མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཞོན་ལྷན་གྱི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

གཞོན་ལྷན་གྱི་གོ་སྒྲིག་འོག དེ་རིང་ལྡི་ལིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་གནས་འབྲེལ་མཐུད་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།

ཕྱི་ཚེས་ ༣༡ ཉིན་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་དྲུང་ཆེ་ཚུལ་ཁྲིམས་རྡོ་རྗེས་འདི་ག་གསར་ཁང་ལ་བཤད་པ་ལྟར་ན། ཉིན་འདིར་གཞོན་ལྷན་གྱི་གོ་སྒྲིག་འོག་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ལ། འདི་ནི་ཉེ་ཆར་རྒྱ་ནག་གཞུང་གིས་ཁམས་ཉག་ཆུ་ཁའི་བོད་མི་རྣམས་ལ་བཙན་གནོན་བྱས་པ་དེའི་རྐྱེན་གྱིས་ཡིན་འདུག ཁོང་ཚོས་བོད་ཀྱི་རྒྱལ་དར་བཟུང་ཞིང་སྐད་འབོད་བྱེད་བཞིན། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་། པཎ་ཆེན་ཆུང་སྲིད་མཆོག དེ་བཞིན་བོད་ཀྱི་སྲིད་དོན་བཙོན་པ་ཚང་མ་གང་མྱུར་གློད་དགོས་པའི་ཆ་རྐྱེན་བཏོན་ཡོད་འདུག

ཁོང་རྣམས་ཀྱི་ངོ་རྒོལ་སྐད་འབོད་ཀྱི་ཆ་རྐྱེན་ཁག་རྒྱ་གར་གྱི་སྲིད་བློན་མཆོག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་འཕྲིན་ལྟེ་གནས་ཁང་། དེ་བཞིན་རྒྱ་གར་གྱི་ནང་སྲིད་ལྷན་ཁང་བརྒྱུད་ནས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་བཅས་ལ་ཕུལ་ཡོད་འདུག

ངོ་རྒོལ་འདི་ནི་ཕྱི་ཚེས་ ༢༦ ནས་ཉིན་ ༥ རིང་གཞོན་ལྷན་གྱི་གོ་སྒྲིག་འོག་མགོ་ཁྲིད་ཟབ་སྦྱོང་ཐེངས་ ༡༠ པ་དང་སྟབས་བསྟུན་བྱུང་ཡོད་ལ། ཟབ་སྦྱོང་དེ་ཕྱི་ཚེས་ ༣༠ ཉིན་མཇུག་སྒྲིལ་ཡོད་པ་རེད།

མཆན། 7

  1. བློ་བཟང་ཐུབ་བསྟན་ says:
    ལོ་ 13 སྔོན།

    ༄༅༑གཞོན་ནུ་ཚོགས་པའི་ཕྱག་ལས་དང་སྙིང་སྟོབ་ལ་གཞན་གྱིས་འགྲན་ཟླ་བྲལ་བཞིག་རེདའཛམ་གླིང་འདི་ནང་ཡང་རྩེར་སོན་པ་ཀྲུང་མགོ་རྒྱ་ཁབ་ཡང་གཞོན་ནུ་ཚོགས་པ་ལ་དངངས་སྐྲག་དང་འཇིགས་སྣང་ངང་གནས་དགོས་པ་བྱུང་ཡོད་།དེ་ལྟར་བྱུང་དགོས་པ་ཡང་གཞོན་ནུ་ཚོགས་པ་ལ་མཚོན་ཆ་དང་དཔལ་འབྱོར་ཡོད་པ་སོགས་ལས་བྱུང་བ་མ་རེད་བསམ།འོ་ན་ཇི་ལྟར་ཡིན་ཞེན་ན།རྣམ་དཔྱོད་དང་སྙིང་སྟོབ་གཉིས་ལྡན་གྱིས་ཕྱག་ལས་ལས་དེ་ལྟར་བྱུང་རེད་བསམ།ཀླ་ཀློའི་མགའ་གཞོན་ནུ་ཚོགས་པའི་ལྟ་བ་གོངས་ས་མཆོག་དང་འགལ་བ་རེད་ཡག་པོ་མ་རེད་བརྗོད་མཁན་ཡོད་རེད།རང་གི་ཀླད་པ་ཀྲུག་ཤེས་ཀྱི་མེད་ན་ཁ་བཙུམ་ནས་བཞུག་རོགས་གནང་ཞེས་འབོད་སྐུལ་རྒྱུ་ཡིན།སྔ་མ་ཡང་འདི་ལྟར་བྱས་ནས་རང་བཙན་ཤོར་བ་རེད་།གཞོན་ནུ་ཚོགས་པ་མི་རྣམས་སེམས་ཤུགས་མ་ཆག་པར་བོད་མི་རིགས་དང་སངས་རྒྱས་བསྟན་པའི་པ་སྙིང་ལ་བཅང་ནས་སྔར་རྒྱུན་ལྟར་གནང་རོགས་ཞེས་འབོད་སྐུལ
    ཞུ་རྒྱུ་ཡིན་།ཁྱེད་རྣམས་པའི་ཕྱག་ལས་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད་།ང་ཚོའི་སློ་བུ་རྣམས་ཀྱང་སློབ་ཐོན་བྱུང་བའི་སྐབས་ཁྱེད་རྣམས་པའི་ཞབས་རྗེས་སུ་ཡོང་རྒྱུ་དམ་བཅའ་ཡོད་།།།།

    Reply
  2. ནད་པ says:
    ལོ་ 13 སྔོན།

    ལོ་རེའི་ནང་གནས་ཚུལ་གསར་པ་མི་འདྲ་བ་མང་ཙམ་ཐོན་ཐུབ་ན་འགྱུར་བ་ཡང་མི་འདྲ་བ་རེ་ཡོང་ལ་དེས་གནས་བབ་གསར་པ་ཡང་བསྟེར་ངེས་ཡིན།

    ངོ་རྒོལ་ཟེར་བའི་ཚིག་འདི་ང་ཚོ་གངས་ཅན་པར་མཚོན་ན་དེ་ནི་ངེས་པར་བྱེད་དགོས་པ་ཞིག་ཡིན་ལ་དེ་ནི་བོད་བསྟན་སྲིད་ཀྱི་ཐབས་གྲོགས་ཞིག་ཀྱང་ཡིན།

    རྒྱ་ནག་གི་མེས་པོ་མའོ་ཙེ་ཏུང་གིས་ཆབ་སྲིད་དང་ཐབས་བྱུས་ནི་རྒྱལ་ཁབ་ཀྱི་སྲོག་རྩ་ཡིན་ཟེར་བ་དེ་དངོས་གནས་རེད། ང་ཚོས་ཀྱང་སྲིད་དོན་གལ་ཆེར་འཛིན་འཛིན་དགོས་ལ་དེ་ལས་ཀྱང་ད་དུང་ང་ཚོའི་ཐབས་ཇུས་དེ་དུས་ནམ་ཡང་མ་ནོར་བ་ཞིག་བྱེད་ཐུབ་པ་དགོས།

    Reply
  3. ལི་ཐང་ངག་དབང་དབྱིག་གཉེན། says:
    ལོ་ 13 སྔོན།

    good

    Reply
  4. ཁ་བའི་བུ། says:
    ལོ་ 13 སྔོན།

    བདེན་ནམ

    Reply
  5. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 13 སྔོན།

    གཞོན་ལྷན་ལ་འང་མིག་དང་སྤྱན་གཉིས་ཀ་འདུག ལས་འགུལ་ཁ་ཤས་དོན་དུ་ལས་འགུལ་ཡང་ཧུར་འཐག་ སྐབས་རེར་སྣང་མེད་་་་་་་་་་་་་་

    Reply
  6. དུག་ཚེར། says:
    ལོ་ 13 སྔོན།

    ཆེ་ཤོས་བཅོས

    Reply
  7. དུག་ཚེར། says:
    ལོ་ 13 སྔོན།

    ངས་ནམ་རྒྱུན་གཞོན་ནུ་ལྷན་ཚོགས་ལ་རེ་བ་ཆེ་དེ་བྱེད་ཀྱིན་ཡོད་མོད་ཐེངས་འདིའི་ལས་འགུལ་ཅུང་ཕྱིས་དྲག་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist