མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} རེ་བདུན།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གིས་སྙིང་ཁོང་སྟོད་ལ་འཚང་བཞིན་རྒྱུགས་འདུར་བྱེད་ཀྱིན་ཕྱིར་རླངས་འཁོར་ཡོད་སའི་འགྲམ་དེར་མ་སླེབས་པའི་སུམ་མདོ་ཞིག་ནས་རང་གི་ནུ་མོ་མཚོ་མོ་སྐྱིད། ལྕགས་ཀྱི་ར་བ་སྐོར་བ་དེ་འདྲ་ཞིག་གི་སྟེང་དུ་བསྡད་ནས་ཡར་བལྟ་མར་བལྟ་བྱེད་བཞིན་པ་མཐོང་མ་ཐག སེམས་ནང་དུ་བཤད་མི་ཤེས་པའི་ཚོར་བ་ཞིག་དང་བཅས། རང་གི་ནུ་མོས་མིང་ནས་བོས།

ནུ་མོ་མཚོ་མོ་སྐྱིད་ཀྱིས་རང་གིས་ཕུ་བོས་བོས་པའི་སྐད་དེ་གོ་མ་ཐག ངུས་པ་དང་ལྷན་དུ་ཕུ་བོ་ཡོད་སར་ཡོང་ནས། སྐད་ཤུགས་ཆེན་པོས་སྒོ་ནས་ངུ་ཞོར་དུ། ངས་ཨ་མ་དང་ནང་མི་དག་ལ་བཤད་ཀྱི་ཡིན། ཁྱེད་རང་གིས་ང་འདི་ནས་སྐྱུར་བ་དེ་ཟེར་ནས་རང་གི་ཕུ་བོ་བློ་བཟང་གི་གདོང་ལ་བལྟས་དེ་ངུ་ཞོར་དུ་དེ་ལྟར་བཤད་དུས་སུ། བློ་བཟང་གིས་རང་གི་ནུ་མོ་ལྷ་སྐྱིད་ཀྱི་ངུ་ཁ་ལེན་ཞོར་དུ། ད་མ་ངུ་། ངས་ཁྱེད་རང་ལ་རྔན་པ་ག་རེ་དགོས་ཉོ་ཆོག འགྲོ་ཟེར་ནས་ཕར་ཕྱོགས་ཀྱི་ཟས་རིགས་སྣ་འཛོམས་ཀྱི་ཚོང་ཁང་དེ་ཡི་ནང་དུ་འཁྲིད་ནས་ངུ་ཁ་བླངས་ཚར་དུས་སུ། ཡིད་ལ་ཅ་ལག་དེ་དག་དང་རླངས་འཁོར་དྲན་ནས་ནུ་མོའི་ལག་འགོ་ནས་བཟུང་དེ་རྒྱུགས་ཤར་བྱས་དེ་རླངས་འཁོར་ཕྱོགས་སུ་ཕྱིན།

བློ་བཟང་དང་ནུ་མོ་གཉིས་རླངས་འཁོར་ཡོད་སའི་ས་ཚིགས་དེ་རུ་འབྱོར་དུས། ཁ་ཆེ་ཁ་ལོ་བ་དེས་བློ་བཟང་གི་ཅ་ལག་རྣམས་རླངས་འཁོར་ལས་ཕྱིར་བཏོན་ཚར་ནར་འགྲོ་གྲབས་བྱེད་བཞིན་པའི་སྒང་ཏག་ཏག་དེར་ཁོ་གཉིས་དེ་རུ་འབྱོར་བ་དང་བློ་བཟང་གིས་རླངས་འཁོར་གྱི་མདུན་ནས་བཀག་དུས། ཁ་ལོ་བའི་བློ་བཟང་མཐོང་ནས་ང་ཚོས་ཁྱེད་གཉིས་ལ་ཆུ་ཚོད་ཕྱེད་ཀའི་རིང་སྒུག་པ་ཡིན། ད་ནང་དུ་བུད། མགྱོགས་པོ་བྱོས། མེ་འཁོར་ས་ཚིགས་སུ་མི་འཚོལ་དུ་འགྲོ་དགོས་པ་རེད། མི་ཁ་ཤས་ཤིག་རེག་ན་ད་ལྟ་རང་འགྲོ་ཆོག་གི་འདུག་ཟེར་ནས་སྐད་བརྒྱབ།

བློ་བཟང་གི་ནུ་མོ་མཚོ་མོ་སྐྱིད་ནི། བོད་ཁུལ་གྱི་བྱིས་པ་གཞན་དག་དང་འདྲ་བར་ཆུང་དུས་ནས་བཟུང་དེ་མེ་འཁོར་དང་རླངས་འཁོར་སོགས་ཀྱི་ནང་དུ་ས་ཐག་རིང་དུ་འགྲོ་མྱོང་མེད་པ་ཡིན་དུས། མེ་འཁོར་ནང་དུ་འགྲོ་བ་དེ་འདྲའི་དཀའ་ངལ་མེད་ཀྱང་། རླངས་འཁོར་ནང་དུ་འགྲོ་དགོས་བྱུང་དུས་སུ། དངོས་ནས་ཡང་ཡང་སྐྱུག་པ་སྐྱུགས་པ་དང་མགོ་གཡོམ་འཁོར་གྱི་ཡོད་སྟབས་ཟ་མ་ཡང་ཡག་པོ་ཞིག་ཟ་ཐུབ་ཀྱི་མེད་པར་བརྟེན་བློ་བཟང་ལ་ལྷ་ས་བར་དུ་དངོས་ནས་དཀའ་ངལ་མི་ཉུང་བ་ཞིག་དང་སེམས་འཁྲལ་མི་ཉུང་བ་ཞིག་སྤྲད་ཀྱང་། མཐར་ཁོ་གཉིས་བདེ་ལེགས་ངང་དུ་ལྷ་སར་འབྱོར་བ་རེད།

ལྷ་སར་འབྱོར་ནས་ཉིན་མ་གཅིག་གཉིས་ཤིག་གི་རྗེས་སུ་ཁོ་གཉིས་ཀྱིས་རྒྱ་གར་དུ་འགྲོ་བའི་ལམ་ཆས་སོགས་གྲྭ་སྒྲིག་མ་བྱས་པའི་གོང་དེར། བློ་བཟང་ཁོ་གཉིས་ཀྱི་སྤུན་མཆེད་ཅིག་ཟླ་གཅིག་གི་ཡར་སྔོན་དེར་གྲོགས་མོ་ཞིག་དང་འགྲོགས་ནས་ལྷ་སར་བྲོས་ཡོང་ཡོད་པ་དེ་དང་འཕྲད་ནས། བློ་བཟང་གིས་ཁོ་རང་གི་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ལ་རང་ཉིད་ཕྱིར་རྒྱ་གར་དུ་འགྲོ་བཞིན་ཡོད་པ་དང་ནུ་མོ་མཚོ་མོ་སྐྱིད་ཀྱང་འཁྲིད་དེ་འགྲོ་རྩིས་ཡོད་པའི་སྐོར་སོགས་ཞིབ་དུ་བཤད་དུས་སུ། སྤུན་མཆེན་བཀྲ་ཤིས་དོན་འགྲུབ་ཀྱིས་ཀྱང་རང་ཉིད་ལྷ་སར་བསྡོད་འདོད་མེད་པ་དང་རང་གི་གྲོགས་མོ་དེ་ཡང་ཕྱིར་རང་ཡུལ་དུ་ལོག་རྩིས་འདུག་ན་ཡང་། ཁོ་རང་མོ་དང་འགྲོགས་ནས་ཕྱིར་འགྲོ་རྩིས་མེད་རབས། བློ་བཟང་ལ་ཁོ་རང་ཡང་ལྷན་དུ་འཁྲིད་རོགས་ཟེར་ནས་ཞུ་བ་དང་ཁས་ལེན་མི་ཉུང་བ་ཞིག་བྱས་སྟབས། བློ་བཟང་གིས་དངོས་ནས་ཁྱེད་རང་ལ་དེ་འདྲའི་འདོད་པ་ཆེན་པོ་ཞིག་དང་མདུན་པ་ཆེན་པོ་ཞིག་ཡོད་པ་ཡིན་ན་ནི། ང་དང་ལྷན་དུ་སོང་ན་འགྲིག་གི་རེད། འོན་ཀྱང་། ང་ཚོ་ལ་ལམ་ཁྲིད་མེད་པ་དང་ལམ་ཁྲིད་ང་རང་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་བཤད།

ཉིན་མ་ཁ་ཤས་རིང་དེར་བློ་བཟང་གིས་རང་གི་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ལ་རང་གི་ལག་དངུལ་གྱི་མང་ཉུང་སོགས་ཞིབ་དུ་བཤད་པ་དང་། ལྷག་པར་དུ་ལྷ་ས་ནས་ཡུན་རིང་བསྡོད་ཁག་པོ་ཆགས་ཡོད་པ་སོགས་བཤད་ནས་ཉིན་གྲངས་རེ་གཉིས་ཤིག་གི་རྒྱབ་དེར་ཁོང་ཚོ་ལྷན་དུ་ལམ་ལ་ཆས་རྒྱུའི་སྐོར་ཞིབ་དུ་ཐག་བཅད་པའི་མཚན་མོ་དེར། བཀྲ་ཤིས་དོན་འགྲུབ་ཀྱིས་རང་་གི་གྲོགས་པོ་ཞིག་ཀྱང་ང་ཚོ་དང་ལྷན་དུ་འགྲོ་འདོད་ཆེན་པོ་འདུག་པ་མ་ཟད། ཁོ་རང་ཐེབས་ཁ་ཤས་ཤིག་ལ་ཚོད་ལྟ་བྱས་ཀྱང་ལམ་འགྲོ་བྱུང་མི་འདུག ད་རེབས་ཁྱེད་རང་གི་ལྷན་དུ་ཁྲིད་རོགས་ཟེར་ནས་ཞུ་བ་བྱེད་ཀྱི་འདུག་ཞེས་བློ་བཟང་ལ་བཤད།

བློ་བཟང་གིས་སྒོར་མོ་མེད་ཀྱང་འགྲིག་གི་རེད། ང་ཚོ་མ་ཤི་ན་ཁོ་རང་རང་ལྟོགས་ཤི་ཐེབས་མི་སྲིད་པ་རེད། འོན་ཀྱང་། ཁོ་རང་ལ་ཡིད་ཆེས་བྱེད་ཆོག་མིན་དེ་ཁྱེད་རང་གིས་ཐག་གཅོད་བྱོས། ལྷག་པར་དུ་འདི་ན་ཁོ་རང་ལ་ཉེ་འབྲེལ་འདྲ་ཡོད་པ་དེ་འདྲ་ཡིན་ན། དེ་དག་གི་བཀག་འགོག་ཡོད་མེད་སོགས་གསལ་བོ་རྒྱུས་ལོན་བྱོས་ཞེས་རང་གི་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ཀྱི་གྲོགས་པོ་རྡོར་སྐྱབས་ཀྱང་ལྷན་དུ་འཁྲིད་རྒྱུར་ཁས་ལེན་བྱས་པ་རེད།

ལམ་ལ་མ་ཆས་པའི་ཉིན་གཉིས་ཀྱི་སྔོན་དེར་བློ་བཟང་གིས་རང་གི་ངོ་ཤེས་གྲྭ་བ་ཞིག་དང་ལྷ་ས་ནས་མར་ཕ་ཡུལ་དུ་འགྲོ་ཁར་འཕྲད་པ་དེར་སླར་ཡང་འཕྲད་པ་དང་ཁོས་རང་ཉིད་ལམ་འགྲོ་མ་བྱུང་བའི་སྐོར་སོགས་ཞིབ་དུ་བློ་བཟང་ལ་བཤད་དུས་སུ། བློ་བཟང་གིས། དེ་འདྲ་ཞིག་ཡིན་ན་ནི། ངས་ཁྱེད་རང་ལ་དངོས་ནས་རོགས་ཆེན་པོ་དེ་འདྲ་གང་ཡང་བྱེད་ཐུབ་ཀྱི་མི་འདུག གལ་སྲིད། ཁྱེད་རང་ཕྱིར་ཕ་ཡུལ་དུ་ལོག་འདོད་ཡོད་ན། ངས་ཁྱེད་རང་ལ་ནང་དུ་སླེབས་རེག་བར་དུ་འགྲོ་བྱེད་ཀྱི་དངུལ་ཞིག་གི་རོགས་རམ་བྱེད་ཆོག དེ་མིན་ན། ང་རང་ཕྱིར་རྒྱ་གར་དུ་འགྲོ་བཞིན་ཡོད། ལམ་ཁྲིད་ཀྱང་གཞན་མེད། རང་གིས་ལམ་ཁྲིད་དེ་འགྲོ་བཞིན་ཡོད། ཁྱེད་རང་ང་དང་ལྷན་དུ་འགྲོ་འདོད་ཡོད་ན་འགྲོ སླེབས་པ་ཡིན་ན་ཚང་མ་སླེབས་ངེས་རེད་ཅེས་བཤད།

བློ་བཟང་གི་གྲོགས་པོ་གྲྭ་བ་ཤེས་རབ་རྒྱ་མཚོས་རང་གི་གྲོགས་པོ་བློ་བཟང་གིས་སྐད་ཆ་དེར་གོ་བ་དང་སེམས་གཏིང་ནས་དགའ་བ་དང་བཅས། དེ་ལས་ལྷག་ཞིག་དངོས་ནས་དགོས་དོན་མི་འདུག ང་རང་ཁྱེད་རང་དང་ལྷན་དུ་འགྲོ་རྒྱུ་ཡིན་ཞེས་སེམས་ཐག་བཅད།

བློ་བཟང་གི་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ཀྱི་གྲོགས་པོ་རྡོར་སྐྱབས་ལ་ལྷ་སར་ཨ་ཅེ་ཞིག་ཡོད་པ་དེ་ཡི་ཁོ་རང་ལ་རྒྱ་སྒོར་ལྔ་བརྒྱ་སྤྲད་ཡོད་པ་དང་དེ་ལས་ཁོ་རང་ལ་སྒོར་མོ་མེད་ཀྱང་། བློ་བཟང་གིས་ང་ཚོ་ཐོན་ས་ནས་ཁྱེད་རང་གིས་ཀྱང་སེམས་འཁྲལ་བྱེད་མི་དགོས་ཟེར་ནས་ཚང་མ་ལྷན་དུ་ལྷ་སའི་ཁྲོམ་སའི་སྒང་དུ་ལམ་བར་དུ་དགོས་འཁོ་ཆེ་བའི་ལྷམ་མགོ་དང་ཉལ་ཆས་རིགས་ཉོ་རུ་ཕྱིན་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 5

  1. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་ཅག་ཉིན་རེ་བཞིན་འདི་རུ་ཕེབས་ནས་བསམ་ཚུལ་གསུངས་པ་དེར་དགའ་ཡོད། རྗེས་ཕྱོགས་ཀྱང་རང་རང་གི་བསམ་ཚུལ་གང་ཡོད་ལྷུག་པོ་གསུང་རྒྱུ་དེ་ནི་བདག་གི་རེ་བ་ཡིན།

    Reply
  2. kawakampo says:
    ལོ་ 16 སྔོན།

    ཁྱེད་ཀྱིས་བདག་གི་ཕོ་ཁུག་སྟོང་པ་བཟོས་དང་ཐལ།

    Reply
  3. mheru says:
    ལོ་ 16 སྔོན།

    ཤ་ཁྲག་ལགས་བཀླགས་ཟིན་པ་ཡིན།

    Reply
  4. rigdhen says:
    ལོ་ 16 སྔོན།

    གྲྭ་རྒན་རི་ནས་བབས་པའི་གཏམ་རྒྱུད་ཀློག་གིན།
    འཁོར་བའི་བྱེ་རླུང་ཁྲོད་ནས་ལམ་ཁ་བོར་ཐལ།
    དུས་ཆད་བཏབ་པའི་ལས་ཀ་འཐུས་ཤོས་ཕྱིན་དུས།
    ཤ་ཁྲག་རུས་གསུམ་ཁྱོད་ལ་སྙིང་ཞིག་ལངས་ཐལ།

    ད་་ད་དུང་མུ་མཐུད་ནས་བྲིས་དང་ང་ལས་ཁུངས་ནས་བདའ་མི་བདའ་མེད་ཀི་ཨ་རོ་་་་།

    Reply
  5. chentsasopa says:
    ལོ་ 16 སྔོན།

    གྲྭ་བ་ཤེས་རབ་རྒྱ་མཚོ་ཡང་བློ་བཟང་དང་འགྲོགས་ནས་འགྲོ་རུ་ཆུགས་དང་། ལམ་ཁ་གཅིག་ལས་མེད་པ་འདྲ། ད་གྲྭ་བ་མང་པོ་ཞིག་སྐྱ་སར་འབབ་ས་རེད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese