  1. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    ད་རེས་བོད་རིགས་རྣམས་ཀྱི་སེམས་ཤུགས་རྣལ་མ་རེ་བཏོན་ནས། མཛད་གཙོ་རྣམས་པའི་བོད་དོན་རྒྱལ་སྤྱིའི་སྟེང་ཁྱབས་བསྒྲག་དང་།་ དངོས་ཡོད་ར་སྤྲོད་དང་འབྲེལ་གླེང་མོལ་ཤུགས་ཆེན་ཡོང་བའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese