མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོ་ས་འགུལ་གང་དུ་ཡོང་གི་ཡོད་དམ། བུ་ཆུང་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

བུ་ཆུང་ཚེ་རིང་།

དེ་རང་ཞོགས་པ་ཞོར་དུ་བོད་གཞུང་སྨན་རྩིས་ཁང་ནས་འགྲེམས་སྤེལ་གནང་བའི་ལྕགས་སྟག་ལོའི་ལོ་ཐོ་བསྡུས་པ་དེ་ལ་བལྟས་པ་ཡིན་པས། དེའི་ནང་ལོ་འདིའི་ནང་གཙོ་བོ་རྒྱ་གར་ནང་དུ་གནམ་གཤིས་འགྱུར་ལྡོག་དང་རང་བྱུང་གནོད་འཚེ་ཡོང་སྲིད་པའི་སྐོར་གྱི་འགྲེལ་བཤད་དེ་བཀླགས་པ་ཡིན།

ལོ་ཐོ་དེའི་ནང་སྔོན་བརྡ་འདི་ལྟར་གནང་འདུག

“༧གུང་འདིར་དབུས་འགྱུར་འཕགས་པའི་ཡུལ་འདིར་ལོ་སྟོད་ཆར་ཆུ་ལེགས་ཤིང་བདེ་སྐྱིད་ངང་གིས་འཕེལ། ལོ་སྨད་བོད་ཟླ་ ༡༠ ནས་འཁྲུག་རྩོད་ཕྲན་ཙམ་དང་ནད་ཡམས་ཀྱིས་འཚེ་ངོ་ཤར་། ༧ལྷོ་ཕྱོགས་སུ་མུ་གེ་དང་ས་འགུལ་ཡོང་ཉེན། དེ་ཡང་བོད་ཟླ་ ༣ ཚེས་ཤར་ནས་བོད་ཟླ་ ༤ ཚེས་ ༢༢ བར་དང་། སླར་བོད་ཟླ་ ༡༢ ནང་བཅས་པར་ས་འགུལ་ཡོང་བའི་ཉེན། ༧ནུབ་དང་ནུབ་བྱང་ཕྱོགས་སུ་འཁྲུག་རྩོད་ཡང་ཡང་ཡོང་ངོ་དང་། ལྷག་པར་བོད་ཟླ་ ༩ ཟླ་དཀྱིལ་ཙམ་ནས་ཟླ་ ༡༢ ཚེས་ ༡༠ བར་འཁྲུག་རྩོད་རྒོད། མེ་སྐྱོན་གྱི་ཉེན་ཁ་ཡང་ཅུང་མཆིས། ༧བྱང་ཕྱོགས་རང་ཡུལ་གངས་ཅན་ལྗོངས་སུ་རིམ་བཞིན་རྣམ་དཀར་དགེ་བའི་ཆོས་ཕྱོགས་ཀྱི་བྱ་བར་ལོངས་སུ་སྤྱོད་རྒྱུའི་སྐལ་བཟང་ཞིག་འཆར་བའི་ངོ་། སྟོད་དང་བྱང་འབྲོག་ཁུལ་དགུན་སྟོད་ཁ་བ་དང་བུ་ཡུག་འཚུབ་ངོ་བཅས།”

གོང་འཁོད་དེ་བཀླགས་ཟིན་མཚམས་གསར་འགྱུར་བལྟ་སྐབས་བོད་ཀྱི་སྟོད་དིང་རི་ས་ཁུལ་དུ་ས་ཡོམ་བྱུང་བ་དེ་མཐོང་བྱུང་བས། གུས་པར་བསམ་བློ་འདི་འདྲ་འཁོར་བྱུང་། ང་ཚོའི་རྩིས་ལུགས་ཐོག་ལོ་ལྟར་སྔོན་བརྡ་དེ་འདྲ་གནང་བ་དེ་ཚོས་ལོ་མཇུག་ཏུ་དངོས་སུ་བྱུང་བའི་གནས་ཚུལ་དང་ག་ཚོད་ཙམ་མཐུན་པ་ཡོང་གི་ཡོད་དམ། དེ་ཐོག་ད་ལོ་ཐུགས་ཞིབ་གནང་རྒྱུ་འདུག་བསམ།

གུས་པས་གོ་བ་ལེན་ནོར་བྱས་མེད་ན་ད་ལོའི་སྔོན་བརྡའི་ནང་ཁ་གསལ་བའི་དོན་གནད་གཉིས་འདུག གཅིག་ནི་རྒྱ་གར་ལྷོ་ཕྱོགས་སུ་ ”བོད་ཟླ་ ༣ ཚེས་ཤར་ནས་བོད་ཟླ་ ༤ ཚེས་ ༢༢ བར་དང་། སླར་བོད་ཟླ་ ༡༢ ནང་བཅས་པར་ས་འགུལ་ཡོང་བའི་ཉེན།” དུས་ཚོད་དེ་ནི་ཕྱི་ཟླ་ ༤ ཚེས་ ༡༥ ནས་ ཕྱི་ཟླ་ ༦ ཚེས་ ༤ བར་དང་། བོད་ཟླ་ ༡༢ ནི་ ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༣ ནས་འགོ་བཙུགས་ཀྱི་འདུག ད་དུས་དེའི་ནང་ས་འགུལ་གྱི་གནས་སྟངས་གང་འདྲ་བྱུང་མིན་དེ་ནས་རོབ་ཙམ་མཁྱེན་ ཐུབ་ཀྱི་རེད་བསམ།

དོན་གནད་གཉིས་པ་དེ་ནི་རྒྱ་གར་ནུབ་དང་ནུབ་བྱང་ཁུལ་དུ་ “ལྷག་པར་བོད་ཟླ་ ༩ ཟླ་དཀྱིལ་ཙམ་ནས་ཟླ་ ༡༢་ཚེས་ ༡༠ བར་འཁྲུག་རྩོད་རྒོད་།” ས་ཁུལ་དེ་ནི་པ་ཀི་སི་ཐན་ཕྱོགས་སུ་རེད། དུས་ཚོད་དེ་ནི་ཕྱི་ཟླ་ ༡༠ ཚེས་ ༢༢ ནས་ ༢༠༡༡ ཟླ་ ༢ ཚེས་ ༡༣ བར་ཡིན།

 

ཟིན་བྲིས་འདི་ཁོང་གི་མོས་མཐུན་ལྟར་བཀོད་པ་ཡིན། ཁོང་གི་ཟིན་བྲིས་ལ་གཟིགས་འདོད་ན་  ད་ལོ་ས་འགུལ་གང་དུ་ཡོང་གི་ཡོད་དམ། འདིར་གཟིགས་རོགས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

སྐར་མ ༢༦ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༢༠ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༢༡ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 16

  1. kunsal says:
    ལོ་ 16 སྔོན།

    གར་ཡུལ་དམངས་གཉིས་ལ་བརྟག་ཚུལ་འཇིགས་སུ་རུང་བ་རང་ལ་ཨེ་འདྲོ། རྒྱ་གར་དབུས་སུ་རྩིས་པའི་ཤར་ལྷོ་ནུབ་བྱང་ངོས་བཟུང་དགོས་པ་རེད་སྙམ། དཔེར་ན་བྱང་ཕྱོགས་རང་ཡུལ་གངས་ཅན་ཞེས་གསུངས་པའི་ཕྱིར་རོ།

    Reply
  2. ཐོས་དགའ། says:
    ལོ་ 16 སྔོན།

    དབྱངས་བུ། འཇིག་རྟེན་ཐམས་ཅད་ལས་ལས་སྐྱེས།། ཞེས་དྲངས་བའི་ལུང་དེ་མདོ་གང་དུ་གསུངས་ཡོད་དམ།

    Reply
  3. ཐོས་དགའ། says:
    ལོ་ 16 སྔོན།

    ཅོ་དབྱངས་བུ། ཁྱོད་ཀྱིས་བོད་ཡིག་གོ་བ་ལེན་ཤེས་ཀྱི་ཡོད་ན་ངས་རྩིས་ལ་ཡིད་ཆེས་ཡོད་པའི་རྒྱུ་མཚན་བཤད་ཡོད་པས་མིག་གཉིས་འཕུར་ཙམ་བྱས་ནས་ཡང་བསྐྱར་ཞིག་སྟོས་དང་།

    Reply
  4. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    དབྱངས་ལགས། འོ་ན་སེར་ཆེན་མེ་ཏོག་ལས་བཟང་ངན་གང་འདྲ་ཞིག་ལས་སྐྱེས་པ་རེད། སེར་ཆེན་མེ་ཏོག་གི་ཁ་དོག་ཡག་པོ་དེ་ལས་བཟང་པོ་ཞིག་དང་། རྩ་བ་ས་འོག་ན་ལྷག་པ་དེ་ལས་ངན་པ་གང་གིས་བྱས་པ་རེད་དམ། འདི་ནས་ཁྱེད་ལ་དྲི་བ་དྲིས་ལན་མེད། ལྐོག་གྱུར་ལས་ལ་ཡིད་ཆེས། མངོན་སུམ་གཟའ་སྐར་ལ་བློ་ལོག་པ་ཡ་མཚན་རེད།

    Reply
  5. དབྱངས་བུ། says:
    ལོ་ 16 སྔོན།

    མུ་ཏིག་ཆུང་ཆུང་ལགས།
    སངས་རྒྱས་ཀྱིས་གསུངས་པའི་ལས་འབྲས་ཀྱི་རྣམ་བཞག་ལ་གོ་བ་ཆགས་ཡོད་ཚེ་ད་ལྟའི་ཁྱེད་ལན་འདེབས་དེ་འདྲ་ཐོན་མི་སྲིད། ཇི་སྐད་དུ། འཇིག་རྟེན་ཐམས་ཅད་
    ལས་ལས་སྐྱེས། ཟེར་བའི་ཚིག་དོན་གང་ཡིན་མིན་ཐུགས་བསམ་བཞེས་དགོས།
    ལྷག་པར་དུ་སངས་རྒྱས་ཀྱིས་གཟའ་དང་ཚེས་གྲངས་ལེགས་ཉེས་ལ་བརྟེན་ནས་བྱ་
    བ་བཟང་ངན་བྱུང་བར་གསུངས་མེད།

    ཐོས་དགའ་ལགས། ཁྱེད་རང་སྨན་དང་རྩིས་གཉིས་ཀར་ཡིད་ཆེས་ཡོད་པར་གསུངས་འདུག རྩིས་ལ་ཡིད་ཆེས་ཡོད་མེད་དེ་ཡང་རིགས་པ་ལྡན་པའི་སྒོ་ནས་ཡིད་ཆེས་སྐྱེ་དགོས་
    པ་ལས། དབང་རྟུལ་ད་དད་པའི་རྗེས་འབྲངས་ལྟ་བུ་བྱེད་མི་ཉན། མདོར་ན་ཁྱེད་ཀྱི་རྩིས་ཀྱི་འགྲོ་སྟངས་ལ་དངོས་ཡོད་གནས་ཚུལ་དབར་མཐུན་མིན་
    ཐད་བརྟགས་དཔྱད་བྱེད་མྱོང་ངམ།
    ཐུགས་རྗེ་ཆེ།།

    Reply
  6. འོད། says:
    ལོ་ 16 སྔོན།

    འདི་བཞིན་སྨན་རྩིས་ཁང་གིས་སྐྱབས་བཅོལ་བའི་གནས་བབ་འོག་ནས་རྒྱ་གར་ཡུལ་དམངས་གཉིས་ལ་བརྟག་ཚུལ་འཇིགས་སུ་རུང་བ་འདི་ལྟ་བུ་ལུང་བསྟན་དུ་ཕབ་ན་རྗེས་མ་ཕན་གནོད་གང་དུ་འགྲོ་དྭོགས་ཆ་མ་འཚལ་བས་ཅུང་ཁ་ཚོད་གཅོད་སྔ་དྲག་པའམ་ཡུལ་དུས་གསལ་སྟོན་བྱེད་ཐལ་བ་མིན་ནམ ང་ཅུང་འཇིགས་སྣ་ཆེན་པོ་ཡོང་གི་འདུག་དཱ

    Reply
  7. ཐོས་དགའ། says:
    ལོ་ 16 སྔོན།

    ང་ནི་བོད་སྨན་ལ་ཡིད་ཆེས་ཆེན་པོ་ཡོད། བོད་སྨན་གྱིས་ཐེངས་གཉིེས་ལ་ངའི་སྲོག་བསྐྱབས་སོང་། དེ་བཞིན་དུ་རྩིས་ལ་ཡང་ཡིད་ཆེས་ཡོད་དེ་ཉི་འཛིན་གཟའ་འཛིན་རྣམས་སྐར་མ་ཁ་ཤས་ཀྱི་ཁྱད་མ་གཏོགས་ཏག་ཏག་ཡོང་གི་འདུག

    Reply
  8. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    སངས་རྒྱས་ཀྱིས་བྱ་བ་ཐམས་ཅད་ལས་འབྲས་དང་རྣམ་སྨིན་ལས་འབྱུར་བར་གསུང་བ་བདེན་མིན་ཤེས་དཀའ། འོན་ཀྱང་མི་ཚེའི་བདེ་སྡུག་གཟའ་སྐར་དང་འབྲེལ་ཐད་ཀར་ཡོད་མངོན་སུམ་རེད། ང་ཚོའི་བཟའ་བཏུང་འབྲུ་རིགས་དང་ཆུ། མེ་ཏོག་དང་སྤངས་ལྗོངས་ཚང་མ་འབྱར་དགུན་ནམ། ཉི་ཟླ་སོགས་གཟའ་སྐར་གྱི་འཁོར་བསྐྱོད་ཀྱི་འགྱུར་ལྡོག་ལ་རག་ལས་པ་མངོན་སུམ་ཚད་མ་རེད། ཐ་ན་ང་ཚོའི་ཟ་བཞིན་པའི་འབྲུ་རྡོག་རེ་རེ་བཞིན་གཟའ་སྐར་གྱི་ནུས་པ་ལས་བྱུང་བ་མ་རེད་དམ། ད་ལམ་ཆི་ལིའི་ས་ཡོམ་གྱིས་གོ་ལའི་དབུ་ཐིག་ལ་འགྱུར་བ་སོང་བ་དང་། དེའི་དབང་གི་ས་ཐོག་ལ་ཉི་འོད་ཕོག་ཡུན་ཐུང་ཙམ་ཆགས་ཡོད་པར་བཤད་ཀྱི་འདུག གང་ལྟར་ང་ཚོའི་བདེ་སྡུག་དང་ཚེ་སྲོག་ས་ལོག་ལོག་འདི་དང་གཟའ་སྐར་ཚོའི་ལག་པ་ན་ཡོད་པ་གསལ་བོ་མ་རེད་དམ།

    Reply
  9. དབྱངས་བུ། says:
    ལོ་ 16 སྔོན།

    ནོར་བཅོས།

    འོན་ཀྱང་བཅོམ་ལྡན་འདས་ཀྱིས་ལས་
    དང་བྱ་བ་ཚང་མ་རྣམ་སྨིན་རྒྱུ་འབྲས་ལ་བརྟེན་ནས་བྱུང་བ་ལས། གཟའ་དང་ཚེས་གྲངས་ལེགས་ཉེས་ལ་བརྟེན་ནས་བྱུང་བར་གསུངས་ཡོད་ཟེར་བར། གསུངས་མེད། ཅེས་བར་བཅོས།

    Reply
  10. དབྱངས་བུ། says:
    ལོ་ 16 སྔོན།

    བུ་ཆུང་ཚེ་རིང་ལགས།
    ངས་ཁྱེད་ལ་དྲི་བ་འགའ་ཤས་འདྲི་འདོད་བྱུང། ལན་འདེབས་གནང་སྐྱོངས་ཡོང་
    བའི་རེ་བ་ཡོད།
    ༡། ཁྱེད་རང་སྨན་རྩིས་ཁང་གི་ལོ་ཐོར་ཡིད་ཆེས་གནང་མཁན་ཞིག་ཡིན་ནམ།
    ༢། གལ་ཏེ་སྨན་རྩིས་ཁང་གི་ལོ་ཐོར་ཡིད་ཆེས་གནང་མཁན་ཞིག་ཡིན་ན། འདི་ལོའི་ཉི་མ་གཟའ་འཛིན་སླེབས་པའི་དུས་ཚོད་ལོ་ཐོར་གཞིར་བཟུང་བྱུང་ཡོད་
    དམ། ལོ་ཐོའི་ནང་གསལ་བའི་དུས་ཚོད་ལ་ཉི་མ་གཟའ་འཛིན་སླེབས་ཡོད་དམ།
    ༣། སྨན་རྩིས་ཁང་གི་ལོ་ཐོའི་ནང་གསལ་བའི་གནས་དོན་རྣམས་གཟའ་དང། ཚེས་གྲངས་ལེགས་ཉེས་ལ་གཞིར་བཞག་གི་རྩིས་བསྐོར་བ་ཞིག་རེད། དཔེར་ན་ས་འགུལ་ཡོང་མིན་གྱི་གནས་ཚུལ་དེ་ཡང་གཟའ་དང་ཚེས་གྲངས་སོགས་
    གཞིར་བཟུང་ནས་རྩིས་སྐོར་བ་ཞིག་རེད། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ལས་
    དང་བྱ་བ་ཚང་མ་རྣམ་སྨིན་རྒྱུ་འབྲས་ལ་བརྟེན་ནས་བྱུང་བ་ལས། གཟའ་དང་ཚེས་གྲངས་ལེགས་ཉེས་ལ་བརྟེན་ནས་བྱུང་བར་གསུངས་ཡོད། འོ་ན་
    ཁྱེད་ཀྱིས་དེ་ལ་འགྲེལ་བརྗོད་ཇི་ལྟར་བྱེད་དམ། རྒྱུ་མཚན་གང།
    དེ་རིང་དེ་ཙམ།

    Reply
  11. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    གནམ་ལྕགས་ལགས། ངས་ཀྱང་ཆུང་དུས་ཤིག་ལ་ནག་རྩིས་འདྲ་བོ་རེར་ལྟ་མྱོང་། དེ་ངོ་མ་ཅིག་བརྩི་ཁུལ་བྱེད་པ་མ་གཏོགས་དོན་དུ་མོ་འདེབས་པ་རང་རེད། བོད་སྨན་གྱི་ནང་ན་ཡང་ལྟས་བརྟག་པ་ལྟ་བུ་མོ་འདེབས་པ་དང་ཁྱད་པར་མི་འདུག་སྙམ་པ་མང་པོ་འདུག

    Reply
  12. གནམ་ལྕགས། says:
    ལོ་ 16 སྔོན།

    སྤོབས་པ་ལགས་ཀྱིས་གསུང་བ་དེ་ཤིན་ཏུ་བདེན། སྨན་སྦྱོང་སྐབས་ནག་རྩིས་མ་ཤེས་ཐབས་མེད་ཡིན། སྨན་དང་ནག་རྩིས་གཉིས་འཁྱུད་ནས་ཡོད། ད་དུང་ནག་རྩིས་དང་མོ་འདེབས་པ་གཉིས་ཀྱང་དེ་ཀ་རང་ཡིན། ང་ཆུང་དུས་ལོ་བཅུ་གཉིས་ནས་ནག་རྩིས་སྦྱངས་མྱོང་། ད་ལྟ་ཡིན་ནའང་ནག་རྩིས་བརྗེད་མི་འདུག་སྟེ། འདི་ལ་ཞིབ་ཏུ་བརྟག་ཁྱོ་མི་འདུག

    དེ་བས་བོད་ཀྱི་ཡུལ་ལ་ས་འགུལ་བརྒྱབ་པའི་ལོ་རྒྱུས་ལ་གཟིགས་འདོད་ན། དུང་དཀར་ཚང་གི་གསུང་འབུམ་པོད་དྲུག་པོའི་གཅིག་གི་ནང་ན་གསལ་བོར་བཀོད་ཡོད། ལོ་ཚིགས་དང་དེའི་ཆག་སྒོའི་རིམ་པ་མང་བོ་ཡོད། དེ་འདྲ་ལ་ཞིབ་འཇུག་རེ་གནང་ཐུབ་ན་ཡག་པོ་འདུག་མ་གཏོགས་མོ་འདེབས་པྲ་ཕབ་དང་། ནག་རྩིས་སོགས་ལ་ཡིད་ཆེས་ནས་སྡོད་པ་ནི་ཤིན་ཏུ་རྨོངས་དད་དོ།།

    Reply
  13. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ང་ནི་བོད་ཀྱི་སྨན་རྩིས་གཉིས་ལ་ཡིད་ཆེས་ཆེན་པོ་གང་ཡང་མི་འདུག ནག་རྩིས་དང་མོ་འདེབས་པ་གཉིས་ལ་ནི་ཁྱད་པར་ཆེར་མི་འདུག བོད་སྨན་ནང་ལ་ཡང་མོ་འདེབས་པའི་ཟོལ་འདྲ་བ་ཧ་ཅང་མང་པོ་འདུག

    Reply
  14. རྭ་ལོ། says:
    ལོ་ 16 སྔོན།

    ཉེ་ཆར་གནས་ཆུང་གིས་ས་ཡོམ་གྱི་སྐོར་རྒྱལ་བ་རིན་པོ་ཆེ་ལ་ཞུས་ཡོད་ཚུལ་ཐོས་མྱོང་། ད་བྱས་དུས་སྨན་རྩིས་ཁང་དང་གནས་ཆུང་གཉིས་ཀྱི་སུ་བདེན་བརྟག་དགོས་པ་འདྲ།

    Reply
  15. སེང་བཟང་། says:
    ལོ་ 16 སྔོན།

    ཨ་རོགས་ཚོ།   ལོ་རྟག་པར་རྡ་རམ་ས་ལར་ས་འགུལ་ཡོང་རྒྱུ་རེད་ཟེར་སྡོད་པ་ཚོའི་ཁུངས་གང་ནས་ཡོང་གི་ཡོད་ཨེ་ཤེས།   སྐྱིད་གྲོང་གྲོང་གསེབ་ཀྱི་སྤོ་ལགས་རྨོ་ལགས་དེ་ཚོ་མཚན་མོ་རིའི་སྒང་ལ་འགོ་འགྲོ་གིན་འདུག   ངོ་མ་སྐྲག་ནི་ཟིག་རེད།

    Reply
  16. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བོད་གཞུང་སྨན་རྩིས་ཁང་གི་རྩིས་འདི་ལ་ཡང་བསམ་བློ་གཏོང་རྒྱུ་ཏན་ཏན་ཡོད། མ་གཞི་ནས་དེང་སྐབས་ས་ཡོམ་དང་ཆུ་ལོག ནད་ཡུམས། འཁྲུག་རྩོད་སོགས་ནི་རྒྱུན་ལྡན་དུ་གྱུར་ཡོད་སྟབས་སྔོན་དཔག་བྱ་རྒྱུ་སྔར་ལས་ཅུང་ལས་སླ་རུ་ཕྱིན་ཡོད་པ་འདྲ། ཡིན་ཡང་། ས་གནས་དང་དུས་ཚོད་ངེས་ཅན་བསྟན་པ་འདི་ནི་ཁྱད་མཁས་པ་ཞིག་གི་ཁྱད་ཆོས་ཡིན་ངེས།

    ཉེན་བརྡ་བཏང་བར་ཐུགས་རྗེ་ཆེ། དུས་སྐབས་འདི་དག་ལ་ལྷོ་ཕྱོགས་སུ་འགྲོ་གི་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese