མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སར་ཁ་བ་བབ་སོང་།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པ་རྒྱ་གར་བྱང་ཕྱོགས་བཞུགས་སྒར་ངྷ་རམ་ས་ལའི་རི་སྒང་ཧྲིལ་བོ་ཁ་བས་གཡོགས་འདུག་ཅིང་། དེ་ནི་ཉིན་གསུམ་ལ་གནམ་གཤིས་རུབ་ཅིང་ཆར་བ་ཆུང་ངུ་བསྟུད་མུར་བབས་ཏེ་གནམ་གཤིས་ཇེ་འཁྱག་ཏུ་ཕྱིན་ཡོད་སྟབས། མདང་ནུབ་མཚན་གང་བོར་ཁ་ཆར་འདྲེས་མ་བབས་པས། དེ་རིང་ཞོགས་པ་ཁ་བས་མཐུག་ཚད་ལ་སོར་བཞི་ཙམ་ཆགས་འདུག མེག་ལོར་སྦག་སུ་ལམ་ཁ་དང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མཐའ་འཁོར། དེ་བཞིན་ཕྱི་སྐོར་ལམ་ཁ་བཅས་སུ་མི་ཚང་མའི་གདོང་ལ་འཛུམ་གྱིས་ཁེངས་ཏེ་ཁ་བས་གཞུ་རེས་བྱས་ཏེ་རྩེད་མོ་རྩེད་བཞིན་འདུག འོན་ཀྱང་། ད་དུང་མུ་མཐུད་དེ་འབྲུག་སྒྲ་འུར་འུར་དུ་གྲགས་ཤིང་། མཚམས་རེར་ཁངས་ཆར་དང་སེར་ཞག་འདྲེས་མ་ཤུགས་ཀྱིས་འབབ་ཀྱིན་འདུག་ལ། མཚམས་རེར་གྲང་རླུང་དང་བསྡོངས་ནས་སྤྲིན་གསེབ་ནས་ཉི་འོད་དུས་ཐུང་རེར་འཆར་ཡང་། དེ་ལ་དྲོད་ཁོལ་ཅུང་ཙམ་ཡང་མེད་པར་གནམ་གཤིས་ཧ་ཅང་གྲང་བར་བལྟས་ན། ད་དུང་གནམ་གཤིས་ཇེ་འཁྱག་ཏུ་ཕྱིན་ཏེ་ཁ་བ་མུ་མཐུད་འབབ་རྒྱུ་ཡིན་པའི་རྟགས་མཚན་མངོན་འདུག

 

བོད་ལྕགས་སྟག་ལོའི་ལོ་གསར་སླེབས་ལ་ཉེ་བའི་སྐབས་འདིར་གནམ་གཤིས་ཇེ་གྲང་དུ་ཕྱིན་ཅིང་། ཉིན་མཚན་མེད་པར་ཁ་ཆར་དང་སེར་ཞག་མཚམས་མ་ཆད་པར་བབ་པ་འདིས་མི་སུ་ལའང་སིན་སྣང་སྟེར་སྲིད་ནའང་། བཞུགས་སྒར་ཁུལ་གྱི་མང་ཚོགས་ཚོས་བཤད་པ་ལྟར་ན། ངྷ་རམ་ས་ལར་མཚོན་ན། འདི་ལྟར་ཁ་བ་ཆེན་པོ་བབས་པ་དེ་ཧ་ཅང་དགའ་འོས་པའི་དོན་བཟང་ཞིག་ཡིན། གང་ཡིན་ཟེར་ན། ཉིན་འདི་འགར་མེག་ལོ་གཡས་གཡོན་གྱི་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་སོགས་སུ་ཆུའི་དཀའ་ངལ་འཕྲད་ཀྱིན་ཡོད་པ་མ་ཟད། གངས་སྐྱིད་ཁུལ་དུའང་འཐུང་ཆུའི་དཀའ་ངལ་ཤུགས་ཆེན་འཕྲད་ཀྱིན་ཡོད་པ་རེད། ལ་ལས་ཆུ་ལ་རིན་གོང་མཐོན་པོ་སྤྲད་དེ་ཉོ་བཞིན་ཡོད་ལ། འགའ་རེ་ཡིས་རླངས་འཁོར་གླས་ཏེ་ས་ཐག་རིང་པོ་ནས་ཆུ་འོར་འདྲེན་བྱེད་ཀྱིན་ཡོད། ད་ལོའི་དགུན་ཁ་འབབ་ཞོད་མ་བྱས་པར་ངྷ་རམ་ས་ལའི་རྒྱབ་རི་རྡོ་ལ་རྡར་གྱི་རི་མགོར་གངས་མཐུག་པོ་ཆགས་མ་ཐུབ་པ་ཡིན་ན། སང་ལོའི་དབྱར་ཀ་འཐུང་ཆའི་དཀའ་ངལ་ཤུགས་ཆེན་འཕྲད་ངེས་ཡིན་སྟབས། གནམ་གཤིས་གྲང་མོ་ཆགས་མིན་ལ་མ་ལྟོས་པར་ཁ་བ་ཅི་ཙམ་བབ་པ་དེ་ཙམ་གྱིས་བཟང་བ་རེད་ཅེས་དགའ་སྣང་ཆེན་པོ་བྱེད་ཀྱིན་འདུག 

 

ངྷ་སའི་སྲང་བར་དག་ཏུ་ཁངས་ཆུ་བཞུར་ཞིང་། ལམ་ཁ་གཡས་གཡོན་དུ་གངས་རྩེག་བརྒྱབས་ཏེ། རླངས་འཁོར་སོགས་ཀྱི་འགྲིམ་མགྲུལ་ལ་དཀའ་ངལ་ཕྲན་བུ་རེ་འཕྲད་ཀྱིན་འདུག་ལ། གློག་དང་བརྙན་འཕྲིན། ཁ་པར་སོགས་ཀྱི་སྐུད་ལམ་ལའང་དཀའ་ངལ་མི་ཆུང་བ་རེ་འཕྲད་ཀྱིན་འདུག་ལ། གངས་སྐྱིད་ནས་མེག་གྷན་བར་གྱི་ལམ་ཁ་ཅུང་རྩུབ་ཅང་གྱེན་ཐུར་ངན་སྟབས། འགྲུལ་སྐྱེལ་རླངས་འཁོར་ཆུང་བའི་རིགས་ཡར་འགྲོ་རུ་འཇུག་གིན་ཡོད་ཀྱང་། མར་ཡོང་དུ་འཇུག་གི་མེད་པ་སོགས་ལ་བརྟེན། མི་དམངས་ཚོ་ཡར་མར་འགྲོ་སྐྱོད་བྱེད་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱིན་འདུག མེག་ལོ་རླངས་འཁོར་འབབ་ཚིགས་དང་དེ་མིན་གྱི་ལམ་ཁ་དག་ཏུའང་རྒྱ་གར་འགྲིམ་འགྲུལ་ལྟ་སྲུང་བ་མང་པོ་མངགས་གཏོང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་མང་ཚོགས་འགྲོ་སྐྱོད་ལ་ལྟ་རྟོག་བྱེད་ཀྱིན་འདུག་མོད། ད་དུང་མུ་མཐུད་ཁ་བ་བབ་པ་ཡིན་ན་ལམ་ཁ་འགག་ཅིང་འགྲིམ་འགྲུལ་དོན་རྐྱེན་འབྱུང་རྒྱུའི་ཉེན་ཁ་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 19

  1. karma dorje says:
    ལོ་ 15 སྔོན།

    རྡ་སའི་ཁ་བའི་སྒང་ལ་ལོ་གསར་ཚེས་གཅིག་ཤར་དུས།

    རྡ་སར་ལྷ་ཡི་ཁ་བ་དཀར་པོ་མར་མར་བབས་དུས། །
    རྡ་ས་བ་ཡི་ཕྱག་ལས་དཀར་པོ་ཡར་ཡར་རྒྱས་དུས། །
    ཁྱིམ་གྱི་བུག་ལ་ལོ་གསར་རྟེན་འབྲེལ་ཡང་ཡང་བྱེད་དུས། །
    ཁོག་པའི་ཕུག་ལ་གཞིས་བྱེས་སྤྱི་དོན་ཡང་ཡང་དྲན་དུས། །

    འདྲེ་དཀར་ཕྱག་གིས་འབྲས་དཀར་གཏོར་ཐལ་ཤོར་དུས། །

    ༼འདྲེ་ཞེས་ཚིག་ཙམ་གྱིས་མ་འདྲོགས་པར་འདྲེ་དཀར་ནི་ལྷའི་མིང་ཡིན་དགོས་སྙམ།༽

    Reply
  2. དུང་དཀར་རྒྱལ། says:
    ལོ་ 15 སྔོན།

    ཟིན་བྲིས་འདིར་ལྟོས་དང་མཆན་བུ་བདུན་ལས་མེད་ཀྱང་ཟིན་བྲིས་ཁྱབ་ཤོས་ནང་སླེབས་ཟིན་རེད། ངས་འདིར་བཅོས་བསྒྱུར་མེད་པ་ཟིན་བྲིས་མཆན་བུ་བཅས་པ་བཤུས་ཡོད།

    ངས་བདེན་པ་དང་དྲང་མོ་བྱེད་ཀྱིན་མི་འདུག་ཟེར་བ་ལས་གང་ཡང་མིན།
    བདེན་དོན་ལ་བསྙོན་ནུས་ན་ཁྱོད་ད་ཤོད་དང་ཡ

    ༼ས་མཐའི་ཁྱིམ་གཞིས།
    གཞས་མ་སྐལ་བཟང་མེ་ཏོག་གིས་བོད་སྐད་གོ་མ་མྱོང་བ་ཞིག་རྒྱག་གི་འདུག
    མིང་དུ་གྲགས་པའི་གཞས་མ་སྐལ་བཟང་མེ་ཏོག་གིས་བོད་སྐད་གོ་མ་མྱོང་བ་ཞིག་རྒྱག་གི་འདུག

    བོད་སྐད་དེ་ཡང་རྒྱ་རིགས་མདོ་འཛིན་པ་ཞིག་ལ་སློབ་ཀྱིན་འདུག མི་བདེན་གི་འདོད་ན་གཟིགས་རོགས།

    སྐལ་བཟང་མེ་ཏོག

    འདི་ནས་གཞན་ཁག་ཅིག་ལ་གཟིགས་ཐུབ།

    སེང་རྡོར་དྲ་བ་ནས་འདིར་འདྲེན་བཀོད་བྱས།

    འདི་ལྷོ་མཐར་ཡོད་པའི་ངའི་གྲོགས་པོ་སྐལ་བཟང་མེ་ཏོག་ཟེར་དུས་སྨྱོ་ལ་ཁད་ཅིག་ཡོད་པ་དེར་ཕུལ་བའི་ལོ་སར་གྱི་ལག་སྐྱེས་ཡིན། ཁོའི་མིང་ལ་སྐམ་པོ་ཟེར། སྐད་འདི་སུས་ན་གོ་ན་ཕན་ཚུན་ལ་བཤད་པར་བཀའ་དྲིན་ཆེ།

    འདོན་སྤེལ།: ༢༠༡༠/༠༢/༠༤
    རིག་པ་འདོན་པ།
    ཨ་རིག་དགེ་མཐོང་།
    ༢༠༡༠/༠༢/༠༥ ཉིན་འདོན་སྤེལ་བྱས། བོད་རང་བཙན། བོད་རང་བཙན་ཕྱོགས་ལ་རེ་བ་ཡོད་རྒྱུ་མ་རེད། འདིའི་ཡིག་ནོར་དང་བསམ་བློ་ལ་ལྟོས་དང་། བྱ་བཙོག་གི་ཡ། མ་གཞི་འདི་བོད་པ་ཨེ་ཡིན་ན་བསམ་གི དོགས་པའི་གནས་ཤིག བོད་པ་ཡིན་ན་འདི་ལ་ངོ་ཚ་ཟེར་བ་དེ་མེད་པ་འདྲ།
    ཤཱཀྱ་མི་བོ།
    ༢༠༡༠/༠༢/༠༥ ཉིན་འདོན་སྤེལ་བྱས། མོས་བཤད་ཁུ་ནི་རྒྱལ་མོ་ཚ་བ་རོང་གི་སྐད་ཡིན་ནི་འདྲ་ཟིག་རེད།
    ཚེར་མ།
    ༢༠༡༠/༠༢/༠༥ ཉིན་འདོན་སྤེལ་བྱས། རང་རེ་བས་དབུས་སྐད་ཟེར་ན་རྒྱའི་སྐད་ཀྱི་སྒྲ་གདངས་རྒྱུན་སྤྱོད་བྱེད་པོ་རྒྱ་མི་རྣམས་ཀྱིས་རང་གི་སྒྲ་གདངས་འདོན་གོམས་ཅན་དེ་ཨམ་སྐད་དུ་སྦྱར་བ་དེ་རེད། དེའི་རྐྱེན་གྱིས་ཨམ་སྐད་ཁམས་སྐད་རྒྱག་མཁན་ལྟ་བ་མཁྲིག་གཟུང་ཅན་ཡིན་པའི་རྒྱུ་མཚན་མེད། དབུས་སྐད་དོར་ནས་ཁམས་སྐད་གཅིག་གྱུར་གྱིས་རྒྱབ་ན་མ་འགྲིག་པ་ཅི་ཡང་མེད།
    བོད་རང་བཙན
    ༢༠༡༠/༠༢/༠༤ ཉིན་འདོན་སྤེལ་བྱས། ཨམ་སྐད་ལས་སྡུག་པའི་སྐད་ཞིག་ཡོན་ན་གཞས་མ་སྐལ་བཟང་མེ་ཏོག་གིས་བོད་སྐད་གོ་མ་མྱོང་བ་ཞིག་རྒྱག་གི་འདུག་གསུངས་པ་དེ་ཡིན་རྒྱུ་རེད། ཧཧཧཧ ཨ་རིགས་འགྱུར་མེད་ཀུ་རེ་ཡིན། བོད་པ་ཚང་མས་དབུས་སྐད་རྒྱབ་ན་ཡག་པོ་འདུག་དེ་རྒྱལ་རོང་སྐད་དང་ཨམ་སྐད་ཏའུ་སྐད་སོགས་བད་སྤྱེད་བྱསམམཁས་མཁན་ལྟ་བ་མཁྲིག་གཟུང་ཅན་མས་ད་བོད་པ་ཚང་མས་དབྱིན་སྐད་སློབ་ན་ག་འདྲ་འདུག།
    ཤིང་རྟ།
    ༢༠༡༠/༠༢/༠༤ ཉིན་འདོན་སྤེལ་བྱས། མཆོག་ཏུ་བཀུར་འོས་བོད་ཀྱི་དུས་བབ་གཙོ་སྐྱོང་པ་མཆོག་ལ་ཆེད་ཞུ། གུས་པ་ད་ལྟ་རང་དུས་བབ་དྲ་ངོས་སུ་ཞུགས་ཐུབ་ཙམ་བྱུང་བས་དགའ་ཚོར་དང་བཅས། ད་དུང་ཞུ་རྒྱུར་གུས་པར་ཟིན་བྲིན་ཞིག་སྒོ་ཕྱེ་འདོད་འདུག་ན་དེ་བཞིན་སྐྱབས་འཇུག་བཀའ་དྲིན་ཆེ་བ་ཞུ།
    སྤོབས་པ་མཐའ་ཡས།
    ༢༠༡༠/༠༢/༠༤ ཉིན་འདོན་སྤེལ་བྱས། ཉི་ཧོན་དུ་ཡོད་པའི་ཟླ་བ་སྒྲོལ་མ་ཟེར་བའི་སྐད་གྲགས་ཅན་དེ་ལ་མི་ཞིག་གིས་ཁྱེད་བོད་རིགས་ཡིན་སྟབས་བོད་གཞས་ཤིག་གཏོང་རོགས་ལབ་སོང་། མོས་བོད་གླུ་རེད་ཟེར་ནས་གཞས་འདྲ་ཞིག་བཏང་སོང་། དེ་བོད་སྐད་ཡིན་ཁུལ་བྱས་པ་མ་གཏོགས་ཚིག་འབྲུ་གཅིག་ཀྱང་མི་འདུག
    ཨ་རིག་དགེ་མཐོང་།
    ༢༠༡༠/༠༢/༠༤ ཉིན་འདོན་སྤེལ་བྱས། ཡོང་ཡོད། བདེན་གི་འདི་ཚོ་བྱ་བཙོག་གི ངའི་ཟིན་བྲིས་སུ་གཟིགས་རོགས།
    བོད། ཤ་ཁྲག་རུས་གསུམ།
    ༢༠༡༠/༠༢/༠༤ ཉིན་འདོན་སྤེལ་བྱས། ད་དེ་མོ་མང་ནི་རེད། རང་སྐད་ཡིན་ན་ཐང་མོད། འོན་ཀྱང་། གཅིག་གཉིས་གསུམ་ཟེར་དུས་གྲངས་ཀ་བརྩི་སྟངས་དེ་འདྲ་ཞིག་ས་གང་དུ་ཡོད་མེད་དེ་ནི་དངོས་ནས་གོ་མ་མྱོང་། གཅིག་བྱས་ན་ཤེས་མཁན་འདྲ་ཡོད་ན་ཐང་། དེ་ལ་ལན་ཞིག་ཁུར་ཡོང་སྲིད་པ་རེད།
    རིག་པ་འདོན་པ། ༽བཅོས་བསྒྱུར་མེད་པ་ཟིན་བྲིས་མཆན་བུ་བཅས་པ་བཤུས་ཡོད།

    Reply
  3. དུང་དཀར་རྒྱལ། says:
    ལོ་ 15 སྔོན།

    ཆུ་ཐིགས་སྔོན་མོ།

    ཁྱོད་ལའང་གདོན་ནད་དང་ནད་ངན་དེ་ཅུ་འགོས་འདུག
    ཁྱོད་ཀྱིས་ཟེར་ཟིན་བྲིས་ཁྱབ་ཆེ་ཤོས་སུ་འགྲོ་བ་དེ་དྲྭ་བ་རང་འགུལ་གྱིས་རེད་ཟེར།
    ཕྱོགས་རིས་ཅན་གྱི་མིའི་གཅའ་དངོས་དག་ཀྱང་ཕྱོགས་རིས་ཅན་ཆགས་ཀྱིན་ཡོད་ཚོད་འདུག

    ངས་གོང་བཤད་ལྟར་
    ཁྱོད་སྨྱོ་ཚུག་ཚུག་ཞིག་མེད་ན།
    བརྟག་དཔྱད་ཅིག་བྱོས་དང་།
    ཟིན་བྲིས་ཁྱབ་ཆེ་ཤོས་སུ་སླེབས་པ་གང་རུང་ཅིག་ལ་མཆན་བུ་ག་ཚོད་འདུག
    གཞན་མ་སླེབས་པ་ཞིག་ལ་ག་ཚོད་འདུག

    ཁྱོད་ཀྱང་གཉན་ནད་ཡོད་མཁན་ཞིག་རེད་འདུག་ཀྱང་
    སྟབས་བདེ་བོས་བཤད་ན།
    དེ་ནི་དྲྭ་བདག་དང་འབྲེལ་བ་ཡོད་མཁན་ཞིག་དང་མེད་མཁན་ཞིག་གཉིས་ཀྱི་ཟིན་བྲིས་ལ་བལྟས་ན་ཤེས་ནུས།

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    དུང་དཀར་རྒྱལ་ཟེར་བས་མིག་གཉིས་ཀས་བལྟ་རྣ་བ་གཉིས་ཀས་ཉན་ཤེས་ཀྱི་ཡོད་ས་མ་རེད། ཟིན་བྲིས་ཁྱབ་ཤོས་དེ་ཁོ་ཚོས་ཉིན་བཞིན་འདེབས་གསེས་བྱེད་ཀྱི་ཡོད་པ་མ་རེད་ལོ་་་གློག་ཀླད་ཀྱིས་རང་འགུལ་བྱེད་ཀྱིན་ཡོད་པ་རེད། རྡ་སའིགནམ་གཤིས་སྐོར་གསལ་བསྒྲགས་བྱས་པར་མི་རེ་ཟུང་གི་སེམས་ལ་རྣམ་རྟོག་ངན་པ་འདྲ་འཆར་གྱི་ཡོད་མོད། དེ་འདྲ་འཆར་དགོས་དོན་ཡོད་མ་རེད།་་་་ས་ཆ་དེ་ནི་ང་ཚོ་བོད་པའི་བཙན་བྱོལ་བ་ཚོར་མཚོན་ན་༸གོང་ས་མཆོག་གི་བཞུགས་གནས་དང་བོད་གཞུང་གི་བསྟི་གནས་་་་་མ་ཟད་བོད་མི་འབོར་ཆེན་འཛོམས་སའི་ས་ཞིག་ཡིན་པས་ས་དེར་འབྱུང་བཞིའི་འགྱུར་ལྡོག་མ་འདྲ་བ་བྱུང་བ་གསར་ལམ་ཁག་ཏུ་བཀོད་ན་ཅི་འདྲ་བྱས་ནས་ཕྱོགས་རེས་སུ་ཆགས་པ་རེད། ཀླད་པ་བེད་སྤྱོད་ཡག་པོ་བཏང་ནས་སྐད་ཆ་བཤད་དགོས་པ་ལས་རང་ཉིད་ཀྱི་གུ་ཟུག་དོག་པོའི་རྗེས་སུ་འབྲངས་ནས་འོལ་ཚོད་ཀྱིས་སྐད་ཆ་བཤད་ན་སྤྱི་ཚོགས་དཀྲུག་ཤིང་ལས་མེད་པས་ནམ་ཡང་ཁྱེད་ལྟ་བུའི་གཅམ་ཚིག་སྨྲ་མཁན་ཚོས་འདི་འདྲའི་རིགས་ལ་གཟབ་ན་བཟང་གི་རེད། འདི་འདྲ་བཤད་པ་སྤྱི་སེམས་མ་རེད་་་འདི་ན་ཚ་ཞིག་རེད་་་་ལོ

    Reply
  5. དུང་དཀར་རྒྱལ། says:
    ལོ་ 15 སྔོན།

    དུས་བབ་དྲྭ་ཚིགས་འདི་གཉེར་མཁན་གསོན་པོ་འདྲ་ཡོད་ན།
    མཆན་བུ་དེ་ཚོའི་ལན་གསལ་པོ་རེ་གནང་དང་།

    དྲྭ་འབུ་འཁྱམ་པོ་རང་ནི་རེད་མི་འདུག
    ཟིན་བྲིས་པ་ཚོས་ཀྱང་སྐད་ངན་རྒྱག་ཀྱིན་འདུག
    ཁག་མི་འདུག

    དུས་བབ་དྲྭ་ཚིགས་འདིར་ལུང་པ་ཕྱོགས་རེ་བ་ཞིག་གི་གནས་ཚུལ་བཀོད་སྤེལ་བྱ་ས་ལྟར་དོན་ལ་ཆགས་ཡོད་པས་རེད།
    ཡིད་མ་ཆེས་ན། གནས་ཚུལ་བསྡུ་སྟངས་དང་གསར་འགྱུར་བཀོད་སྟངས། ད་རུང་དྲྭ་ངོས་སུ་བཀོད་འགྲིམས་བྱེད་ཕྱོགས་ཐད་ནས་གསལ་གསལ་ཐིང་ཐིང་ཤེས་པ་དེ་རེད།

    དེས་མི་ཚད་ཀི་ཡ།
    ཟིན་བྲིས་ཁྱབ་ཆེ་ཤོས་ཟེར་ས་དེར་ལྟོས་དང་། ཉིན་ལྟར་དྲྭ་བདག་ཁོ་རང་གི་དགའ་ཕྱོགས་དང་ལུང་ཕྱོགས་དག་ལས་གཞན་པ་རྣམས་ཀྱི་བརྗོད་བྱ་གལ་ཆེ་ལོས་དང་།
    མཆན་བུ་མང་ཉུང་ལ་གཏན་ནས་བལྟ་གིན་མི་འདུག

    ཡིད་མ་ཆེས་ན། གཞན་ལ་སྐད་ཆ་དྲིས་ནས་རང་གིས་ཉིན་ཤས་ཞིབ་འཇུག་བྱོས་དང་།
    ཧ་གོ་མི་ཐུབ་པའི་སྲིད་བྱུས་དེ་འདྲ་མ་རེད།
    ངོ་ཚ་ཡོང་བའི་བྱིས་པའི་བྱེད་སྟངས་དེ་འདྲ་རེད་ཤག

    ལུང་རིག་ཟེར་མཁན་འདི་ཕར་བལྟས་ན་དྲང་ཚུགས་ཐུབ་པོ་འདྲ་མཐཽང་སྲིད་ཀྱང་།
    ཁོང་ན་དུག་སྦྲུལ་འཁྱུག་པ་འདྲ་བའི་རང་གཤིས་ཤིག་འདུག
    དདད་གང་དྲག
    བཤད་ན་ངོ་ཚ་ཀི་གོ།

    Reply
  6. karma dorje says:
    ལོ་ 15 སྔོན།

    ངའི་་རྡ་སའི་་དཔར་གཉིས་་་མཐོང་ཙམ་གྱིས་་དགའ་སྣང་་བྱུང་སོང་།

    Reply
  7. དྲི་རྟགས says:
    ལོ་ 15 སྔོན།

    དུས་བབས་རྩོམ་སྒྲིགས་པས་རྡ་ས་ཁ་བ་བབས་པའི་གནས་ཚུལ་གྱི་པར་དང་བཅས་དག་འདོད་ཆེན་པོས་བཀོད་པས་ཐོག་མར་ཕ་ཡུལ་དྲན་པའི་ཚོར་སྣང་ཞིག་དང་འདྲེས་དགའ་སྣང་ཞིག་ཤར་
    ཡང་སྐྱར་བསམ་གཞིགས་ཤིག་བྱས་པས་བོད་ཕྱི་ནང་གི་གནས་ཚུལ་ཕྲ་རགས་ཅི་རིགས་ཤིག་བཀོད་ཐུབ་ཐབས་ལ་འབད་བརྩོན་རེ་བྱས་ན་ཅིས་མ་ལེགས་
    ཁ་སྔོན་བོད་ནས་འབྱོར་བའི་གསར་འབྱོར་གཉིས་ལ་དྲི་བ་དྲིས་ལན་ནང་གསལ་ལྟར་བཙན་བྱོལ་བའི་གསར་འགོད་པ་དང་མི་མང་སྒྱིད་ལུག་དང་རྣམ་གཡེང་གི་མི་ཚེ་གང་འཁྱོལ་འདྲ་བྱེད་བཞིན་པ་འདི་དངོས་གནས་ཅི་འདྲའི་རྗེས་ལུས་ཤིག་དང་ཅི་འདྲའི་ཁྲེལ་མེད་པ་ཞིག་རེད་སྙམས་

    Reply
  8. ལུང་རྟོགས། says:
    ལོ་ 15 སྔོན།

    ང་ཡང་དེང་སང་དྷ་སར་ཡོད། ཁ་བ་བབ་དུས་དངོས་གནས་ཕ་ཡུལ་དྲན་གི་ཡ

    Reply
  9. ར་ས་ཕོ་ཉ། says:
    ལོ་ 15 སྔོན།

    ཡིག་ནོར་ལ་གཟབ།

    ༡ མི་སུ་ལའང་སིན་སྣང་སྟེར་སྲིད་ནའང་། > སུན་སྣང་

    ༢ ཉིན་འདི་འགར་མེག་ལོ་གཡས་གཡོན་གྱི་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་སོགས་སུ་ཆུའི་དཀའ་ངལ་འཕྲད་ཀྱིན་ཡོད་པ་མ་ཟད། > ལོ་རྟག་པར་མེག་ལོ་

    ༣ སང་ལོའི་དབྱར་ཀ་འཐུང་ཆའི་དཀའ་ངལ་ > འཐུང་ཆུའི་

    ༤ ངྷ་སའི་སྲང་བར་དག་ཏུ་ཁངས་ཆུ་བཞུར་ཞིང་། > གངས་ཆཱུ་

    ༥ གངས་རྩེག་བརྒྱབས་ཏེ། > རྒྱབ་སྟེ་

    ༦ ལམ་ཁ་ཅུང་རྩུབ་ཅང་གྱེན་ཐུར་ངན་སྟབས། > རྩུབ་ཅིང་

    Reply
  10. ར་ས་ཕོ་ཉ། says:
    ལོ་ 15 སྔོན།

    དུས་བབ་གསར་འགོད་པའི་རྡ་སའི་ཁ་བ་ཚུན་འདིར་མ་བཀོད་ནས་མ་ཞུགས་པར་ལྷོ་ཕྱོགས་ཀྱི་གནད་ཚུལ་དེ་འདྲ་བཀོད་ན་མི་ལེགས་སམ།

    Reply
  11. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    ཁ་བ་སིམ་སིམ་འབབ་པའི་ཁོར་ཡུག་ཅིག་ཏུ།།
    ཀྱ་ཀྱུའི་ལམ་ཕྲན་བརྒྱུད་པའི་ཤིང་ནགས་གསེབ་ཏུ།།
    རི་རྩེ་སྤྲིན་པར་ཟུག་པའི་ངང་ཚུལ་མཐོང་དུས།།
    ཕ་ཡུལ་གངས་ལྗོངས་ཕྱུག་མོ་ཡིད་ལ་དྲན་བྱུང་།།

    དགོ་དགོའི་བཞོ་དབྱངས་མེད་པའི་རི་སུལ་འདི་རུ།།
    མགོ་རུལ་ཨ་ནེ་མང་པའི་ཁོར་ཡུག་འདི་རུ།།
    ཁྭ་ཏའི་ཨག་གིས་རྣ་བར་སུན་པོ་བཟོ་དུས།།
    ཕ་ཡུལ་ཁྲི་ཤོར་རྒྱལ་མོའི་སྤང་ཐང་དྲན་བྱུང་།།

    རྐང་རྗེས་གངས་ངོར་འཐེན་པའི་ཁ་བའི་ཁྲོད་དུ།།
    མོ་ཊ་འགྲོ་བསྐྱོད་དཀའ་བའི་ལམ་ཕྲན་ནང་དུ།།
    ན་ཆུང་བུ་མོ་ཞིག་གིས་ཁ་བས་བཞུས་དུས།།
    བླ་རྒན་ཚོར་བ་འཇིག་རྟེན་སྣང་བར་འཕུར་ཐལ།།

    ཐོལ་བྱུང་བའི་ཚུལ་དུ་ཕུལ།

    Reply
  12. སྒྲོལ་མ། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། ཁྱེད་ཀྱིས་པར་གང་མང་མང་ཞིག་འགོད་ཐུབ་པ་ཡིན་ན། གོ་སྐབས་འདི་དང་བསྟུན་ཏེ་བཞུགས་སྒར་ངྷ་རམ་ས་ལ་གསལ་བོ་ཞིག་མིག་གི་ལོངས་སྤྱོད་དུ་ཐོབ་པའི་སྐལ་བ་ལྡན།

    Reply
  13. སྒྲོལ་མ། says:
    ལོ་ 15 སྔོན།

    བོད་ནང་ལ་མཚོན་ན། དགུན་འཁྱག་གི་དུས་ཚོད་ཅིག་ལ། རི་མགོ་ཞིག་ལ་ཁངས་བབ་ན་ཧ་ལས་རྒྱུ་ཅི་ཡང་མེད་མོད། རྒྱ་གར་ཚ་བའི་ཁུལ་དུ་ཁ་བ་ཞིག་བབ་པ་དེ་གསར་འགྱུར་ཡིན་པ་དང་། དེ་ལ་ཀློག་མཁན་དག་གིས་དོ་སྣང་སྤྲོད་པར་བལྟས་ན། ང་ལ་ཚོར་སྣང་གསར་པ་ཞིག་དང་རང་བྱུང་ཁམས་ལ་འདི་ཤེས་གསར་པ་ཞིག་སྐྱེ་གི།

    Reply
  14. blackman says:
    ལོ་ 15 སྔོན།

    སྐྱོན་མི་འདུག མེག་ལོ་ལ་ཁ་བ་ཆེན་པོ་བབ་ནས་མི་མང་སྐྱོ་བོ་འོག་ལ་མནན་སོང་བ་ཡིན་ན་གངས་སྐྱིད་ན་གོ་གི་མ་རེད།
    གངས་སྐྱིད་ལ་ཁ་བ་འདི་འདྲ་བབ་ཡོད་རྒྱུ་ན། ཡང་གངས་སྐྱིད་སྐུ་ངོ་གསར་བ་ཚོས་སྐད་རྒྱག་གི་རེད་ཡ། ད་དུང་མེག་ལོའི་མི་མང་ལ་ཁ་བ་གཙང་ཕྱག་བྱེད་དུ་་ཡོང་རོགས་ཟེར་ནས་བཀའ་གཏོང་ན་ཐང་ཡ། གནམ་རྒན་མ། གངས་སྐྱིད་ལ་ཁ་བ་མ་འབབ་རོགས། ཆུ་མང་པོ་མང་པོ་སྟེར་རོགས། དུག་ལོག་འཁྲུ་བྱེད་དང་སྐུ་གཟུགས་འཁྲུ་བྱེད།

    Reply
  15. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཁ་སང་དེ་རིང་གི་རྡ་སའི་ཁ་བ་འབབ་ཤུགས་དང་གྲང་རླུང་འཁྱག་གསུམ་གི་གནམ་གཤིས་འདི་ནི་ཁ་སྔོན་སྐུ་ཚབ་ཚོགས་པ་དང་འབྲེལ་བའི་རྒྱ་ནག་གི་གསར་འགོག་གསལ་བསྒྲགས་དེ་དང་འདྲ་སེ་ཞིག་འདུག དངོས་གནས་བཟོང་ནུས་དཀའ་གི་ཡ།

    དྲ་གྲོགས་ལྷོ་ཕྲུག་ལགས། ད་ནངས་ང་ལས་ཁུངས་སུ་ཡོང་དུས་གངས་སྐྱིད་ནའང་ཁ་བ་སོར་དོ་ཙམ་ཆགས་འདུག ཉིད་ཀྱི་སགུངས་པའི་རྡ་ས་ཟེར་བ་དེ་གང་ཡིན་ནམ། བོད་ལ་མཚོན་ན་འབྲུག་གྲགས་ཟེར་བ་དེ་དགུན་ཁ་མི་སྲིད་པ་ཞིག་རེད་པས། རྒྱ་གར་ལ་ནི་དབྱར་དགུན་ཁྱད་མེད་དུ་འབྲུག་གྲགས་རྒྱུ་ཡོད་པ་རྡ་སར་ཡུན་རིང་བསྡད་མྱོང་མཁན་ཞིག་ལ་སྐད་ཆ་མེད།

    Reply
  16. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    དྲང་མོར་བཤད་ན་རྡ་སའི་རི་འགོ་ན་ཁ་བ་བབ་འདུག་ཀྱང་རྡ་ས་རང་ན་ཁ་བ་བབ་མི་འདུག
    འོན་ཀྱང་འགྲོ་ལམ་དང་ཁང་ཐོག་སོགས་ན་སེར་འབྲུ་རྡོག་པོས་ཁྱབ་སྟེ་ཁ་བ་བབ་པ་ལྟ་བུ་ཞིག་ཆགས་འདུག
    མ་གཞི་ཁ་བ་འབབ་དུས་འབྲུག་སྒྲ་ཇི་ལྟར་བསྒྲག་རྒྱུ།
    གསར་འགོད་པ་ལགས།
    ཁ་བ་དང་སེར་འབྲུ་ཇི་ཡིན་བརྟག་རོགས།

    Reply
  17. དབྱངས་བུ། says:
    ལོ་ 15 སྔོན།

    ཁ་བ་མར་མར་བབ་དུས།།
    ཕ་ཡུལ་ཡིད་ལ་དྲན་བྱུང།།

    Reply
  18. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    དེ་རིང་ཕ་ཡུལ་ཡིད་ལ་ཝ་ལེར་ཤར་སོང་།།
    དེ་རིང་གྲང་ངར་སྐམ་པོས་ལུས་པོ་བསྡམས་སོང་།།
    རྒྱང་རིང་ཡུལ་ན་ཡོད་པའི་སྤུན་གྲོགས་རྣམ་པ།།
    གྲང་ངར་འདི་ཡི་ཀློང་ནས་ཡང་ཡང་དྲན་སོང་།།

    Reply
  19. སྟོབས་ says:
    ལོ་ 15 སྔོན།

    ཁར་སང་དེ་རིང་གི་ངྷ་སའི་ཁ་བའི་དྲག་རླུང་དང་འགྲོག་ཏེ་ཆབ་སྲིད་ཀྱིསགཡོ་འགུལ་ཡང་ཆེན་པོ་ཆགས་འདུག གྲང་འཁྱག་གྱི་ཁ་བ་འདི་རྒྱ་ནག་གི་མགོ་ཁྲིད་ཚོའི་སེམས་ལ་བབ་བཞིན་པའི་ཆབ་སྲིད་ཀྱི་ཁ་བ་ཡིན་གྱི་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese