མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་སྡེ་བར་ཕུལ། རོང་རྒྱལ་ཐང་།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

རོང་རྒྱལ་ཐང་།

གཅིག མིང་དུ་གདགས་པར་མ་མཛད་ན།། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།། ཞེས་གསུངས་པ་ལྟར་གྱུར་འགྲོ་བ་རེད། ཅིའི་ཕྱིར་ཞེ་ན། མིང་གིས་ཆོས་དངོས་དབྱེ་འབྱེད་ཀྱི་ནུས་པ་འབྱིན་ཅིང༌། དཔྱོད་ཤེས་རྟོགས་འཇུག་བྱ་སའི་ཡུལ་གྱི་སྒོ་དང༌། ལམ་དང་པོ་དེ་མིང་ཡིན་སྟབས། མིང་མེད་ན་འདུ་བྱེད་ཀྱི་རྩོལ་བ་མཐའ་དག་འགག་འགྲོ་བ་དང༌། གང་ཞིག་འགག་སྟེ་འགུལ་བསྐྱོད་ཀྱི་ཆ་ཐམས་ཅད་མེད་པར་གྱུར་པའི་གནས་སྐབས་དེར། འཇིག་རྟེན་ཐམས་ཅད་རྨོངས་པར་གྱུར་པ་ཡིན་ནོ།། མི་ལ་མིང་དགོས་ཤིང་བཏགས་པའི་ཡང་སྙིང་དགོས་པའང་དེ་ལས་མ་འདས་པ་ཡིན། དུས་བབ་ཟིན་བྲིས་སྡེ་བའི་ཟིན་པ་དྲ་བར་འགོད་མཁན་ཕལ་ཆེར་གྱིས་དངོས་མིང་བེད་སྤྱོད་མི་བྱེད་པར། ཡིད་ལ་ཅི་ཤར་གྱི་མིང་གི་ཐ་སྙད་རྫུན་མ་རེའི་འོག་ནས། བསམ་ཚུལ་ཁྲོམ་སྒྲོག་གི་རྩོམ་ཡིག་འདྲ་པོ་འབྲི་བཞིན་པ་ནི། ཟིན་བྲིས་དྲ་ངོས་ཀློག་མཁན་ཚོའི་ལྟ་ཀློག་བསམ་གཞིགས་ཀྱི་དང་ཀ་འགག་པའི་གནད་དོན་གཙོ་བོ་གཅིག་ཡིན། གང་གིས་ཟེར་ན། རང་ཉིད་ཀྱི་དངོས་མིང་གསལ་འདོན་ཐུབ་ཀྱི་མེད་པ་འདིས། ཅི་ཞིག་བཤད་ཀྱི་ཡོད་དམ་ཞེ་ན། ཟིན་བྲིས་དྲ་འགོད་པ་ཞིག་ལ་དགོས་པའི་ཤེས་ཚད་མེད་བཞིན། ཡོད་དང་ཡིན་ཁུལ་གྱིས་སྨྱུག་གུ་སྒུལ་རྒྱུར་དགའ་མཁན་ཚོའི་ལས་ཀ་སྟེ། རུལ་སུངས་ཀྱི་དྲི་མ་མུན་པར་འདྲེས་པའི་བསམ་བློ་ཞིག་གི་རྒྱབ་ལྗོངས་མཐོང་ཐུབ་པས་ཡིན།

 
གཉིས། ཕྱོགས་སུ་མི་ཞེན་མཁན་མེད་ལ། དེ་སར་མི་ལྷུང་བའང་དཀོན་པོ་རེད། ཡིན་ནའང༌། ངའི་ཨ་ཕས་ཡི་གེ་མི་ཤེས་ཀྱང༌། སྒྲོལ་མ་བློར་སྐྱོར་ཐུབ་པས། ཁོང་མཁས་པ་ཡིན་ཞེས་བཤད་ན། དེ་ནི་ཕྱོགས་སུ་ལྷུང་སྟངས་ཞིག་མ་རེད་འདོད། ཟིན་བྲིས་དྲ་ངོས་སུ་བཤད་སྟངས་འདི་ལུགས་ཀྱི་འཐེན་འཁྱེར་རྒོད་ལ། ཁོང་ཚོའི་སྐད་ཆ་བཤད་སྟངས་དང༌། འཐེན་འཁྱེར་བྱེད་ལུགས། ད་དུང་ཡིག་ནོར་མང་བ་བཅས་ལ་བལྟས་ན། ཟིན་བྲིས་དྲ་ངོས་ཀྱི་མི་མང་ཆེ་བ་གྲྭ་བ་དང༌། གྲྭ་ལོག་ཡིན་པའི་ཚོར་བ་སྤྲད་ཀྱིན་འདུག གང་གིས་ཟེར་ན། བོད་ཀྱི་གྲྭ་བ་ཟེར་བ་དེ་ཚོར་བོད་རིག་གནས་ཀྱི་རྨང་གཞིའི་ཤེས་བྱ་གཉོམ་ལ། སྤྱི་ཡོངས་བསམ་བློའི་ཚད་གཞི་དམའ་པོ་ཡོད་པ་མ་ཟད། ཁོ་ཚོར་གཞན་དང་མི་མཐུན་པའི་གཤེ་སྟངས་ཤིག་དང༌། འཐེན་འཁྱེར་བྱ་རྒྱུ་གཞན་ལས་དགའ་བོ་ཡོད་པ་སོགས། གང་དུ་གྲྭ་བ་སླེབས་ན། དེ་ནི་སྐད་ཅོར་ཆེ་ཞིང༌། འཐེན་འཁྱེར་རྒོད་པའི་ཡུལ་ལུང་ཞིག་ལ་བསྒྱུར་འགྲོ་བས་ཡིན། ཡིན་ནའང༌། ངས་དུས་བབ་དྲ་ངོས་ཀྱི་ཟིན་བྲིས་པ་ཡོད་ཚད་བརྒྱ་བོ་གྲྭ་བའི་རྣམ་ཤེས་ཅན་ཞེ་གཅིག་རེད་བཅས་བཤད་ཀྱི་མེད་ལ། ཐམས་ཅད་ཤེས་རབ་སྐྱོ་བོ་རེད་ཅེས་དེ་བས་ཀྱང་བཤད་ཀི་མེད། བོན་རྒྱ་བསྟན་རབ་དང༌། དགེ་འདུན་རབ་གསལ། ལུང་རིགས། མཁས་པ་ལྷ་སྡེ་ཚང་སོགས་ནི་སྤྱི་ཚོགས་ཆུང་ཆུང་འདིའི་མིག་དཔེར་འོས་ཤིང༌། མགོན་དུ་རན་པའི་ངོས་འཛིན་ང་ལ་སྔ་མོ་ནས་ཡོད་ཅེས་ཀྱང་བཤད་འདོད་བྱུང༌།

 
གསུམ། ཟིན་བྲིས་པ་མང་པོས་མཚམས་རེར་ཟིན་བྲིས་ས་ཆར་སྙན་ངག་འབྲི་ཡི་འདུག་པ་ནི་ཡག་པོ་མ་རེད། ཁ་སང་དེ་རིང་གི་བོད་ཀྱི་སྙན་ངག་ཟེར་བ་ནི་འབྲི་ཀློག་གཉིས་ལ་རང་མགོ་ཐོན་ཙམ་ཡོད་པའི་བོད་མི་ན་གཞོན་སྐོར་ཞིག་གི་རྩེད་སྤྱད་དགོད་སྤྱད་ཀྱི་ལས་ཀར་གྱུར་ཡོད་སྟབས། ཁོང་ཚོས་སྙན་ངག་ཡིན་ཟེར་བ་དེ་ཚོར། ཡི་གེའི་གཟུགས་རིས་ཙམ་འཕྲེང་བར་བསྟར་བ་ལས། གཞན་གོ་རྒྱུ་དང་ལེན་རྒྱུ་ཅི་ཡང་མེད། དེའི་ཕྱིར་ཁོང་ཚོའི་སྙན་ངག་གིས་ཟིན་བྲིས་འབྲི་འགོད་ཀྱི་འགན་འཁུར་གཏན་ནས་འཁྱེར་མི་ཐུབ་ན། གད་སྙིགས་ནི་ནམ་ཡང་གད་སྙིགས་ཡིན་པ་ཤེས་རྒྱུའང་བརྗེད་མི་ཉན་པའི་དོན་དག་རེད་དོ་ལོ།།

བཞི། ཟིན་བྲིས་པ་མང་པོས་བཤད་ན། ལག་ལ་སྨྱུག་གུ་བཟུང་བ་དེ། རང་ཉིད་ཀྱི་ཆེད་དུ་མིན་པར། མི་རིགས་དང་རིག་གཞུང་ཞིག་ལ་བསམ་བློ་བཏང་ནས། རྩོམ་ཡིག་འབྲི་རུ་ཡོད་ཟེར། དེ་ཧ་ཅང་ཡག་པོ་རེད། ཡིན་ནའང༌། མི་རིགས་དང་རིག་གཞུང་གི་བསམ་བློ་ཟེར་བ་དེ། ལས་སླ་པོས་བསྐྱེད་ཐུབ་པ་ཞིག་གཏན་ནས་མིན། དེ་ནི་དངོས་ཡོད་ལག་ལེན་དང༌། མ་འོངས་འཆར་འགོད་ཀྱི་འགུལ་སྐྱོད་རིགས་ཤིག་གི་གྲུབ་དོན་ཏེ། མི་རིགས་ལ་གཟས་ནས། རིག་གཞུང་གི་ཕྱིར་དུ། རང་གིས་འདུར་རྒྱུགས་བྱེད་བཞིན་པ། རྔུལ་ཆུ་ཤན་གྱིན་པ། མངོན་སུམ་ཡོངས་གྲགས་ཀྱི་ཚད་གཞི་ཞིག་ལ་སླེབས་དགོས་པ་མ་ཟད། དེའང་མི་རིགས་དང་རིག་གཞུང་གི་དགོས་མཁོ་དང་དངོས་སུ་འཚམ་པ་ཞིག་ཡིན་དགོས་པ་རེད། དེ་མིན། སྐད་ཆ་བཤད་པ་ཙམ་དང་རྩོམ་ཡིག་རེ་བྲིས་པ་དག་ནི་མི་རིགས་རིག་གཞུང་གི་ཕྱིར་དུ་ཡིན་ཞེས་ཅི་ཙམ་བཤད་ཀྱང༌། དེ་རིགས་ནི་རང་སེམས་རང་གིས་གསོས་ཏེ། རང་མགོ་རང་གིས་གཡོགས་པའི་ལས་སུ་ལྷུང་འགྲོ་བ་ཡིན། ངས་བལྟས་ན། དུས་བབ་ཟིན་བྲིས་ཁྲོད་དུ་མི་རིགས་དང་རིག་གཞུང་གི་ཕྱིར་དུ་ཟིན་པ་བྲིས་འགོད་འོས་པ་ཞིག་ལ་སྒོམ་སྡེ་ལྷ་རམས་པ་ལྟ་བུ་རེ་གཉིས་ཤིག་ལས་མི་འདུག་སྙམ་ལ། ལྷ་རམས་པའི་བསམ་བློའི་སྤྱི་ཁོག་དང༌། ཁོང་ཉིད་མིག་དཔེར་བླངས་ཏེ། ཁོང་ལ་སློབ་སྦྱོང་བྱ་རྒྱུ་ནི་དྲ་ངོས་ཀྱི་ཟིན་བྲིས་པ་ཚད་ལྡན་ཞིག་བྱ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་རེད་ལགས། དེས་ན་དངོས་ཡོད་སྤྱི་ཕན་གྱི་ཟིན་བྲིས་པ་ཞིག་བྱེད་འདོད་མཁན་ཚོས། ཁོང་གི་རྗེས་སུ་སྙེག་ཨེ་ཐུབ་བལྟ་རོགས་ཅེས་སེམས་གཏམ་གྱི་ཚུལ་དུ་སྨྲ་བར་སྤྲོའོ།།
 
ལྔ༌། ཚད་དང་ལྡན་པའི་ཚིག་སྦྱོར་ཞིག་སྤེལ་དགོས་ན། ངག་གི་ཁྱབ་ཁོངས་དང་གཞུང་གི་སྟངས་འཛིན་གཉིས་ལ་བསྟུན་པའི་ཚིག་སྦྱོར་ཞིག་ཡིན་དགོས་རྒྱུ་ནི་བཤད་མ་དགོས་པའི་གནས་རེད་མོད། འོན་ཀྱང༌། དྲ་ཚིགས་ཟིན་བྲིས་མཁན་ཚོའི་ནང་ན་གཞུང་གི་སྟངས་འཛིན་སོགས་ལ་མི་མཐུན་པ་དང༌། དེ་ལས་བརྒལ་བའི་ཚིག་སྦྱོར་ཡ་མ་བརླ་འབྲི་མཁན་ཡང་མི་ཉུང་བ་འདུག་ལ། ད་དུང་དེའི་རིགས་ཀྱིས་བཤད་རྒྱུ་ལ། ཁོང་ཚོས་དེ་ལྟར་འབྲི་དོན་ནི་ཡི་གེ་སྦྱོར་བ་དང༌། དངོས་ཡོད་འཚོ་བའི་ཁ་སྐད་གཉིས་ལ་རྒྱང་ཁད་དེ་ཙམ་རིང་པོ་མེད་པ་ཞིག་དང༌། ཐ་ན། དེ་གཉིས་གཞི་གཅིག་རོ་གཅིག་ལྟ་བུའི་འབྲེལ་འདྲིས་མཐུན་གཤིབ་ཅན་ཞིག་ལ་བསྒྱུར་འདོད་ཡོད་པས་ཡིན་ཟེར། མ་གཞི་ནས། བཤད་སྟངས་འདིས་ནི། ཁ་ཚ་དགོས་གཏུགས་ཀྱི་དམིགས་ཡུལ་ཞིག་དང༌། དངོས་ཡོད་ལག་ལེན་ལ་འབེབས་དགོས་པའི་དོན་བྱ་གལ་ཆེན་ཞིག་གླེང་གི་ཡོད་ཕྱིན། ཡི་རངས་མོས་མཐུན་གྱི་རྣམ་འགྱུར་མི་སྟོན་མཁན་ཡོད་སྲིད་ཀྱི་མ་རེད།

ཡིན་ནའང༌། བོད་ཀྱི་ཡི་གེ་སྦྱོར་བ་དང༌། འཚོ་བའི་ཁ་སྐད་གཉིས་ཀྱི་བར་ཐག་རིང་ཙམ་གདའ་བ་དེ། ཚུར་ཡི་གེའི་སྐྱོན་ཆ་མིན་ལ། ཕར་ཁ་སྐད་ལ་སྐྱོན་ཆ་ཡོད་པའང་མ་རེད། དེ་ནི་ཚིག་གི་སྦྱོར་བ་སྤེལ་མཁན་རང་ཉིད་ཀྱི་སྨྱུག་གུའི་འགུལ་སྐྱོད་ཀྱིས་སྒྲ་རིག་གཞུང་ལུགས་དང་སྐད་བརྡའི་ཁྱབ་ཁོངས་ཀྱི་ས་ཁྱོན་མ་ཆོད་པས་ཡིན་པ་ནི་ཐག་གིས་བཅད་ནས་བཤད་ཐུབ་པ་ཞིག་རེད། དཔེར་ན། སྐུ་ཞབས་ལུང་རིགས་རྒྱལ་གྱི་རྩོམ་སྒྲིག་གཏམ་གླེང་ཁག་ལ་ཅིག་ལྟོས་དང༌། ཁ་དང་ཡིག་སྐད་ཀྱི་བར་ཐག་ཅི་ལྟར་ཉེ་རུ་གཏོང་དགོས་པ་ང་ཚོས་གསལ་བོ་ཤེས་ཐུབ་པ་མ་ཟད། ཁ་དང་ཡིག་སྐད་ཀྱི་བར་ཐག་རིང་བའི་དཀའ་སྡུག་འདི་ནི། རང་གིས་རང་ལ་བཟོས་པའི་སྡུག་གྱོང་རང་ཡིན་པའང་ཤེས་འགྲོ། དུས་བབ་ཚགས་ཤོག་གི་རྩོམ་སྒྲིག་གཏམ་གླེང་ནི་གང་སར་སྐད་གྲགས་ཆེ་ལ། མཛོ་རྒན་གྱི་དྲིན་ལ་གླང་རྒན་དབུས་ལ་ཐོན་པའི་དཔེ་བཞིན། གཏམ་གླེང་ས་ཁོད་འདི་དུས་བབ་ཚགས་ཤོག་གི་བྱུ་རུའི་སྐེ་རྒྱན་དང༌། གདོང་གི་སྒེག་ཉམས་ཡིན། གལ་སྲིད། སྐེ་རྒྱན་འདི་མེད་ཚེ། བྱུ་རུ་འདི་འཐོར་ན། དུས་བབ་ཚགས་ཤོག་གི་འགུག་ཤུགས་དེ་ཆེས་གཉོམ་པོ་ཞིག་ལ་འགྱུར་འགྲོ་ངེས། དུས་བབ་རྩོམ་སྒྲིག་གླེང་སྟེགས་དེ་འདི་ལྟར་བློར་འབབ་ཅིང༌། སྙིང་རྗེ་བོ། ཡིད་འཕྲོགས་པ་ཅིག་ཏུ་གྱུར་བའི་རྒྱུ་རྐྱེན་མང་ནའང༌། གཙོ་བོ་ནི་བརྗོད་དོན་དབྱེ་ཞིབ་ཀྱི་ནུས་པ་དང༌། ཚིག་གི་སྦྱོར་ལུགས་ཀྱི་སྟེང་ནས་ཡིན་ལ། ལྷག་པར། ཕྱི་མ་འདིར་བལྟས་གྱིན་བལྟས་གྱིན་བལྟ་འདོད་པ་ཞིག་ཡིན་པས་རེད་དོ།།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁེལ་མེག་གི་སྲིད་འཛིན་ཟུར་བར་མཇལ་ཁ་སྩལ།

སྐར་མ ༤༦ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༢ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

ཆུ་ཚོད་ ༢༤ སྔོན་ལ།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

མཆན། 25

  1. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གློག་རྡུལ་དྲ་བའི་རྒྱུད་ཀྱི་དུག་མདུང་རྩེ་དགུ
    སུ་ཡིན་འདི་ངོ་མི་ཤེས་དུག་མདུང་རྩེ་དགུ
    ཅོ་རིའི་སྐྱིད་སྡུག་མཁྱེན་པའི་དུག་མདུང་རྩེ་དགུ
    སྨན་དགུ་བསླབ་བྱ་གནང་བའི་དུག་མདུང་རྩེ་དགུ

    Reply
  2. ཕུན་ཚོགས ། says:
    ལོ་ 16 སྔོན།

    རྒྱལ་ཐང་ལགས་ཀྱིས་ཅི་ཡང་མ་བཤད་ན་ཤིན་ཏུ་མཛེས།

    Reply
  3. blackman says:
    ལོ་ 16 སྔོན།

    རོང་རྒྱལ་ཐང་གི་རྩོམ་ཡིག་འདི་ལ་ནང་འགལ་དང་དོན་ལ་མི་གནས་པའི་ཆ་མང་པོ་འདུག འོག་ཏུ་དབྱངས་བུ་ལགས་ཀྱིས་གསལ་བོ་བྲིས་འདུག ཁྱོད་ཀྱིས་བཤད་པ་ལྟར་ན། གྲྭ་བ་དང་གྲྭ་ལོག་ཡོད་ས་ན་དོན་དག་ཡག་པོ་གང་ཡང་མེད་པ་དང། ཤེས་ཡོན་མེད་མཁན་དང་བསམ་བློ་མེད་མཁན། ཡིག་ནོར་མང་མཁན་ཚོ་ཡང་གྲྭ་བ་དང་གྲྭ་ལོག་དེ་ཚོ་རེད་ཟེར་ནས་མངོན་སུམ་འཛེམ་མེད་ཀྱི་གཤེ་གཤེ་བཏང་འདུག་མོད། མཐམ་མ་དེ་ལ་ཁྱོད་ཀྱིས་ཟིན་བྲིས་པ་རྩེད་ཕུད་བདམས་པ་དེ་
    ཚོ་ཡང་གྲྭ་བ་དང་གྲྭ་ལོག་དེ་འདྲ་རེད། འདིས་ཁྱོད་ཀྱིས་ཁྱོད་རང་གི་རྩོམ་ཡིག་དེ་འགད་གཏོར་བཏང་བ་མ་ཡིན་ནམ།
    ད་དུང་སྒོམ་སྡེ་ཚང་ལ་མིག་དཔེ་ལྟ་དགོས་ཟེར་བས་ཁྱོད་ཀྱི་ཀླད་རྩའི་ཁ་དོག་དང་བསམ་བློའི་རུལ་དྲི་དེ་ཡང་གསལ་བོ་ཤེས་སོང། དྲ་ངོས་སུ་སྙན་ངག་མ་སྤེལ་ཟེར་བ་དེ་ལ་རྒྱུ་མཚན་ཅི་ཡང་མི་འདུག འོ་ན་དྲ་ངོས་སུ་ཆོས་ལུགས་མ་སྤེལ་ཟེར་ན་ག་འདྲ་འདུག གཅིག་པ་ཡིན་ནི་རེད།
    རོང་རྒྱལ་ཐང་ཟེར་བ་དངོས་མིང་ཞིག་མིན་པའི་དབང་དུ་སོང་ཚེ་ཁྱོད་ནི་ཆེས་རྩོམ་ཡིག་འབྲི་མཁན་ཐ་ཤལ་གྱི་གྲས་སུ་མི་འཇོག་རང་འཇོག་རེད། གནས་སྐབས་དེ་ཙམ་ཡིན།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དྲ་གོགས་དབྱངས་ལགས།
    ཁྱེད་ཀྱི་དོན་ཚན་དང་པོའི་ནང་དུ་དྲི་གཉིས་འདུག་ཀྱང་ལན་རྒྱག་དགོས་པ་དེ་ཙམ་མ་མཐོང་། ཅི་ཕྱིར་ཞེ་ན། མིང་ལྷག་གི་གོ་དོན་དང་ལྭོ་ཞེས་པའི་ཡོང་ཁུངས་དྲིས་འདུག
    གཉིས་པའི་ནང་དུ་མར་རབ་དང་གཡོ་རྒྱུའི་དོན་གང་ཡིན་དང་དག་ཆ་ནོར་ཡོད་མེད་ལྟ་དགོས་བྲིས་འདུག ཁྱེད་ཀྱི་དྲི་བ་འདི་ཚོ་ལ་ལན་འདེབས་དགོས་གསུངས་དུས་ང་ཅོ་རིས་ལགས་གསོལ་ཞུ།

    གཡོ་རྒྱུ་དང་མར་རབ་ལྭོ་ཞེས་པ་ཚིག་གི་དག་ཆ་ནོར་བ་ཁྱེད་རང་བདེན་ང་ཅོ་རི་དག་ཆ་སྐྱོ་བ་ང་ལེན། མིང་ལྷག་གི་དོན་མ་གོ་པར་འགྲེལ་བཤད་རྒྱག་དགོས་ན་ཁྱེད་ངོ་མི་ཚ་ཡང་ང་ཉམ་གྱིན་འདུག

    Reply
  5. དབྱངས་བུ། says:
    ལོ་ 16 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས།

    གཞན་ལ་ལན་འདེབས་མ་བྱས་པའི་སྔོན་ལ་གཞན་གྱིས་གང་སྨྲས་པའི་དོན་རྣམས་ལེགས་པར་རྟོགས་དགོས་ལ། གནད་དུ་སྨིན་པའི་ལན་འདེབས་སྐྱོན་དགོས།དེ་རིང་ཞོགས་པ་གུས་པས་ཁྱེད་ཀྱི་མཚན་ཐོག་ལ་མཆན་བུ་དོན་ཚན་གསུམ་ཅན་ཞིག་ཕུལ་ཡོད་པ་དེ་ཁྱེད་ཀྱིས་བཀླགས་སམ། གལ་སྲིད་བཀླགས་ཡོད་ན་དེའི་ནང་དྲི་བ་འགའ་ཞིག་ཕུལ་ཡོད་པར་ལན་མི་སྐྱོན་དོན་གང་ཡིན་ནམ།

    གུས་པས་ད་ལན་ཁྱེད་ལ་རྒྱས་བཤད་མི་དགོས་པར།་་དེ་སྔའི་མཆན་བུ་དེ་ལེགས་པར་་ཀློག་ནས་ལན་འདེབས་གནང་རྒྱུ་ཡོད་ན་གནང་རོགས་ཞུ་རྒྱུ་ཡིན།་་་

    དེ་མིན་ཡིག་ཚོགས་མང་ལ་གོ་རྒྱུ་ཉུང་བ་ཚིག་མང་པོ་བྲིས་ན་དུས་ཚོད་འཕྲོག་བརླགས་དང་དྲ་རྒྱའི་ས་ཆ་ཟིན་མཁན་ལྟ་བུ་ལས་དགོས་པ་རྒྱུ་མཚན་ཅི་ཡང་མེད།།

    ཐུགས་རྗེ་ཆེ།།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དུག་མདུང་རྩེ་དགུ་དང་དབྱངས་བུ་ལགས་དེང་ངས་སྤྱི་ཚོགས་ནང་དུ་གཅིག་གིས་གཅིག་ལ་གུས་ཚིག་རེ་བརྗོད་བདེ་པོ་མེད་པ་ངས་ཡང་ཧ་གོ་གིན་ཡོད།
    གཙོ་བ་ལུང་ཚན་གང་ཡིན་དང་ཚིག་གི་དག་ཆ་ཙམ་ལ་ལྟས་པ་མ་ཡིན་པ་དངོས་ཡོད་གནས་ལུགས་དང་དངོས་སྟོབས་རིག་པའི་སྒྲུབ་བྱེད་ཀྱིས་ཐོག་ནས་རྩ་བའི་དམ་བཅའ་ལ་གནད་པ་བཏབ་རིང་བྱེད་ན།་ང་ཅོ་རིས་འདོད་ཁུ། དགའ་ཁུ། སྐྱིད་ཁུ། ཅི་ཡོང་གང་ཤེས་ཀྱི་བོད་སྤྱི་དོན་གླེང་མོ་རེ་བྱེད་ཀྱི་བྱུང་ན་མི་ཚེ་དོན་དང་ལྡན་སོང་དྲན་བཞིན་ཡོད་ལགས།

    དེ་ལུགས་ཀྱི་རྣམ་པ་གཉིས་ཀྱིས་གསུངས་རོགས།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དྲ་གྲོགས་དབྱངས་བུ་དང་དུག་མདུང་རྩེ་དགུ་ལགས་རྣམ་གཉིས་ཀྱིས་སློབ་བྱ་གནང་བ་ཐུགས་རྗེ་ཆེ་ཞུ།

    1.དངོས་མིང་དང་བཏགས་མིང་བར་རུ་རྩོད་པ་ཞིག་མི་འདུག་ཟེར་ན་དེ་ཡང་མ་ཡིན་ཏེ། དུས་བབ་དྲ་ཐོག་ཏུ་རང་ཉིད་ཀྱི་བསམ་འཆར་སྤྱི་ཚོགས་ནང་དུ་བཤད་དུས་རང་ཉིད་ངོ་སྤྲོད་ཡོང་ཐབས་དང་རང་གི་ཁྱབ་ཆེ་བའི་མིང་དེ་བེད་སྤྱོད་བྱེད་ནས་རང་ཉིད་ཕྱི་གསལ་ནང་གསལ་གྱི་ཐོག་ཏུ་བོད་མི་རིགས་ཀྱི་བདེ་སྡུག་གླེང་དགོས་པ་ལས་སྤྱི་ཚོགས་ནང་དུ་རང་ཉིད་སུ་ཡིན་འདི་ཡིན་མེད་པར་བསམ་འཆར་བདག་པོ་མ་རྒྱག་ནས་བཤད་པ་དེ་ཚོ་ལ་གཏམ་འཁྱམ་ཟེར།

    2.དུས་བབ་དྲ་ཐོག་ཏུ་མཆན་འདེབས་སྐབས་སུ་མི་རེ་འགའ་གྱིས་མི་གཞན་གྱི་མིང་ཐོག་ནས་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་མྱོང་ཡོད་པ་ནི། དཔེར་ན་སྔོན་མ་ང་ཕོད་ཤི་སྐབས་སུ་གཡག་ལྡོམ་ཟེར་བའི་མིང་གི་འོག་ཏུ་མཆན་བུ་འདྲ་མི་སྣ་ཚོགས་ཤིག་བཏབ་ཚར་དུས་ཡང་གཞན་གཡག་ལྡོམ་ཞིག་སླེབས་ནས་མི་གཞན་གྱིས་ངའི་མིང་གཡག་ལྡོམ་རྐུས་ནས་མཆན་བུ་འདེབས་ཀྱིས་འདུག་གསུངས་སོང་། སྐབས་དེ་དུས་རང་གཟུགས་ཕྱི་ལ་སྟོན་ནུས་པའི་མི་བུ་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གཅིག་པོའི་མགོ་ཐོག་ཏུ་བབ་སོང་། དེ་འདྲ་བྱས་ན་ཡག་པོ་མ་རེད། རང་ཁ་གསེར་གྱི་སྒོ་མང་འདི་རང་ལུས་ཕུངས་པས་གཞི་མ་ཡིན་ཟེར་སྲོལ་ཡོད་པ་ལྟར་ཤི་སྲོག་ལ་ཐུག་ཀྱང་རང་ཉིད་ཀྱིས་བཤད་པའི་སྐད་ཆ་བདག་པོ་རྒྱག་ཐུབ་དགོས་པ་ལས་བདག་པོ་མེད་པའི་སྐད་ཆ་དེ་གཏམ་འཁྱམ་དང་གཏམ་དེ་བཤད་མཁན་དེར་ཁྱི་ཕྲུག་ཟེར་ལེ་རེད།

    3.ཡིག་ནོར་དང་དག་ནོར་སྐོར་རུ་བཤད་དགོས་པ་དོན་དག་ཆེ་པོ་རེད། ཡིན་ནའང་ང་རང་དུས་བབ་དྲ་ཐོག་ཏུ་སླེབས་པ་ནས་བཟུང་ཡིག་ནོར་གསུངས་མཁན་ཚོའི་དམིགས་ཡུལ་ཅི་ཡིན་དང་སྒྲུབ་བྱེད་ཅི་ཡིན་ལྟས་པ་ཡིན། དུས་བབ་དྲ་ཐོག་ཏུ་དག་ཆ་སྐྱོ་བའི་མི་ཞིག་གིས་བསམ་ཚུལ་བྲིས་དུས་དྲ་གྲོགས་ཚོས་དོན་ལ་མི་ལྟ་ཚིག་ལ་ལྟ་ནས་ཡིག་ནོར་རེ་གཉིས་སྒྲུབ་བྱེད་བཟུང་ནས་བྲིས་པ་པོ་དེ་རྨོངས་པ་ཅི་ཡང་མི་ཤེས་མཁན་ཞིག་ཡིན་པ་སྒྲུབ་ཁུལ་བྱས་ཀྱིན་རེད། འདིས་རྐྱེན་པས་དེང་སང་སློབ་བུ་གསར་པ་ཚོ་དུས་བབ་དྲ་ཐོག་ཏུ་མཆན་བུ་འདེབས་མཁན་མང་པོ་ཡོང་ནུས་མེད་པ་དང་བོད་མི་རིགས་ཀྱི་སྐད་ཡིག་ཤེས་ཚོད་མཐོ་རེ་གཏོང་བའི་གོ་སྐབས་བཀག་པ་རེད་སྙམ།

    4.ཡ་ཡ་ད་ཡིག་ནོར་དང་དག་ནོར་བཤད་ཁུལ་བྱས་པའི་མི་རྣམས་ཀྱི་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་ཀྱི་ཆེད་དུ་ཡིག་ནོར་འདུག་དང་དག་ནོར་འདུག་ཞེས་གསུངས་པ་རེད་ཟེར་ན། འདི་ནི་མ་ཡིན་ཏེ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་གཙོ་དྲ་ཐོག་གི་བོད་སྐད་སྡེ་ཚན་ཁག་གིས་སུམ་རྟགས་དག་གསུམ་གྱི་སྒྲུགས་གཞི་དང་འགལ་བ་ཐུན་མི་སུམ་བྷོ་ཊ་ཡིས་ཀྱང་ཀློག་མི་ཤེས་པའི་བོད་ཡིག་བྲིས་དུས་དྲ་གྲོགས་ཚང་མ་ཁ་འཙམ་ནས་སྡོད་ཀྱིན་འདུག
    ཨེ་ཤེ་ཡ་རང་དབང་རླུང་ཁང་གི་ཉིན་གཅིག་གི་བོད་ཡིག་གསར་འགྱུར་ནང་དུ་བཤམ་གསལ།

    ལཤི་ཀར་ཨེ་ཏོའེ། ཏ་ལི་སྦའན། པེཤི་ལྦར། ཨཕ་ག་ནི་ས་ཐན། གའ་ཛ་ལུང་ཤོང། ཤེག་ཡུ་སུཕ་ཁ་ར་རྡ་ལྦི། ཨབ་རྡུ་ལའ། ཨལ་ཨ་སའརྡ། སྦྲགས་པེ་ལེསི་ཀྲིན། མའ་མུརྡ་ཨ་སྦ་སེ།ཨིསི་མེལ་ཧ་ནི་ཡའི།
    ཞེས་བྲིས་འདུག་པ་འདི་ཚོ་ནི་གྲྭ་སར་སེར་འབྲས་དགེ་གསུམ་གྱི་མཁས་དབང་རྣམས་ཀྱིས་ཀློག་མི་ཤེས་པའི་བོད་ཡིག་འབྲི་མཁན་འདི་ཚོ་ནི་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་མཁན་གྱི་ཤན་པ་ལག་དམར་བ་མ་རེད་དམ། ཁྱེད་རྣམ་པ་གཉིས་ཀྱིས་ཅིག་གསུངས་རོགས།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དྲ་གྲོགས་དབྱངས་བུ་དང་དུག་མདུང་རྩེ་དགུ་ལགས་རྣམ་གཉིས་ཀྱིས་སློབ་བྱ་གནང་བ་ཐུགས་རྗེ་ཆེ་ཞུ།
    1.དངོས་མིང་དང་བཏགས་མིང་བར་རུ་རྩོད་པ་ཞིག་མི་འདུག་ཟེར་ན་དེ་ཡང་མ་ཡིན་ཏེ། དུས་བབ་དྲ་ཐོག་ཏུ་རང་ཉིད་ཀྱི་བསམ་འཆར་སྤྱི་ཚོགས་ནང་དུ་བཤད་དུས་རང་ཉིད་ངོ་སྤྲོད་ཡོང་ཐབས་དང་རང་གི་ཁྱབ་ཆེ་བའི་མིང་དེ་བེད་སྤྱོད་བྱེད་ནས་རང་ཉིད་ཕྱི་གསལ་ནང་གསལ་གྱི་ཐོག་ཏུ་བོད་མི་རིགས་ཀྱི་བདེ་སྡུག་གླེང་དགོས་པ་ལས་སྤྱི་ཚོགས་ནང་དུ་རང་ཉིད་སུ་ཡིན་འདི་ཡིན་མེད་པར་བསམ་འཆར་བདག་པོ་མ་རྒྱག་ནས་བཤད་པ་དེ་ཚོ་ལ་གཏམ་འཁྱམ་ཟེར།
    2.དུས་བབ་དྲ་ཐོག་ཏུ་མཆན་འདེབས་སྐབས་སུ་མི་རེ་འགའ་གྱིས་མི་གཞན་གྱི་མིང་ཐོག་ནས་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་མྱོང་ཡོད་པ་ནི། དཔེར་ན་སྔོན་མ་ང་ཕོད་ཤི་སྐབས་སུ་གཡག་ལྡོམ་ཟེར་བའི་མིང་གི་འོག་ཏུ་མཆན་བུ་འདྲ་མི་སྣ་ཚོགས་ཤིག་བཏབ་ཚར་དུས་ཡང་གཞན་གཡག་ལྡོམ་ཞིག་སླེབས་ནས་མི་གཞན་གྱིས་ངའི་མིང་གཡག་ལྡོམ་རྐུས་ནས་མཆན་བུ་འདེབས་ཀྱིས་འདུག་གསུངས་སོང་། སྐབས་དེ་དུས་རང་གཟུགས་ཕྱི་ལ་སྟོན་ནུས་པའི་མི་བུ་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གཅིག་པོའི་མགོ་ཐོག་ཏུ་བབ་སོང་། དེ་འདྲ་བྱས་ན་ཡག་པོ་མ་རེད། རང་ཁ་གསེར་གྱི་སྒོ་མང་འདི་རང་ལུས་ཕུངས་པས་གཞི་མ་ཡིན་ཟེར་སྲོལ་ཡོད་པ་ལྟར་ཤི་སྲོག་ལ་ཐུག་ཀྱང་རང་ཉིད་ཀྱིས་བཤད་པའི་སྐད་ཆ་བདག་པོ་རྒྱག་ཐུབ་དགོས་པ་ལས་བདག་པོ་མེད་པའི་སྐད་ཆ་དེ་གཏམ་འཁྱམ་དང་གཏམ་དེ་བཤད་མཁན་དེར་ཁྱི་ཕྲུག་ཟེར་ལེ་རེད།
    3.ཡིག་ནོར་དང་དག་ནོར་སྐོར་རུ་བཤད་དགོས་པ་དོན་དག་ཆེ་པོ་རེད། ཡིན་ནའང་ང་རང་དུས་བབ་དྲ་ཐོག་ཏུ་སླེབས་པ་ནས་བཟུང་ཡིག་ནོར་གསུངས་མཁན་ཚོའི་དམིགས་ཡུལ་ཅི་ཡིན་དང་སྒྲུབ་བྱེད་ཅི་ཡིན་ལྟས་པ་ཡིན། དུས་བབ་དྲ་ཐོག་ཏུ་དག་ཆ་སྐྱོ་བའི་མི་ཞིག་གིས་བསམ་ཚུལ་བྲིས་དུས་དྲ་གྲོགས་ཚོས་དོན་ལ་མི་ལྟ་ཚིག་ལ་ལྟ་ནས་ཡིག་ནོར་རེ་གཉིས་སྒྲུབ་བྱེད་བཟུང་ནས་བྲིས་པ་པོ་དེ་རྨོངས་པ་ཅི་ཡང་མི་ཤེས་མཁན་ཞིག་ཡིན་པ་སྒྲུབ་ཁུལ་བྱས་ཀྱིན་རེད། འདིས་རྐྱེན་པས་དེང་སང་སློབ་བུ་གསར་པ་ཚོ་དུས་བབ་དྲ་ཐོག་ཏུ་མཆན་བུ་འདེབས་མཁན་མང་པོ་ཡོང་ནུས་མེད་པ་དང་བོད་མི་རིགས་ཀྱི་སྐད་ཡིག་ཤེས་ཚོད་མཐོ་རེ་གཏོང་བའི་གོ་སྐབས་བཀག་པ་རེད་སྙམ།
    4.ཡ་ཡ་ད་ཡིག་ནོར་དང་དག་ནོར་བཤད་ཁུལ་བྱས་པའི་མི་རྣམས་ཀྱི་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་ཀྱི་ཆེད་དུ་ཡིག་ནོར་འདུག་དང་དག་ནོར་འདུག་ཞེས་གསུངས་པ་རེད་ཟེར་ན། འདི་ནི་མ་ཡིན་ཏེ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་གཙོ་དྲ་ཐོག་གི་བོད་སྐད་སྡེ་ཚན་ཁག་གིས་སུམ་རྟགས་དག་གསུམ་གྱི་སྒྲུགས་གཞི་དང་འགལ་བ་ཐུན་མི་སུམ་བྷོ་ཊ་ཡིས་ཀྱང་ཀློག་མི་ཤེས་པའི་བོད་ཡིག་བྲིས་དུས་དྲ་གྲོགས་ཚང་མ་ཁ་འཙམ་ནས་སྡོད་ཀྱིན་འདུག
    ཨེ་ཤེ་ཡ་རང་དབང་རླུང་ཁང་གི་ཉིན་གཅིག་གི་བོད་ཡིག་གསར་འགྱུར་ནང་དུ་བཤམ་གསལ།
    ལཤི་ཀར་ཨེ་ཏོའེ། ཏ་ལི་སྦའན། པེཤི་ལྦར། ཨཕ་ག་ནི་ས་ཐན། གའ་ཛ་ལུང་ཤོང། ཤེག་ཡུ་སུཕ་ཁ་ར་རྡ་ལྦི། ཨབ་རྡུ་ལའ། ཨལ་ཨ་སའརྡ། སྦྲགས་པེ་ལེསི་ཀྲིན། མའ་མུརྡ་ཨ་སྦ་སེ།ཨིསི་མེལ་ཧ་ནི་ཡའི།
    ཞེས་བྲིས་འདུག་པ་འདི་ཚོ་ནི་གྲྭ་སར་སེར་འབྲས་དགེ་གསུམ་གྱི་མཁས་དབང་རྣམས་ཀྱིས་ཀློག་མི་ཤེས་པའི་བོད་ཡིག་འབྲི་མཁན་འདི་ཚོ་ནི་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་མཁན་གྱི་ཤན་པ་ལག་དམར་བ་མ་རེད་དམ། ཁྱེད་རྣམ་པ་གཉིས་ཀྱིས་ཅིག་གསུངས་རོགས།

    Reply
  9. དུག་མདུང་རྩེ་དགུ། says:
    ལོ་ 16 སྔོན།

    ཅོ་རི་ཉི་མས་དཔྱོད་པའི་ཡུལ་ལས་འདས་ཤིང་།།
    རྒྱལ་རོང་ཐང་གི་ཀླད་པར་ནག་འཐོམ་བཟོ་བའི།།
    པིར་མིང་གཉན་པོ་འདི་ཡི་རྒྱབ་ལྗོངས་ཤིག་ན།།
    འཇིགས་རུང་དམྱལ་ཁམས་ཤིག་གི་ཁ་ཟུར་སྦས་ཡོད།།

    སྐྱབས་བཅོལ་ཡུལ་ན་འཚོ་བའི་རིག་པའི་བུ་ཆུང་།།
    བོད་དུ་ཕྱིན་ན་ཁྲི་མུན་དོང་དུ་ལྷུང་བས།།
    པིར་མིང་ཡོལ་བའི་རྒྱབ་ནས་རང་གི་མངོན་འདོད།།
    ཇི་བཞིན་ཤོད་པར་ཞེ་སྡང་དེ་འདྲ་ལངས་ངམ།།

    པིར་མིང་སྤྱད་ནས་སྥྱི་ཚོགས་གང་ཞིག་དཀྲུགས་སོང་།།
    དངོས་མིང་བྲིས་ནས་དཔའ་རྟགས་ཅི་ཞིག་བསྟན་སོང་།།
    ཁྱེད་ཀྱིས་དངོས་མིང་བྲིས་པས་ང་ལ་ཅི་ཕན།།
    ང་ཡིས་སྙུག་མིང་སྤྱད་པས་ཁྱེད་ལ་ཅི་ཉེས།།

    ཅོ་རི་ཉི་མ་དངོས་མིང་སླད་མེད་མ་རེད།།
    ཁྱི་ཕྲུག་མིང་འདི་སྙན་པོའི་གཏམ་ཞིག་མ་རེད།།
    གཞན་སྐྱོན་མཐོང་བའི་ཁྲ་གསལ་མེ་ལོང་གོར་མོ།།
    སྐབས་རེར་རང་ལ་སྐོར་དང་ལྟད་མོ་མཐོང་ཡོང་།།
    རྒྱལ་རོང་ཐང་ཀྱང་སུ་ཡི་དངོས་མིང་མ་རེད།།
    གྲྭ་བ་གྲྭ་ལོག་ཁྱེད་ཀྱི་ཁ་གཏད་མ་རེད།།
    པིར་གྱི་མིང་འདི་ཁྱེད་ཀྱི་རྡོག་ཕྲེས་མ་རེད།།
    ཉི་ཤར་སྤར་མོས་འགོག་པའི་སྟོང་སེམས་མ་འཆང་།།

    དོན་མེད་ཞེ་སྡང་ཚ་བའི་གཅེས་ཕྲུག་ལོ་ལོ།།
    སྙུག་རྩལ་ཡོད་ན་ནག་པོ་རྒྱ་ལ་གཏོད་ཅིག །།
    དངོས་མིང་བཏགས་མིང་འོག་ན་རྩོད་རྒྱུ་ཞིག་མེད།།
    ཉི་མ་སྟོང་ཟད་མ་གཏོང་ཨ་མའི་བུ་རྒོད།།

    དུག་མདུང་རྩེ་དགུའི་གདམས་པའི་སྙིང་གི་བསླབ་བྱ།།
    ཅོ་རྒྱལ་ཟུང་གིས་སྤྱི་བོའི་རྒྱན་དུ་ལོངས་དང།།
    ནམ་ཞིག་གཉིད་ལས་སད་པའི་དུས་ཤིག་འཆར་བར།།
    ཐེ ་ཚོམ་མེད་དོ་སྙིང་གི་སྐལ་ལྡན་སློབ་བུ།།

    Reply
  10. དབྱངས་བུ། says:
    ལོ་ 16 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས།

    ཐོག་མར་གུས་པས་ཁྱེད་ལ་མཚམས་འདྲི་ཞུ་འདོད་བྱུང་ཀྱང།་་་ཁྱེད་ཀྱིས་ཉན་ཤེས་ཨེ་ཡོང་བསམ་པའི་དོགས་སྣང་གིས་ཕྱིར་འཐེན་བྱ་དགོས་བྱུང།གང་ཡིན་ཟེར་ན་དེང་སྐབས་སྤྱི་ཚོགས་ཀྱི་ནང་།་་ཕར་སེམས་བཟང་གི་ལམ་སྟོན་བྱས་ཀྱང་།་་ཚུར་ཁོང་ཁྲོའི་རྣམ་འགྱུར་སྟོན་མཁན་མང་བས་རེད།ད་ལན་གུས་པས་དུས་ཚོད་ལ་བསྟུན་ནས་དོན་ཚན་རེ་གཉིས་མགྱོགས་མྱུར་ངང་ཞུ་འདོད་བྱུང་བས་ཐུགས་སྣང་ཡོང་བའི་རེ་བ་ཡོད།

    དོན་ཚན་དང་པོ།་་་་ཁྱེད་ཀྱིས་གུས་པའི་མིང་ཐོག་ལ་མཆན་བུ་གནང་བའི་ནང་༼རང་གིས་རང་ལ་མིང་ལྷག་བཏགས་ནས་ད་དུང་ཡིན་མདོག་ཁ་པོ་དང་སྨྱུག་མིང་ལ་དགོས་པ་རྒྱུ་མཚན་ཡོད་མདོག་མ་བྱས་ལྭོ།༽ཞེས་གསལ་འདུག་་་༼མིང་ལྷག༽་་་ཟེར་བའི་གོ་དོན་གང་ཡིན་ནམ།་༼སྨྱུག་མིང་༽བཟོ་བར་དགོས་པ་རྒྱུ་མཚན་མེད་པ་རེད་དམ།་་ཡང་ན་རྒྱུ་མཚན་གང་ཡིན་ཁྱེད་ཀྱིས་མི་མཁྱེན་ནམ།ཁྱེད་ཀྱི་དངོས་མིང་ལ་ཅོ་རི་ཉི་མ་ཟེར་རམ།་གོང་གི་ཚིག་སྒྲུབ་ཀྱི་འཇུག་དེ་ལ་ཁྱེད་ཀྱིས་་་་་༼ལྭོ།༽་་་ཟེར་བའི་ཚིག་བྲིས་འདུག་ཀྱང།་་་ཁྱེད་ཀྱིས་ཚིག་དེའི་འབྱུང་ཁུངས་གང་ཡིན་གསལ་པོ་མཁྱེན་གྱི་ཡོད་དམ།་་་མདོར་ན་གཞན་ལ་ལན་འདེབས་མ་གནང་བའི་སྔོན་ལ་རང་གིས་ཞིབ་འཇུག་གང་ཡོང་བྱ་དགོས།་་་དེ་མིན་རང་ཚང་ཁྲོམ་བསྒྲགས་བྱ་རྒྱུ་ལས་གཞན་མེད་པ་དེ་ཡང་མཁྱེན་དགོས།་་་་ཁ་དཔེར།་་གཞན་ལ་བལྟ་བའི་མིག་ཡོད་ཀྱང།།་་རང་ཉིད་བལྟ་བར་མེ་ལོང་དགོས།།་་ཟེར་བ་བཞིན།་་་ད་ལན་ངའི་ལན་འདེབས་དེ་ནི་ཁྱེད་ཀྱི་མེ་ལོང་ཆགས་ངེས་པས་དེ་ངེས་པར་དུ་གཟིགས་ཞིབ་གནང་རོགས།་་་དེའི་ནང་ཁྱེད་ཀྱི་ནག་ཐིག་ཡོངས་རྫོགས་གསལ་པོ་འཆར་ངེས།།

    དོན་ཚན་གཉིས་པ།་་་་ཡང་ཁྱེད་ཀྱི་མཆན་བུའི་ནང་དེ་ལྟར་༼མིང་ལྷག་བཏགས་དགོས་དོན་མར་རབ་དང་གཡོ་རྒྱུ་བྱེད་ཀྱི་ཆེད་དུ་རང་གཟིགས་གཞན་ལ་སྟོན་མི་འདོད་པས་རེད་དོ།༽དེ་ལྟར་གསལ་འདུག་ཀྱང།་་་གུས་པས་ཁྱེད་ཀྱི་ཚིག་སྒྲུབ་ཀྱི་གོ་བ་ལེགས་པོ་ཞིག་རྙེད་མ་སོང།་་་ཁྱེད་ཀྱིས་བྲིས་པའི་བརྗོད་དོན་དེས་ཁྱེད་ཀྱི་བརྡ་སྤྲོད་དང་དག་ཡིག་གི་གནས་ཚད་གང་ཡོད་ཁྲོམ་བསྒྲགས་བྱས་པ་མ་རེད་དམ།་་་གོང་གི་ཚིག་སྒྲུབ་ནང་གི་་་་་༼མར་རབ༽་་་་ཟེར་བའི་དོན་གང་ཡིན་ནམ།་་་་༼གཡོ་རྒྱུ་༽་་་་་་ཟེར་བའི་དོན་གང་ཡིན་ནམ།་་་་་་ཁྱེད་ཀྱིས་གོང་གི་ཚིག་གཉིས་པོ་དག་ཡིག་གམ་ཚིག་མཛོད་ནང་ལེགས་པར་གཟིགས་དང།་་་ཁྱེད་ཀྱིས་དག་ནོར་བྲིས་པ་གསལ་སྟོན་ཐུབ་ངེས།

    དོན་ཚན་གསུམ་པ།་་་་་་ཁྱེད་ཀྱི་མཆན་བུའི་ནང་༼ཡིག་ནོར་དང་དག་ནོར་ཟེར་ཁུལ་བྱས་མཁན་དུས་བབ་དྲ་ཐོག་ཏུ་ཁ་བདེ་པོ་འགའ་རེ་ཡོད་ཀྱང་དོན་དངོས་སུ་ཡིག་ནོར་བྲིས་པའི་མ་ཚད་ཀ་འཇུག་དང་ཡ་ཡང་འཇུག་ཨ་དང་ཕ་གཉིས་མིང་གཞི་མཉམ་འཇོག་བྱས་ནས་བྲིས་དུས་ཁྱེད་དབྱངས་བུ་ག་ན་སོང་ངམ།༽ཞེས་གསལ་པར།་་་ཁྱེད་ཀྱིས་སླར་ཡང་ལེགས་པར་གཟིགས་དང།་་ཁྱེད་ཀྱིས་བྲིས་པའི་བརྗོད་པ་དེའི་ནང་ཡིག་ནོར་དག་ནོར་ག་ཚོད་མི་འདུག་གམ།་དཔེར་ན།༼ཡིག་ནོར་དང་དག་ནོར་ཟེར་ཁུལ་བྱས་མཁན༽་་ཞེས་གསལ་ཀྱང་།་་༼བྱེད་མཁན་༽ཞེས་པ་ལས་༼བྱས་མཁན་༽ཞེས་འབྲི་རྒྱུ་ཨེ་ཡོད་དམ།་་་་ཡང་ཁྱེད་ཀྱི་མཆན་བུའི་ནང་༼དོན་དངོས་སུ་ཡིག་ནོར་བྲིས་པའི་མ་ཚད་ཀ་འཇུག་དང་ཡ་ཡང་འཇུག་ཨ་དང་ཕ་གཉིས་མིང་གཞི་མཉམ་འཇོག་བྱས་ནས་བྲིས་༽དེ་ལྟར་གསལ་འདུག་ཀྱང།་་་ཁྱེད་ཀྱི་བརྗོད་དོན་གཙོ་བོ་གང་ཡིན་ངས་ཧ་གོ་མ་སོང།་་་་བརྡ་སྤྲོད་ལ་སྦྱང་བའི་དགོས་པ་ནི་རང་ཉིད་ཀྱིས་གང་ཞིགབརྗོད་འདོད་པའི་དོན་དེ་ཡིག་ངག་གང་རུང་ནས་གཞན་ཕ་རོལ་པོས་གོ་བ་ལོན་ཐུབ་པ་ཞིག་དགོས་པ་ཁྱེད་ཀྱིས་མཁྱེན་ངེས་ན།་་་ཕྱིས་སུ་དོ་སྣང་གནང་དགོས།

    ཐུགས་རྗེ་ཆེ།།་

    Reply
  11. བཀྲ་ཤིས་སྒྲོལ་མ། says:
    ལོ་ 16 སྔོན།

    དབྱངས་ཅན་ལགས།ཁྱོད་ཕལ་ཆེར་ལེགས་བཤད་ལེན་ཤེས་མཁན་ཞིག་ཡིན་ས་རེད། ཧཧཧཧཧཧ ངས་ལམ་སྟོན་ཕན་སོང་ངམ། ད་རུང་ཟ་འཁྲུག་ལངས་ཀི་ཡོད་ནི་མ་ར་་་་་་་་་་་་་་་་ཤིག་སྨན་ཉོས།

    Reply
  12. དབྱངས་བུ། says:
    ལོ་ 16 སྔོན།

    དྲ་གྲོགས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།་

    ཁྱེད་ཀྱི་མཆན་བུའི་ནང་དོན་ལ་རྒྱབ་སྐྱོར་ཡོད་ལ།་ལྷག་པར་དོན་ཚན་གཉིས་པ་དེ་དངོས་གནང་ཡག་པོ་བྲིས་འདུག་་་གང་ཡིན་ཟེར་ན།་་དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་རང་ཉིད་ཀྱིས་ཅི་ཞིག་ཤེས་ཀྱང་ཤེས་ངོམས་བྱེད་པ་ལས་གཞན་མི་ཤེས་མཁན་ལ་ལམ་སྟོན་བྱེད་མཁན་ཧ་ཅང་ཉུང་ཉུང་ཆགས་ཡོད།་་ཟིན་བྲིས་མང་པོ་ཞིག་གི་ནང་ལ་གཞན་སྐྱོན་སྲུང་བ་ལས་གཞན་གྱི་ལེགས་བྱ་ལེན་ཐུབ་མཁན་ཧ་ཅང་ཉུང་བར་སེམས།་་་

    ཐུགས་རྗེ་ཆེ།

    Reply
  13. གངས་ཅན་གྱི་བུ་ཆུང་། says:
    ལོ་ 16 སྔོན།

    དྲ་གྲོགས་རྣམས་ཕན་ཚུལ་སྐྱོན་བརྗོད་དང་དོན་མེད་གཏམ་གླེང་མེད་པའི་སྟེང་ནས་བོད་ཆོལ་གསུམ་གྱི་སྐྱིད་སྡུག་དང་མ་འོངས་པའི་མདུན་ལམ་སྐོར་གྲོས་མོལ་གནང་བར་ཕྲན་གྱིས་རེ་སྨོན་དང་འབོད་བསྐུར་ཡོད།

    Reply
  14. བཀྲ་ཤིས་སྒྲོལ་མ། says:
    ལོ་ 16 སྔོན།

    ཁོ་མོ་ལ་ཉིད་ཀྱི་རྩོམ་ཡིག་འདི་མཐོང་མ་ཐག་ནས་དེ་ལ་དགག་ཕྱོགས་ནས་བསམ་ཚུལ་ཞིག་འབྲི་འདུན་ཤར་བྱུང་། དེའི་སྟབས་ཀྱིས་༼ཟིན་བྲིས་སྡེ་བར་ཕུལ་བའི་བསམ་ཚུལ་ལ་བལྟས་རྗེས་༽ཞེས་པ་ཞིག་བྲིས་ཏེ་དུས་བབ་ཚང་ལ་བསྐུར་ཡོད། དེ་ལ་གཟིགས་རོགས། འདིར་དམིགས་བསལ་གྱིས་བསམ་ཚུལ་འགོད་རྒྱུ་མིན།

    Reply
  15. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཀ་རྗེས་འཇུག་དང་ཡ་ཡང་འཇུག་ཞེས་བཅོས་པ་ཡིན།

    Reply
  16. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དྲ་གྲོགས་དབྱངས་བུ་ལགས།
    རང་གིས་རང་ལ་མིང་ལྷག་བཏགས་ནས་ད་དུང་ཡིན་མདོག་ཁ་པོ་དང་སྨྱུག་མིང་ལ་དགོས་པ་རྒྱུ་མཚན་ཡོད་མདོག་མ་བྱས་ལྭོ།
    ཁྱེད་དང་འདྲ་བའི་ཁྱི་ཕྲུག་ཚོས་རང་གིས་རང་ལ་མིང་ལྷག་བཏགས་དགོས་དོན་མར་རབ་དང་གཡོ་རྒྱུ་བྱེད་ཀྱི་ཆེད་དུ་རང་གཟིགས་གཞན་ལ་སྟོན་མི་འདོད་པས་རེད་དོ།

    ཡིག་ནོར་དང་དག་ནོར་ཟེར་ཁུལ་བྱས་མཁན་དུས་བབ་དྲ་ཐོག་ཏུ་ཁ་བདེ་པོ་འགའ་རེ་ཡོད་ཀྱང་དོན་དངོས་སུ་ཡིག་ནོར་བྲིས་པའི་མ་ཚད་ཀ་འཇུག་དང་ཡ་ཡང་འཇུག་ཨ་དང་ཕ་གཉིས་མིང་གཞི་མཉམ་འཇོག་བྱས་ནས་བྲིས་དུས་ཁྱེད་དབྱངས་བུ་ག་ན་སོང་ངམ།
    ཁྱེད་གླེང་མོ་བྱེད་འདོད་ན་རང་གི་དངོས་མིང་ཐོག་ནས་ཕེབས་ཤོག
    དེ་ལས་མིང་ལྷག་འོག་ནས་གླུ་ལེན་ཁུལ་བྱས་ཀྱང་ང་ཚོ་ལྟས་མོ་བ་ལ་མི་སྙན་ཁུ།

    Reply
  17. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    འདི་རུ་ཟིན་བྲིས་ཀྱི་སྐོར་ནས་བཤད་འདུག དེ་ལ་བསམ་ཚུལ་འགའ་ཁ་སྣོན་རྒྱག་གི་ཡིན།
    དང་པོ།
    ངེད་རང་སྒེར་གྱི་བསམ་ཚུལ་ལ། ཟིན་བྲིས་སྤེལ་མཁན་དེ་གྲ་བ་ཡིན་ན་འདྲ། གྲ་ལོག་ཡིན་ན་འདྲ། མི་སྐྱ་ཡིན་ན་འདྲ། དེ་ལ་ཁྱད་པར་མི་མཐོང་། ཚང་མ་བོད་མི་རེད།
    བོད་རིགས་རྩོམ་འབྲི་བ་རེད། ཚང་མས་བོད་ཡིག་གི་ལམ་ནས་རང་གི་བསམ་ཚུལ་སྤེལ་བཞིན་ཡོད་པས་དེ་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།

    གཉིས་པ།
    དག་ཆའི་སྐོར་ལ་ཡང་། ལས་དང་པོ་བ་ཚོ་དག་ཆ་སྐྱོ་ཙམ་རེད། སུམ་རྟགས་དག་གསུམ་གྱི་རྨང་གཞི་ཡོད་མཁན་ཚོ་དག་ཆ་ཡག་ཙམ་རེད།
    སྔ་མ་དེ་ག་ལེར་ཡར་རྒྱས་འགྲོ་གི་རེད། ཕྱི་མ་དེས་སྔ་མ་དེར་ལམ་སྟོན་དང་གཞོགས་འདེགས་བྱེད་དགོས་རེད། དེ་གནད་འགག་རེད། གཞན་དག་ཆ་ཡོད་མེད་དེ་སྨད་བྱར་འཛིན་མི་རུང་།
    གསུམ།
    བསམ་ཚུལ་སྤེལ་སྟངས་ཀྱི་སྐོར་ལ། ཟིན་བྲིས་བ་ཚོས་བསམ་ཚུལ་ཅི་འདྲ་ཞིག་སྤེལ་ཡང་རུང་། བརྗོད་བྱ་དེའི་སྐོར་ལ་ཞིབ་འཇུག་ཅུང་ཙམ་བྱས། དེའི་སྐོར་གྱི་གནས་ཚུལ་དེ་ཚོ་བསྒྲིགས། དེའི་སྐོར་གྱི་གནས་སྟངས་ལ་བསམ་བློ་བཏང་། དེ་ནས། ཟིན་བྲིས་གོ་བདེ་བོ་དང་ཚིག་ཉུང་དོན་འདུས་ཤིག་སྤེལ་ཐུབ་ན་། དེ་ལ་དགེ་མཚན་ཆེ་བར་མཐོང་།
    གང་ལྟར། བསམ་ཚུལ་སྤེལ་དུས་། དེའི་ཐོག་ལ་དུས་ཚོད་དང་བསམ་བློའི་འགྲོ་སོང་མི་དམན་པ་ཞིག་གཏོང་དགོས་སྙམ། དེ་ལྟར་བྱེད་ཐུབ་ན། ག་ལེར་ག་ལེར་བོད་ཡིག་འབྲི་མཁན་ཚོས་གཞན་ལ་བག་ཆགས་འཇོག་ཐུབ་ཀྱི་རེད་འདོད། དེ་ཙམ་ཡིན།

    Reply
  18. དབྱངས་བུ། says:
    ལོ་ 16 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས།

    མཆན་བུ་འགོད་སྐབས་ངེས་པར་དུ་ཐུགས་བསམ་ཡག་པོ་བཞེས་དགོས།་་དྲ་ཐོག་གི་ཁྱི་ཕྲུག་ཚོ་ཟེར་བ་སུ་དང་སུ་ལ་གོ་དགོས་སམ།་་ཁྱེད་དང་ཁྱེད་འདྲ་བའི་ཁྱི་ཕྲུག་མང་པོ་ཡོད་དམ།་་དྲ་ཐོག་ལ་དངོས་མིང་མེད་པར་སྨྱུག་མིང་བེད་སྤྱད་པར་དགོས་པ་རྒྱུ་མཚན་མང་པོ་ཡོད་ངེས།་་དེ་ལྟར་མིན་ན་སྨྱུག་མིང་བཟོ་དགོས་པའི་རྒྱུ་མཙན་ཅི་ཡོད་དམ།་་་མང་པོ་ཞུ་མི་དགོས་པར་གུས་པས་རྩོམ་པ་པོ་རོང་རྒྱལ་ཐང་ལགས་ཀྱི་མཚན་ཐོག་ལ་མཆན་བུ་ཞིག་ཕུལ་ཡོད་པ་དེར་གཟིགས་ཞིབ་གནང་རོགས།

    ཐུགས་རྗེ་ཆེ།།་

    Reply
  19. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བདེན་བདེན་མི་ལ་དངོས་མིང་དགོས་པ་དེ། ཡིན་ནའང་ཁྱེད་རང་ལ་དངོས་མིང་མེད་པར་བཏགས་མིང་རོང་རྒྱལ་ཐང་ཟེར་བ་ཞིག་གི་འོག་ཏུ་གང་བྱུང་མ་བྱུང་མ་བཤད།
    དུས་བབ་དྲ་ཐོག་གི་ཁྱི་ཕྲུག་ཚོས་རང་གི་དངོས་མིང་སྟོན་མི་ནུས་པ་རེད། སྟོན་ན་རང་ཉིད་ཁྱི་ཞིག་ཡིན་པ་ཧ་གོ་དུས་སྨྱུག་མིང་སེང་གེ་དང་གླང་ཆེན་སོགས་སྟོབས་ཆེན་ཚོའི་མིང་དེ་རང་ལ་བཏགས་ཁུལ་བྱས་ནས་དུས་བབ་དྲ་ཐོག་ཏུ་གོ་རྒྱུ་མེད་པའི་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་བཤད་ཀྱིན་ཡོད་རེད།
    རང་གི་དངོས་མིང་མི་སྟོན་པའི་རྒྱུ་མཚན་གཙོ་བོ་ནི་སོ་སོས་བཤད་པའི་སྐད་ཆ་དེ་བདག་པོ་རྒྱག་མི་དགོས་པ་གང་བྱུང་བཤད་ཐུབ་པ་དེ་རེད།
    མིང་ལྷག་འོག་གི་མི་མང་ཆེ་བ་སྤྱི་ཚོགས་ནང་དུ་དཀྲུག་ཤིང་རྒྱག་མཁན་རྐྱང་རྐྱང་རེད།

    Reply
  20. དབྱངས་བུ། says:
    ལོ་ 16 སྔོན།

    དྲ་གྲོགས་རོང་རྒྱལ་ཐང་ལགས།

    སྐུ་ཉིད་ཀྱི་རྩོམ་ཡིག་ནང་སྔ་ཕྱི་འགལ་བའི་སྐྱོན་ནམ་ནང་འགལ་ཁ་ཤས་ཤོར་འདུག་པ་རྣམས་གཤམ་གསལ།

    དང་པོ།་་ཉིད་ཀྱི་རྩོམ་ཡིག་དོན་ཚན་དང་པོའི་ནང་༼རང་ཉིད་ཀྱི་དངོས་མིང་གསལ་འདོན་ཐུབ་ཀྱི་མེད་པ་འདིས། ཅི་ཞིག་བཤད་ཀྱི་ཡོད་དམ་ཞེ་ན། ཟིན་བྲིས་དྲ་འགོད་པ་ཞིག་ལ་དགོས་པའི་ཤེས་ཚད་མེད་བཞིན། ཡོད་དང་ཡིན་ཁུལ་གྱིས་སྨྱུག་གུ་སྒུལ་རྒྱུར་དགའ་མཁན་ཚོའི་ལས་ཀ་སྟེ། རུལ་སུངས་ཀྱི་དྲི་མ་མུན་པར་འདྲེས་པའི་བསམ་བློ་ཞིག་གི་རྒྱབ་ལྗོངས་མཐོང་ཐུབ་པས་ཡིན།༽དེ་ལྟར་གསལ་འདུག་མོད།་་་སྐུ་ཉིད་ཀྱི་མཚན་དངོས་ལ་རོང་རྒྱལ་ཐང་ཟེར་རམ།་་རོང་རྒྱལ་ཐང་ཁྱེད་ཀྱི་མཚན་དངོས་རེད་དམ།་་གལ་ཏེ་མ་ཡིན་ན།་་གཞན་ལ་བལྟ་བའི་མིག་ཡོད་ཀྱང།།་རང་ཉིད་བལྟ་བར་མེ་ལོང་དགོས།།་ཟེར་བ་དང་གཅིག་མཚུངས་མ་ཡིན་ནམ།

    གཉིས་པ།་་་ཉིད་ཀྱི་དོན་ཚན་གཉིས་པའི་ནང་ཟིན་བྲིས་པའི་རྩོམ་ཡིག་ནང་ཡིག་ནོར་མང་ཚུལ་སོགས་བཤད་འདུག་མོད།་ཁྱེད་ཀྱི་རྩོམ་ཡིག་སྤྱི་དང་ལྷག་པར་དོན་ཚན་གཉིས་པ་དེ་རང་གི་ནང་ཕྲད་དང་ཡི་གེ་ཆད་ལྷག་མི་ཉུང་བ་འདུག་པ་དཔེར་ན།་་༼བོད་ཀྱི་གྲྭ་བ་ཟེར་བ་དེ་ཚོར་བོད་རིག་གནས་ཀྱི་རྨང་གཞིའི་ཤེས་བྱ་གཉོམ་ལ།༽གོང་གི་ཚིག་སྒྲུབ་ནང་་་བོད་རིག་གནས་་་་གསལ་ཡང།་དོན་དུ་བོད་ཀྱི་རིག་གནས་་ཞེས་ཕྲད་ཀྱི་ཆད་པ་དང།་་་་ཡང་དོན་ཚན་གཉིས་པ་དེ་རང་ནང་༼ངས་དུས་བབ་དྲ་ངོས་ཀྱི་ཟིན་བྲིས་པ་ཡོད་ཚད་བརྒྱ་བོ་གྲྭ་བའི་རྣམ་ཤེས་ཅན་ཞེ་གཅིག་རེད་བཅས་བཤད་ཀྱི་མེད་ལ།༽ཞེས་གསལ་དེའི་ནང་གི་༌༌༌༌༌བརྒྱ་བོ་གྲྭ་པ་༌༌༌༌ཟེར་བ་གང་ལ་གོ་དགོས་སམ།་ཁྱེད་ཀྱི་ཕ་ཡུལ་གྱི་སྐད་རེད་དམ་ཡང་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་དང་མཐུན་པ་ཞིག་རེད།་

    གསུམ་པ།་ཁྱེད་ཀྱི་རྩོམ་ཡིག་གི་དོན་ཚན་གསུམ་པའི་ནང་༼ཟིན་བྲིས་པ་མང་པོས་མཚམས་རེར་ཟིན་བྲིས་ས་ཆར་སྙན་ངག་འབྲི་ཡི་འདུག་པ་ནི་ཡག་པོ་མ་རེད། ༽་ཅེས་ཚིག་ཐག་ཆོད་པོས་བྲིས་འདུག་མོད།་་ཁྱེད་ཀྱི་ཟིན་བྲིས་ཟེར་བ་ཅི་ཞིག་ཡིན་པ་དང།་ཟིན་བྲིས་ནང་ཅི་དགོས་འབྲི་དགོས་པ་མཁྱེན་ནམ།་་དབྱིན་སྐད་ཐོག་ཤོད་སྲོལ་གཅིག་ཡོད་པ་དེ་ལྟར།་སྐད་ཆ་མ་བཤད་སྔོན་ལ་བསམ་བློ་གཏོང་དགོས་ཟེར།་་ཉིད་ཀྱིས་རྩོམ་ཡིག་མ་བྲིས་སྔོན་ལ་ངེས་པར་ཐུགས་བསམ་བཞེས་དགོས།།

    དེ་རིང་དུས་ཚོད་ཀྱིས་རྐྱེན་པས་དེ་ཙམ་ཡིན།།་

    རྗེས་སུ་མུ་མཐུད་ཉིད་ཀྱི་རྣམ་འགྱུར་ལ་གཞིགས་ནས་འབྲི་ཆོག་པ་ཞུ།

    ཐུགས་རྗེ་ཆེ།།

    Reply
  21. གཞིས་ཆགས་བུ། says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply
  22. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཕྱོགས་ཞེན་མི་དགོས། ཆོལ་ཁ་ཆོས་ལུགས་ཀྱི་རྩོད་པ་མི་དགོས། ངས་ཤེས་ངས་འཇོན་ཟེར་མཁན་ལས་དམིགས་དཔེ་འཇོག་མཁན་ཚོ་དངོས་ནས་བོད་པ་ཚང་ལ་དགོས་ཀྱི་ཡོད། དེ་ང་རང་གི་འདོད་པ་ཡིན།

    Reply
  23. ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    དྲ་བའི་རིག་གནས་མ་བྱུང་བའི་སྔོན་ལ་བོད་ཡིག་ནི་ལོ་ངོ་ཉི་ཤུའི་སྦྱངས་བ་སྔོན་ལ་སོང་བའི་བོད་པ་འགས་ཟ་མ་ཟ་བྱེད་རེད། ཁ་སང་དེ་རིང་དྲ་བའི་རིག་གནས་དར་ཏེ་བོད་མི་ཚང་མས་རང་གི་སེམས་གཏམ་བཤད་བྱེད་རེད། འདི་གཉིས་ལ་སྤུས་དག་མིན་གྱི་ཁྱར་པར་ཡོད་ནའང་བོད་ཡིག་བེད་སྤྱོད་ཐུབ་མ་ཐུབ་ཀྱི་ཁྱད་པར་ཡོད་པ་རེད་ལ་ཡི་གེ་ལ་བེད་སྤྱོད་ཀྱི་ནུས་བ་ལྡན་དགོས་བ་རེད།

    Reply
  24. རྭ་ལོ། says:
    ལོ་ 16 སྔོན།

    འོ་ཡ། བོད་ལ་ཆོལ་ཁའི་ཕྱོགས་ཞེན་ཡོད། ཆོས་ལུགས་ཀྱི་ཕྱོགས་ཞེན་ཡོད། ད་ནི་སྐྱ་སེར་རྩོམ་པ་པོ་ཚོ་དང་གྲྭ་ཟུར་དང་སྐྱ་བོ་རྩོམ་པ་པོ་ཚོའི་ཕྱོགས་རིས་ཀྱི་ས་བོན་ཞིག་ཚུགས་ཀྱིན་ཡོད་པ་འདྲ།

    རྗེས་མ་ཞིག་ལ་བོད་ཡིག་ཀློག་མཁན་ཚོའི་བར་ལའང་ཕྱོགས་རིས་འབྱུང་གི་རེད།

    Reply
  25. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    གྲོགས་པོ་ལགས། ཕྲན་ཟིན་་བྲིས་ཀྱི་ས་མིག་འཕྲོ་བརླག་ཏུ་གཏོང་ཡིན་པས་དགོངས་སེལ་ཞུ་འདོད་བྱུང་། འོན་ཀྱང་ཁྱེད་ཀྱི་སྐད་དེ་ཚོ་ཚང་མ་ལ་ཡིད་ཆེས་མེད་ལ་ཡོད་པ་ཞིག་ཀྱང་མ་རེད། བོད་ལ་གྲྭ་ལོག་དང་གྲྭ་བ་ལས་ཕལ་ཆེར་རྩོམ་འབྲི་མཁན་ཉུང་བ་དངོས་ཡོད་ཀྱི་གནས་ཚུལ་རེད། འདི་ལ་ཟུར་ཟ་བྱས་ན་་་་་་་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese