མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་སྤྱི་འཐུས་དགོས་པའི་གནས་ལུགས་བདེན་དར་མ། ཐུབ་བསྟན་རྒྱལ་མཚན་གྱིས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་གངས་ཅན་གྱི་ལྗོངས་འདི་བཞིན་ཆོས་ལྡན་གྱི་ཞིང་ཁམས་ཞིག་ཡིན་ལ་མི་མང་གི་ཆེད་དུ་བཙུགས་པའི་སྲིད་གཞུང་འདི་ཡང་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་གཞུང་ཞིག་ཏུ་བཞུགས་ནས་ལོ་བརྒྱ་ཕྲག་དང་སྟོང་ཕྲག་བརྒལ་ཡོད་ནའང་བསྟན་དགྲ་རྒྱ་དམར་གྱིས་རྨང་ནས་བཅོམ་སྟེ་རྒྱལ་བ་དོན་གྱི་བདག་པོ་ཡང་ས་མཐར་འགྱར་དགོས་པའི་དུས་ངན་གྱི་གནས་སྟངས་ཤིག་བྱུང་བ་རེད། འོན་ཀྱང་ཕམ་ས་ནས་རྒྱལ་དགོས་པ་དང་འགྱེལ་ས་ནས་ལངས་དགོས་པའི་དོན་གནད་ཞིག་ཏུ་བརྩིས་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འཕྲལ་ཕུག་རྒྱང་གསུམ་གྱི་གཟིགས་རྒྱང་རིང་པོ་ལ་གཟིགས་ནས་དྲུག་ཅུ་ཐམ་པ་ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་བཞིན་ཆ་རྐྱེན་དང་རྒྱས་སྤྲོས་ཡོད་མེད་ལ་མ་ལྟོས་པའི་ཆོལ་ཁ་ཆོས་བརྒྱུད་དང་བཅས་པའི་འཐུས་མིའི་ངོ་ཚབ་མཚོན་པའི་ལྷན་ཚོགས་ཤིག་བཙུགས་ཏེ་སྔར་བོད་དུ་ཡོད་པའི་སྐུ་དྲག་རིང་ལུགས་ཀྱི་སྲིད་གཞུང་དེ་བཞིན་རང་དབང་འདྲ་མཉམ་གྱི་ཐོག་ནས་རང་རང་གི་སྐུ་ཚབ་མཚོན་པའི་དབུ་ཁྲིད་དེ་དམངས་ནས་འདེམས་ཆོག་པའི་དམངས་གཙོའི་ཕྱོགས་སུ་བསྒྱུར་གནང་མཛད་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཅའ་ཁྲིམས་རིན་པོ་ཆེ་གཉིས་དབུ་བཞུགས་ཐོག་རྙིང་དོར་བཅུད་ལེན་གྱིས་གང་ཐད་ནས་རིམ་པ་བསྒྱུར་བཅོས་བཏང་ཡོད་ནའང་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐུས་མི་ཡོང་སྟངས་དེར་བསྒྱུར་བཅོས་རྩ་བ་ནས་བཏང་མེད། ལྷག་པར་དུ་ཆོས་བརྒྱུད་ཀྱི་འཐུས་མི་དགོས་མིན་སྐོར་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་དུས་མཁས་པ་དང་ཉམས་མྱོང་ཅན་མི་ཉུང་བས་བགྲོ་གླེང་ཤུགས་ཆེ་གནང་བ་མ་ཟད་རང་གཞུང་འདི་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཞིག་ཡིན་པར་དང་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་གཞི་ཡིན་པ་བཅས་གཞིར་བཞག་ཐོག་ནས་ཆོས་བརྒྱུད་འཐུས་མི་དགོས་པའི་བཅའ་ཁྲིམས་གཏན་ལ་ཕབ་ཡོད་པ་མ་ཟད་ལག་ལེན་གྱི་ཐོག་ནས་ཀྱང་དེ་ལྟར་འགྲོ་གིན་ཡོད། འོན་ཀྱང་ཆགས་སྡང་དུག་ཆུས་མྱོས་པའི་བོན་རྒྱ་བསྟན་འཛིན་རབ་རྒྱས་ལྟ་བུ་ལོག་ལྟ་ཅན་གྱི་གང་ཟག་རྣམས་ཀྱིས་གོང་གི་དགོས་པ་དང་དགོངས་གཞི་སོགས་དྲན་ཡུལ་དུ་འཆར་བའི་དུས་གཏན་ནས་མི་སྲིད་པ་མ་ཟད་གྲོས་ཚོགས་རྭ་བའི་ནང་འཐུས་མི་ཞེ་གསུམ་གྱི་ནག་ཉེས་ཡོངས་རྫོགས་སེར་མོ་བ་དང་ཆོས་བརྒྱུད་ཀྱི་འཐུས་མི་ལ་གཡོག་ནས་ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་པའི་གནས་ལུགས་དམར་ཧྲེང་མ་ཞེས་པའི་ཆོས་བརྒྱུད་འཐུས་མི་དག་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་དོན་ཚན་བདུན་ཅན་ཞིག་སྤེལ་ཡོད། དེས་ན་ཁོང་གིས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་པའི་ཁུལ་ཡིན་ནའང་གནས་ལུགས་དང་རྒྱུ་མཚན་གྱི་ཐོག་ནས་དོན་ཚན་བདུན་པོ་ལ་གནད་དུ་གནོན་པའི་ལན་ཞིག་འཕྲོད་མིན་ལ་མ་ལྟོས་པའི་གསལ་བཤད་ཅིག་བྱ་འདོད་སྐྱེས། མ་གཞི་འཁྱོག་བརྗོད་ཀྱི་བཀའ་མོལ་དང་བདེན་པར་རྒྱབ་ཀྱིས་ཕྱོགས་པའི་ཞེན་ཁོག་གཉིས་པོ་དེ་རང་ཉིད་ཀྱི་གཤིས་ལུགས་དང་འགལ་བ་ཡིན་པར་སོང་གང་ཟག་སུ་ཡིན་རུང་ཐུགས་ལ་མ་བབས་ཀྱང་དང་ལེན་གཏན་ནས་བྱེད་ཐབས་མེད་པའི་རང་གཤིས་ཤིག་ཡིན། ཁོང་གི་རྒྱུ་མཚན་དང་པོ། ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་ད་ལྟའི་བར་ཏུ་༼དུ༽་དྲང་བདེན་གྱི་ལམ་ནས་འདེམས་ཐུབ་མེད་ལ། མ་འོངས་པར་ཡང་འདེམས་མི་སྲིད། དེ་ནི་དཔེ་གཅིག་སྟེ་དགེ་ལུགས་པ་ལ་ཆ་བཞག་ནས་བལྟས་ན་གསལ་བོར་ཤེས་ཐུབ། འདས་མ་ད་གསུམ་གྱི་སྐབས་གང་ཡིན་ཡང་དགེ་ལུགས་སྤྱི་འཐུས་ཡིན་ན་བློ་གླིང་དང་སེར་བྱེས་གང་རུང་གི་གྲྭ་བ་ཞིག་ཡིན་པའི་ཁྱབ་བ་ཡོད། དེ་ནི་དགེ་ལུགས་སྤྱི་འཐུས་ཀྱི་ཤེས་ཚད་ཅན་གྲྭ་ཚང་དེ་གཉིས་མ་གཏོགས་གཞན་ལ་མེད་སོང་བ་མིན། དགེ་ལུགས་སྤྱི་འཐུས་ནི་འོས་ཤོག་གིས་བཟོ་དགོས་ལ་འོས་འདེམས་མཁན་གྱི་གྲྭ་བ་གྲྭ་ཚང་དེ་གཉིས་ལས་མང་ཅན་གྱི་དགོན་པ་ཞིག་དགེ་ལུགས་པ་ཚང་ལ་མེད་པའི་ཆ་ནས་ཡིན། དེ་བཞིན་རྙིང་མ་ལ་མཚོན་ནའང་གཅིག་རྣམ་གྲོལ་གླིང་གི་ཡིན་པས་ཁྱབ་ལ། ཕལ་ཆེར་བོན་པོ་ལའང་གཅིག་སྨན་རིའི་གླིང་གི་ཡིན་པས་ཁྱབ་པ་ཡོད། ལན། དམངས་གཙོའི་ལུང་པའི་ནང་འཐུས་མི་དེ་འོས་ཤོག་ལམ་ནས་བཟོ་དགོས་པ་དེ་དགེ་ལུགས་པ་གཅིག་པུ་མ་ཟད་ཆོས་བརྒྱུད་དང་ཆོལ་ཁ་ཡོངས་རྫོགས་གཅིག་མཚུངས་ཡིན། འོས་མང་ཉུང་གི་ལམ་ནས་འཐུས་མི་བསྐོས་པ་དེ་དྲང་པོ་མ་བྱུང་ན་བཙན་བྱོལ་ནང་དུ་ཆོལ་ཁ་གསུམ་གྱི་ནང་ནས་མི་འབོར་མང་ཤོས་དེ་དབུས་གཙང་ཆོལ་ཁ་རེད། དེས་ན་ལོ་རྗེས་མ་བཀའ་ཁྲི་གདམ་དུས་འོས་མང་ཤོས་འཕེན་མཁན་དེ་དབུས་གཙང་ཡིན་པ་ཟུར་ལྟས་ལེབ་མཐོང་རེད། དེར་ཁྱེད་ཀྱིས་དྲང་བདེན་མ་བྱུང་བཤད་ཕོད་དམ།  རྒྱུ་མཚན་གཉིས་པ། ཆོས་བརྒྱུད་སྤྱི་འཐུས་ནི་ཆོས་བརྒྱུད་དེའི་གྲུབ་མཐའ་ལ་མཁས་ཚད་རྒྱས་པ་དང་ལྷག་བསམ་གྱི་ཆ་ནས་འོས་འདེམས་བྱེད་ཀྱིན་མེད། ཁ་བདེ་བོ་དང་། སྣོག་བརྒྱབ་ནས་གྱོང་མི་རེག་པ་ཞིག མགོ་བདེ་བོ་དང་དྲན་རིག་རྒོད་པོ་ཅན་གྱི་མི་སྣ་ཞིག་བཙལ་གྱིན་ཡོད་པས་འདི་ལྟར་ཆོས་བརྒྱུད་སྤྱི་འཐུས་འདེམས་པས་ཆོས་བརྒྱུད་སྤྱི་འཐུས་ཚོས་ཆོས་བརྒྱུད་རང་གི་མཚན་སྙན་སྲུང་མ་ཐུབ་པ་རེད། ལན། ཆོས་བརྒྱུད་སྤྱི་འཐུས་དེ་ཤེས་ཡོན་དང་ལྷག་བསམ་གྱི་ཆ་ནས་འོས་འདེམས་མ་བྱེད་ནས་མགོ་བདེ་དྲན་རིག་རྒོད་པོ་དང་ཕོ་སུ་རྒོད་ཀྱི་ལམ་ཁ་ཞིག་སྤྱི་འཐུས་གྲོས་ཚོགས་ནང་འགྲོ་ས་ཡོད་ན་ཆོལ་ཁའི་འཐུས་མི་ཚོས་མི་སྨྲ་བའི་བརྟུལ་ཞུགས་བྱེད་དགོས་དོན་གང་ཡིན་ནམ། བཅའ་ཁྲིམས་དང་ཡོངས་སུ་འགལ་ནས་སྤྱི་སྐལ་སྒེར་སྤྱོད་བྱས་ནས་ཧམ་བཤད་རི་ཙམ་བྱས་ནས་འདུག་མཁན་རྣམས་ལ་ལྷག་བསམ་དང་ཤེས་ཡོན་ཅན་སུས་སྐྱོན་བརྗོད་བྱས་སོང་། འོ་ན་ཆོས་བརྒྱུད་འཐུས་མིར་ཤེས་ཡོན་མེད་པ་མགོ་བདེ་དྲན་རིག་རྒོད་པོ་ཡིན་ན་ཁྱེད་ཀྱིས་དགེ་ལུགས་སྤྱི་འཐུས་རྒན་བེ་རི་འཇིགས་མེད་ནི་ཀུན་གྱིས་ངོས་ལེན་ཚད་མཐོ་བྱེད་པའི་རྒན་རབས་ཤེས་ཡོན་པ་ཞིག་རེད། འདས་པའི་ལོ་རྒྱུས་ནང་བཙན་བྱོལ་རྩོམ་རིག་གི་གཞི་རྐང་འཛིན་མཁན་གྱི་མི་སྣ་ཞིག་ཡིན། ཞེས་གསུངས་པ་དེ་དང་དངོས་སུ་འགལ་བ་ལྟག་སྤྲོད་ཀྱི་བཀའ་མོལ་གནང་འདུག། རྒྱུ་མཚན་གསུམ་པ། ཆོས་བརྒྱུད་སྤྱི་འཐུས་ནི་བོད་བསྟན་སྲིད་གང་ལའང་མི་ཕན། ད་ལྟའི་བར་ཏུ་ཕྱིར་བལྟས་ཤིག་གནོངས་དང་། དགེ་ལུགས་སྤྱི་འཐུས་ཀྱིས་དགེ་ལུགས་པར་ཕན་མེད་ལ། རྙིང་མའི་སྤྱི་འཐུས་ཀྱིས་རྙིང་མ་བར་ཡང་ཕན་མེད། སྲིད་ཕྱོགས་ནས་དེ་ལས་ཀྱང་ཞུ་མ་དགོས་པ་ཞིག་རེད། ཆོས་སྲིད་གང་ལའང་མི་ཕན་བཞིན་དུ་ད་དུང་ཁྲི་ཐོག་ལ་བཙུགས་བཞག་ན་གླེན་རྟགས་ཤིག་མ་རེད་དམ།  ལན། ༧གོང་ས་སྐྱབས་མགོན་ཆེན་པོས་དུས་གསུམ་གསལ་གཟིགས་ཀྱིས་ཆོས་བརྒྱུད་སྤྱི་འཐུས་ས་མིག་ཟུར་བཅད་ཀྱི་བཅའ་ཁྲིམས་ནང་བཀོད་པ་དེ་ཆོས་སྲིད་གང་ལ་མི་ཕན་པ་ཤེས་བཞིན་དུ་ཁོང་གིས་གླེན་རྟགས་བྱེད་པ་ཞིག་ཡིན་ནམ། ཡང་ན་༧གོང་ས་ཆེན་པོས་ཁྱེད་ཚོས་ཡོང་ཁུངས་མ་འདྲ་ནས་ཡོང་ཡོད་ནའང་འདིར་སླེབས་ཚར་དུས་སྤྱི་མི་རྣལ་མ་ཞིག་བྱེད་དགོས་ཤིག་གདམས་པ་དེ་ཆོས་བརྒྱུད་སྤྱི་འཐུས་ཚོས་རང་གི་རྩ་བའི་བླ་མའི་བཀའ་ལ་དགོངས་དགོས་སམ།  རྒྱུ་མཚན་བཞི་བ། ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་མ་འོངས་པར་ཉེན་ཁ་ཞིག་ཆགས་ཡོད། ང་ཚོའི་འདས་པའི་ལོ་རྒྱུས་ནང་དུ་ཆོས་ལུགས་དང་གྲུབ་མཐའ་ཁ་ལ་ཁྱེར་ནས་སྲིད་དོན་གྱི་ལས་ཀ་བྱས་ཏེ་ནང་འཁྲུག་ལངས་པ་དང་། ཤི་རྨས་བྱུང་བ། སྲིད་དབང་ཤོར་བ་སོགས་ཀྱི་གནས་ཚུལ་མང་དུ་བྱུང་ཡོད་པ་བཞིན། ཕྱོགས་ཞེན་ཤ་སྟག་གིས་བཟོ་སྐྲུན་ལས་འོང་གིན་པའི་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་ཡང་མ་འོངས་པར་ཉེན་ཁ་ཞིག་ཆགས་སྲིད་པ་རེད། ལན། ཁྱེད་རི་བོང་གནམ་་རྡིབ་ཀྱི་སེམས་ཁྲལ་དགོས་དོན་མེད། ང་ཚོ་འདས་པའི་ལོ་རྒྱུས་ཀྱི་ནང་དུ་ལྷག་པའི་རྙོག་དྲ་ཚང་མ་སྐུ་དྲག་དང་མི་དྲག་རེ་གཉིས་ཀྱིས་ཕུ་དཀྲུགས་མདའ་དཀྲུག་བྱས་པ་ལས་ཆོས་བརྒྱུད་ཀྱི་འཐུས་མིའི་མཚན་མེད་ནའང་ངོ་ཚབ་མཚོན་པའི་མི་སྣ་སུ་གང་གིས་བཟོ་མྱོང་མེད། རྒྱུ་མཚན་ལྔ་བ། དམངས་གཙོའི་སྲིད་གཞུང་སྐད་གྲགས་ཅན་དང་། ཚད་མཐོ་བོ་ཅན་ཨ་རི་དང་རྒྱ་གར་ལྟ་བུའི་ནང་དུའང་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་ལ་ཆོས་དད་རང་དབང་ཡང་ཚད་ཧ་ཅང་མཐོ་མོད། ཆོས་བརྒྱུད་སྤྱི་འཐུས་དང་ཆོས་ལུགས་སྤྱི་འཐུས་ཟེར་བ་ཞིག་མེད།  ཡོད་ཚད་དེ་དག་ལ་བསྟུན་དགོས་མེད་ནའང་དགོས་པ་ལྷག་པོ་མེད་ས་ནས་དམིགས་བསལ་ཞིག་བྱས་པ་ལ་དགོས་པ་མེད། དེའི་ཕྱིར་ང་ཚོ་ལའང་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་དགོས་དོན་མེད། གལ་སྲིད་དགོས་ན་དགོས་ཟེར་མཁན་གྱི་ཆོས་བརྒྱུད་ཡོད་ཚད་ལ་ཆ་སྙོམས་ཀྱིས་གོ་སྐབས་སྤྲད་དགོས་པ་ཞིག་རེད། ལན། ཡོད་ཚད་ལ་ལད་བཟློས་བྱེད་དགོས་མེད་ན་གོང་གི་རྒྱལ་ཁབ་གཉིས་པོ་ལ་དཔེར་ལྟ་དགོས་དོན་མེད་དགོས་ན་ཨ་རྒྱ་གཉིས་ལ་གྲོས་ཚོགས་གོང་འོག་དང་ཕྱི་སྲིད་དང་ནང་སྲིད་སོགས་རྣམ་གྲངས་ཧ་ཅང་མང་བས་དེ་ཚོ་ཁྱེད་ཀྱིས་ཁ་སྐོང་ཐུབ་བམ། ད་དུང་ཁྱེད་ཀྱིས་དོན་ཚན་བདུན་གྱི་ཐོག་ནས་ཆོས་བརྒྱུད་འཐུས་མི་འགོག་བཞིན་པའི་ཁར་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་ཟེར་མཁན་ཚང་མ་ལ་སྤྲད་དགོས་ཤིག་རང་ཚིག་སྔ་ཕྱི་འགལ་བ་སོང་མི་འདུག་གམ། རྒྱུ་མཚན་དྲུག་པ། ཆོས་ལུགས་པ་ལ་ལས་དེ་ནི་ཐོབ་ཐང་ཞིག་ལ་ངོས་འཛིན་གྱིན་འདུག་ལ། མི་སྐྱ་ཁ་ཤས་ཀྱིས་ཀྱང་ཆོས་ལུགས་པ་ཚོར་འོས་ཤོག་གཉིས་ཡོད་པ་རེད་ཅེས་དེ་ནི་ཆོས་ལུགས་པས་དབང་ཡོད་ཆེན་པོ་ཞིག་བྱས་པ་དང་། དེ་ལ་བརྟེན་ནས་ཆོས་ལུགས་པས་ཁེ་བཟང་ཆེན་པོ་ཞིག་ཟ་བཞིན་ཡོད་པའི་ལྟ་ཚུལ་ཞེ་ཐག་པ་ནས་ཡོད། ཡིན་ནའང་། དེ་ནི་ཐོབ་ཐང་ཞིག་མིན་ལ་དེ་ལ་བརྟེན་ནས་ཆོས་ལུགས་པར་ཕན་པ་ལྟ་ཞོག ཆོས་བརྒྱུད་སྤྱི་འཐུས་སུ་འོས་ཐོན་པ་དག་ལའང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད། དཔེར་ན། རྒན་བེ་རི་འཇིགས་མེད་ནི་ཀུན་གྱིས་ངོས་ལེན་ཚད་མཐོ་བྱེད་པའི་རྒན་རབས་ཤེས་ཡོན་པ་ཞིག་རེད། འདས་པའི་ལོ་རྒྱུས་ནང་བཙན་བྱོལ་རྩོམ་རིག་གི་གཞི་རྐང་འཛིན་མཁན་གྱི་མི་སྣ་ཞིག་ཡིན། ཡིན་ནའང་དེའི་རྐྱེན་བྱས་ནས་དྲ་ཐོག་ནས་ཁ་རྡུང་ཚད་མེད་པ་ཞིག་རེག་ཡོད། ཁོང་ལ་གནོད་ཀྱིན་ཡོད་མེད་མི་ཤེས་མོད། ངས་བལྟས་ན་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ནི་བདག་ཕུང་གཞན་ཕུང་ཞིག་རེད། ལན། ཆོས་བརྒྱུད་པ་སུ་ཞིག་གིས་དེར་ཁེ་བཟང་དང་ཐོབ་ཐང་གཉིས་ཀ་ལ་ངོས་འཛིན་ཞུས་ཀྱི་མེད་དེ་ནི་སེར་མོ་བ་ཚོའི་བདེ་སྡུག་དེ་རང་གི་སྲིད་ཞུང་ལ་ཞུ་མཁན་གྱི་བང་ཆེན་ལྟ་བུ་ཞིག་དང་རེ་དོགས་བྲལ་ཏེ་མཐོ་དམན་ཀུན་གྱི་བདེ་སྡུག་ལ་གཟིགས་དཔྱད་གནང་མཁན་ཞིག་ལ་ངོས་འཛིན་དང་དམིགས་ཡུལ་གཉིས་ཀ་དེ་ཡིན། ཆོས་བརྒྱུད་འཐུས་མིས་མི་རིགས་ཀྱི་རྩ་དོན་གྱི་ཆེད་དུ་རང་ཉིད་ཕུང་པ་དང་ཁ་རྡུང་རེག་པ་ལ་ཡ་མཚན་དགོས་ཡ་གང་ཡང་མེད་པས་སྔོན་བྱང་ཆུབ་སེམས་དཔལ་རྣམས་ཀྱི་རྟོགས་བརྗོད་ལ་གཟིགས་ན་ཤེས་ཐུབ། ད་དུང་ཁྱེད་ཀྱིས་མི་མང་ནང་ཁུལ་དུ་དཀྲོག་གཏམ་སྤེལ་བྱེད་ཀྱི་གསལ་ཁ་གང་ཡང་མེད་པའི་སྐད་ཆ་རིགས་ལ་གནས་སྐབས་དགག་དགོས་མ་མཐོང་བས་རེ་ཞིག་གཏམ་སྙོམས་སུ་འཇོག་རྒྱུ་ཡིན། རྒྱུ་མཚན་བདུན་པ། ང་ཚོའི་ཆོས་བརྒྱུད་སྤྱི་འཐུས་ནང་ན་ཆོས་བརྒྱུད་རང་གི་ལྟ་གྲུབ་ལ་བྱང་ཆ་ཆེ་བ་ཕར་ཞོག ཆོས་བརྒྱུད་རང་གི་བསླབ་ཁྲིམས་ཡང་གཙང་ཉར་གནང་མེད་པའི་མི་སྐྱ་རྒད་པོ་ཁ་ཤས་ཐོན་ཡོད། འདི་ནི་ཡ་མཚན་ལ་བསམ་བཞིན་སྲིད་དོན་གྱི་དགོས་དབང་ཞིག་གིས་རྩེད་མོ་རྩེས་ཀྱིན་པ་གསལ་བོར་ཤེས་ཐུབ། ལན། ཆོས་བརྒྱུད་རང་གི་འཐུས་མི་ཡིན་ན་སེར་མོ་བ་ཞིག་དགོས་པའི་ཁྱབ་པ་མེད་ལ་བཅའ་ཁྲིམས་ནང་དུའང་གསལ་མེད། སེར་མོ་བ་རྣམས་ཀྱི་བདེ་སྡུག་དང་བོད་བསྟན་སྲིད་མི་རིགས་དང་བཅས་པ་ལ་ཤ་ཞེན་ཡོད་པ་༧གོང་ས་སྐྱབས་མགོན་ཆེན་པོའི་ཅི་སྲུང་བཀའ་བསྒྲུབ་ཞུ་མཁན་གང་ཟག་གི་ངོ་གདོང་ལ་མ་ལྟས་པར་བཅའ་ཁྲིམས་གྱི་འབྲུ་དོན་གཙོ་བཟུང་གནང་སྟེ་གནས་ལུགས་དང་རྒྱུ་མཚན་ལ་གཞི་བཅོལ་ཏེ་གང་ཡིན་ནའང་བཤད་ཕོད་པ་དང་ལས་ཕོད་པའི་གང་ཟག་ཞིག་བྱུང་ན་དེ་ནི་ཆོས་བརྒྱུད་ཁག་གི་འཐུས་མི་ངོ་མ་དེ་ཡིན། མདོར་ན་ངས་འདི་ན་བཤད་པའི་སྐད་ཆ་ཚང་མ་དངོས་སུ་བོན་རྒྱལ་བསྟན་རབ་ལ་ཕོག་སྲིད་ནའང་དེའི་རྒྱུད་ནས་འདི་དྲའི་རིགས་ཅན་ལོག་རྟོག་རྒྱུན་ལྡན་གྱི་གང་ཟག་རྣམས་ལ་ཕོག་ངེས་ཡིན། འོན་ཀྱང་རང་ངོས་ནས་དགའ་་སྡུག་གི་ཚོར་བ་ཇི་ལྟར་སྐྱེས་རུང་གཏམ་སྙོམས་སུ་འཇོག་རྒྱུ་བརྩིིས་ཡོད། མ་དགོན་ནས། ཐུབ་བསྟནརྒྱལ་མཚན་གྱིས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༣༠ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 73

  1. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    རྒན་ཅོ་རི་ལགས་ཁྱེད་ནི་གནས་ལུགས་དང་རྒྱུ་མཚན་ཐོག་ལངས་ཏེ་ནམ་ཡང་དཔའ་མི་ཞུམ་པའི་སྙིང་སྟོབས་ཅན་ཞིག་རེད་འདུག་ཡིན་ནའང་མི་ལོག་ལྟ་ཅན་འདི་དག་ལ་གནས་ལུགས་དང་རྒྱུ་མཚན་ལས་དབྱུག་པས་བརྡ་སྤྲོད་ན་བཟང་ནི་རེད།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལུག་རྫི་ལགས།

    བདག་ལས་གཞན་གཅེས་དམ་པའི་ལྷ་ཆོས་དང།
    དགྲ་འདུལ་གཉེན་སྐྱོང་འཇིག་རྟེན་ཕ་ཆོས་གཉིས།
    གཅིག་ཕྱོགས་རྒྱལ་ན་གཅིག་ཕྱོགས་ཕམ་འགྲོ་བ།
    འདིར་ནི་ཅོ་རིས་སྔར་ནས་ཤེས་ཁུ་མོ།

    འགྲོ་དྲུག་ཨ་མ་འདོད་པའི་ཐེག་ཆེན་དང་།
    རང་དོན་རང་གཅེས་བྱས་པའི་ཐེག་དམན་གཉིས།
    གཅིག་གི་སེམས་ཁམས་གཅིག་གིས་མི་འདོད་པ།
    འདིར་ནི་ཅོ་རིས་སྔར་ནས་ཤེས་ཁུ་མོ།

    ཉིས་ལྔ་བཅུ་འདུལ་བའི་བཅའ་ཁྲིགས་དང་།
    རང་སྲིད་རང་སྐྱོང་བོད་ཀྱི་བཅའ་ཁྲིམས་གཉིས།
    གཅིག་ཕྱོགས་སྐྱོང་ན་གཅིག་ཕྱོགས་དོར་འགྲོ་བ།
    འདིར་ནི་ཅོ་རིས་སྔར་ནས་ཤེས་ཁུལ་མོ།

    རྣམ་དཔྱོད་ལྡན་པའི་ཆོས་རྒྱུད་སྤྱི་འཐུས་དང་།
    སྒེར་དོན་ཅན་གྱི་མི་དྲག་སྤྱི་འཐུས་གཉིས།
    གཅིག་གིས་ཐལ་ཚིག་གཅིག་གི་མི་འདོད་པ།
    འདིར་ནི་ཅོ་རིས་སྔར་ནས་ཤེས་ཁུ་མོ།

    གནད་ལུགས་དོན་གྱི་སྟོང་བའི་བོན་རྒྱ་དང་།
    དངོས་སྟོབསརིག་པའི་རྗེས་འབྲངས་ཅོ་རི་གཉིས།
    ཆོས་རྒྱུད་སྤྱི་འཐུས་མཐོང་སྟངས་མི་འདྲ་བ།
    འདིར་ནི་ཚེ་སྔོན་ལས་དབང་ཡིན་པར་འདྲ།

    མ་རེད་དམ། ཨ་ཁུ་ལུག་རྫི་ལྷ་ཆབ་ལགས།

    Reply
  3. karma dorje says:
    ལོ་ 15 སྔོན།

    དང་པོ་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་ཡེ་སྐད་ཆ། ད་ཆོལ་ཁའི་སྤྱི་འཐུས་མེད་པ་བཟོ་ཡེ་སྐད་ཆ་དེ་ཐོན། དེ་ནས་སྤྱི་འཐུས་མེད་པ་བཟོ་ཡེ་དང་། མཐའ་མ་བཙན་བྱོལ་བོད་གཞུང་མེད་པ་བཟོ་ཡེ་སྐད་ཆ་དེ་མ་མཏོགས་ལྷག་བགྱི་མ་རེད། དགོངས་པ་ཡག་པོ་བཞེས་ནས་གསུང་ན་སྤྱི་པ་ལ་ཕན་ཐོགས་མི་ཆེའམ།

    Reply
  4. གྲྭ་རྒོད says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས་རྟགས་གསལ་ལ་བྱང་ཆ་ཡོད་ས་རེད།ཁྱབ་འགྲིག་ཡག་པོ་ཞིག་བཏང་འདུག

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དུང་དཀར་རྒྱལ་ལགས།

    ངའི་ནོར་འདུག་ཆོས་སྡེ་སྤྱི་འཐུས་མེད་ན་ཐབས་ཆག་ཡ་མི་འདུག་ལགས་་་་་་་་་དེར་ལས་རྒྱ་རིགས་རྩོམ་པ་པོའི་སྤྱི་འཐུས་ཡོད་ན་ཐབས་ཡ་ཡོད་ས་རེད།

    ཁྱེད་ཀྱིས།
    ༢༽ དེ་སྔོན་མེས་དབོན་རྣམ་གསུམ་སྐབས་སུ་ཆོས་སྤྱི་མེད་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་རྩ་བ་བཙུགས་ཤིང་རྩེ་མོ་རྒྱས་འདུག་པ་འདིས་ཅི་བསྟན་ནམ།
    ཞེས་པའི་ལན་དུ།
    སྤྱི་འཐུས་གྲོས་ཚོགས་ཟེར་འདི་ཡང་མི་དགོས་པར་ཐལ། དེ་སྔོན་མེས་དབོན་རྣམ་གསུམ་སྐབས་སུ་ཆོས་སྤྱི་མེད་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་རྩ་བ་བཙུགས་ཤིང་རྩེ་མོ་རྒྱས་འདུག་པའི་ཕྱིར།
    ཞེས་བཀོད་ཚེ་ཅི་ཞིག་ལན་འདེབས་ཀྱིན་ཡིན་ནམ།

    Reply
  6. གྲྭ་རྒོད says:
    ལོ་ 15 སྔོན།

    དྲ་ཐོག་འདིར་བསམ་ཚུལ་བཀོད་མཁན་རྣམས་ལ་ཆེད་ཞུ།ང་ཚོའི་གཞུང་འདི་ཆོས་ལྡན་གྱི་གཞུང་ཞིག་ཡིན་པ་ཤེས་ཡོད་དམ།ཆོས་དོན་ལྷན་ཁང་དེ་གཞུང་གི་ལས་ཁུངས་ཞིག་ལ་ངོས་འཛིན་ཡོད་དམ།བོད་ཞེས་པ་ཇི་སྲིད་གནས་ཐུབ་མིན་དེ་རྩ་བ་སུ་ལ་ཐུག་ཡོད་མེད་དེ་ཤེས་སམ།འགྲོ་སྟིང་མེད་པ་རང་རེད།བོད་པའི་གཞན་ལ་ངོམ་རྒྱུའི་རིན་ཐང་ཡོད་པས་རིག་གཞུང་དེ་གང་ཡིན་ཤེས་སམ།

    Reply
  7. དུང་དཀར་རྒྱལ། says:
    ལོ་ 15 སྔོན།

    ངས་ཕྱོགས་གཉིས་ཆ་ལ་དྲི་བ་འགའ་འདྲི་ཡོང་ལན་རེ་ཐོབས་དང་།
    ལན་གསལ་པོ་རེ་ཐེབས་ན་ང་ཚོའི་དོགས་པ་དང་རྣམ་རྟོག་ངན་པ་དག་ཅུང་སངས་ངེས་སྙམ།།

    ༡༽ ཆོས་བརྒྱུད་སྤྱི་མཐུས་མེད་ན་ཐབས་ཆག་འགྲོ་བ་ཅི་ཡོང་ངམ

    ༢༽ དེ་སྔོན་མེས་དབོན་རྣམ་གསུམ་སྐབས་སུ་ཆོས་སྤྱི་མེད་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་རྩ་བ་བཙུགས་ཤིང་རྩེ་མོ་རྒྱས་འདུག་པ་འདིས་ཅི་བསྟན་ནམ།

    ་་་་་་་་་་་་་་་་
    ༡༽ ཆོས་དང་ཆབ་སྲིད་ཁག་ཁག་ཡིན་པས་ཆོས་སྤྱི་མི་དགོས་ན། ཏཱ་ལའི་བླ་མའི་དབུ་ཁྲིད་མི་དགོས་སམ།

    ༢༽ ཏཱ་ལའི་བླ་མ་མེད་ཤུལ་དུ་ཆོས་ལུགས་རྙོག་གླེང་བྱུང་ན་སུས་བར་འདུམ་བྱ་ཐུབ། དེའི་ཡོང་རྐྱེན་སུས་འགོག་ནུས་སམ

    ཡ་ཡ་
    ད་ལྟ་འཕར་བཞིན་པའི་དྲྭ་གྲོགས་ཚོས་བདེན་པའི་དཔང་པོ་ཡོད་ན་དོན་མཐུན་གྱི་ལན་རེ་བྲིས་དང་

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དངོས་སྟོབས་རོག་པའི་བཀོད་ཀྱང་་་་་་་་དངོས་སྟོབས་རིག་པ་བཀོད་ཀྱང་ཞེས་བཅོས་རོགས་ལུག་རྫི་མཆོག

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མཁས་དབང་ལུགས་རྫི་ལྷ་ཆབ་སྤྱིན་པ་ལགས།

    ཀློག་རྡུལ་དྲ་བའི་ངོས་ལ།
    དངོས་སྟོབས་རོག་པ་བཀོད་ཀྱང།
    ལུག་རྫི་ལྷ་ཆབ་སྤྱིན་པའི་།
    སྒྲུབ་བྱ་རྟོགས་ཐབས་མི་འདུག

    ཆོལ་ཁ་ཆོལ་ཁ་ཟེར་ནས།
    ཕྱོགས་ཞེན་དུག་གི་སྨྱོ་འདུག
    ཆོས་ལུགས་ཆོས་ལུགས་ཟེར་ནས།
    ནག་པོ་བདུད་དུ་སེམས་འདུག

    སྐྱིད་པའི་མི་ཡུལ་འདི་ལ།
    སྐད་ཆ་བཤད་འདོད་མེད་ན།
    རྩ་ཐང་སྤང་ལྗོངས་སྟེང་དུ།
    ལུག་གི་རྗེས་སུ་ཕེབས་རོགས།

    ལུག་རྫི་རྒ་པོའི་རྣམ་དཔྱོད།
    ལུག་ལས་ཡག་བ་ཡོད་ཀྱང།
    ཀློག་རྡུལ་དྲ་བའི་ངོས་ན།
    རྟོག་གེ་རིག་པར་མ་ཤེས།

    གནས་ལུགས་དོན་གྱི་ཟབ་མོར།
    རིག་པའི་རྟོགས་པ་མེད་ན།
    ཚེ་གཅིག་ལུས་གཅིག་འདི་ལ།
    ལུག་རྫི་བྱེད་ནས་བཞུགས་རོགས།

    ཆོས་ལྡན་རྒྱལ་ཁབ་ཞིག་ལ།
    སྤྱི་འཐུས་དགོས་དང་མི་དགོས།
    ཨ་ཕོ་ལུག་རྫི་ཞིག་གིས།
    རྫིའུ་གླུ་ལེན་པར་སྔ་འདུག

    Reply
  10. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཆོལ་ཁའི་སྤྱི་འཐུས་ཀྱང་མེད་པར་གཏོང་དགོས་འདུག་་་་ https://tibettimes.net/wordpress/blogs.php?id=40&post_id=8034

    Reply
  11. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    https://tibettimes.net/wordpress/blogs.php?id=265

    Reply
  12. ཨ་ཟླ་བ། says:
    ལོ་ 15 སྔོན།

    ཁྱི་རྒན་ལྷ་ཆབ་ ཁྱེད་རང་ཡང་ཆོལ་ཁ་ནད་ཀྱི་ཟིན་པ་ཨང་དང་པོ་དེ་རེད་འདུག

    Reply
  13. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    འཁྱར་འཁྱོར་སུག་རིས་བགྱིས་པའི་བླུན་པོའི་ཅོལ་གཏམ།།
    གློག་རྡུལ་འཕྲུལ་གྱི་ངོས་ལ་བྲིས་པ་མང་ཡང་།།
    བདག་གི་རྩོད་ཟླར་འོས་པ་གཅིག་ཀྱང་མེད་པས།།
    ཁྱི་དང་ཕག་པའི་གསེང་ནས་ཕྱི་ལ་བྲོས་ཡོད།།

    ཆོལ་ཁ་ཆོལ་ཁ་ཟེར་བའི་བླུན་པོ་མང་བས།།
    ཐུ་བྷོད་བཙན་པོའི་གཉའ་བ་སྔོན་ནས་ཆག་སོང་།།
    ཆོས་ལུགས་ཆོས་ལུགས་ཟེར་བའི་ཟོག་རྫི་མང་བས།།
    སྟོན་པའི་བཅོས་པ་ཕྲ་མོའི་སྐུད་པ་ཆད་སོང་།།

    མི་ཡུལ་འདི་ལ་སྐད་ཆ་བཤད་འདོད་མི་འདུག།
    བདག་གི་ལྷག་བསམ་དྭངས་མོ་འཕྲོ་ལྷག་ཡིན་སོང་།།
    བླུན་པོ་དག་ལ་རྩོད་པ་རྒྱག་འདོད་མི་འདུག།
    བདག་གི་རྣམ་དཔྱོད་འདི་ལ་རྩོད་ཟླ་མི་འདུག།

    དོན་གྱི་ཟབ་ས་མི་ཟིན་བླུན་པོའི་གཤིས་ཀར།།
    འཇུས་ན་བདག་ཉིད་ཕོངས་པའི་རང་མཚང་ཡིན་འདུག།
    དེ་བས་མཁས་མང་འཛོམས་པའི་གྲལ་དུ་འཚང་ནས།།
    དོན་གྱི་སྙིང་བོ་རྟོགས་པའི་ཕྱོགས་ལ་འབད་ངེས།།

    Reply
  14. karma dorje says:
    ལོ་ 15 སྔོན།

    ཐུབ་བསྟན་རྒྱལ་མཚན་ནི།

    ཐུབ་དབང་མི་ཡི་དབང་པོའི་རྗེས་འབྲངས་ཞིག །
    བསྟན་ལ་དད་ཅིང་རང་རིགས་སྲིད་གཞུང་དེ། །
    རྒྱལ་ཁག་གཞན་མཚུངས་མང་གཙོའི་གྲོས་ཚོགས་ལྟར། །
    མཚན་སྙན་འབར་ཕྱིར་ཆོས་བརྒྱུད་སྤྱི་འཐུས་བསྟོད། །

    ཆོས་བརྒྱུད་སྤྱི་འཐུས་མེད་ལས་ཡོད་པ་ལེགས། །

    Reply
  15. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཁྱེད་ཀྱིས་རྟགས་མ་གྲུབ་ཞེས་ལན་འདེབས་ན་་་་་ཞེས་བཅོས་རོགས།

    Reply
  16. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཁ་བའི་མེ་ཏོག་ལགས། ཁྱེད་ཀྱིས་རྟགས་རྟགས་སྣང་གཉིས་བཀོད་འདུག་ད།

    རྟགས་དང་པོ། ཆོས་སྡེ་ཀྱི་སྤྱི་འཐུས་ཆོས་ཅན། བཙན་བྱོལ་བོད་གཞུང་ལ་མི་དགོས་པ་ཐལ། གྲ་བཙུན་རེ་ཡིས་འོས་ཤོག་གཉིས་ཀྱི་ཐོབ་ཐང་དེ་དམངས་གཙོའི་འོས་འདེམས་ཀྱི་ལམ་ལུགས་དང་འགལ་བ་ཆགས་ཡོད་པའི་ཕྱིར།
    དེར་ཐལ། དམངས་གཙོ་ཚད་ལྡན་ཅན་གྱི་རྒྱལ་ཁབ་སུ་ལའང་ཆོས་ལུགས་ཆོས་བརྒྱུད་སོགས་ཀྱི་སྤྱི་འཐུས་འོས་གཞི་ཞིག་གཏན་ནས་འདེམས་སྲོལ་མེད་པའི་ཕྱིར།

    ཞེས་ཁྱེད་ཀྱིས་བཀོད་ཚེ་ངས་ཁྱབ་པ་མ་བྱུང་ཞེས་ལན་འདེབས་ཞུ་རྒྱུ་ཡིན།

    རྣ་བ་མ་གཡེང་པར་ཉན་ཞིང། འོ་ན་ཆོས་སྡེ་བཀའ་བློན་ཆོས་ཅན། བཙན་བྱོལ་བོད་གཞུང་ལ་མི་དགོས་པ་ཐལ། གྲ་བཙུན་རེ་ཡིས་འོས་ཤོག་གཉིས་ཀྱི་ཐོབ་ཐང་དེ་དམངས་གཙོའི་འོས་འདེམས་ཀྱི་ལམ་ལུགས་དང་འགལ་བ་ཆགས་ཡོད་པའི་ཕྱིར། ཞེས་བཀོད་ཚེ་ཁྱེད་ཀྱིས་ཅི་ཞིག་ལན་འདེབས་ཀྱིན་ཡིན་ནམ། ཁྱབ་པ་མ་བྱུང་ཞེས་ལན་འདེབས་ཀྱིན་ཡིན་ནམ།ཧཧཧཧཧཧ
    དེར་ཐལ། དམངས་གཙོ་ཚད་ལྡན་ཅན་གྱི་རྒྱལ་ཁབ་སུ་ལའང་ཆོས་སྡེ་བཀའ་བློན་འོས་གཞི་ཞིག་གཏན་ནས་འདེམས་སྲོལ་མེད་པའི་ཕྱིར།

    ཁྱེད་ཀྱིས་རྟགས་མ་གྲུབ་ན་ཞེས་ལན་འདེབས་ན། ཚར་ཞིག་རྒྱག་གིན་ཡིན། ཁྱབ་པ་མ་བྱུང་ཞེས་ལན་འདེབས་ན་ཁྱེད་ཀྱི་རྩ་བའི་དམ་བཅའ་ལ་ཚར་རྒྱག་གིན་ཡིན།

    ད་ཁྱེད་ཀྱིས་འདོད་རྟགས་མ་གྲུབ་གང་གི་ལན་འདེབས་བྱེད་ཀྱིན་ཡིན་ནམ།ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧོ

    Reply
  17. ཁ་བའི་མེ་ཏོག says:
    ལོ་ 15 སྔོན།

    ད་ལྟའི་དུས་འདིར་ཆོས་བརྒྱུད་སྤྱི་འཐུས་འདི་ཚོ་དགོས་གལ་མི་འདུག
    གྲ་བཙུན་རེ་ཡིས་འོས་ཤོག་གཉིས་ཀྱི་ཐོབ་ཐང་དེ་དམངས་གཙོའི་འོས་འདེམས་ཀྱི་ལམ་ལུགས་དང་འགལ་བ་ཆགས་ཡོད། དམངས་གཙོ་ཚད་ལྡན་ཅན་གྱི་རྒྱལ་ཁབ་ཞིག་དགོས་ན་ང་ཚོས་ངེས་པར་དུ་དམངས་གཙོ་ཚད་ལྡན་ཡོད་པའི་རྒྱལ་ཁབ་ཚོར་མིག་དཔེ་བལྟ་དགོས། དམངས་གཙོ་ཚད་ལྡན་ཅན་གྱི་རྒྱལ་ཁབ་སུ་ལའང་ཆོས་ལུགས་ཆོས་བརྒྱུད་སོགས་ཀྱི་སྤྱི་འཐུས་འོས་གཞི་ཞིག་གཏན་ནས་འདེམས་སྲོལ་མེད་ན་ང་ཚོས་ལྐུག་པས་འུ་ཚུགས་བྱེད་དགོས་དོན་མི་འདུག ང་ཚོའི་བོད་ཀྱི་ལོ་རྒྱུས་ནང་ཕྱིར་མིག་ལྟོས་པ་ཡིན་ན་ཆབ་སྲིད་པ་ཚོས་ཆོས་ལུགས་ཆོས་བརྒྱུད་པ་རྣམས་བེད་སྥྱད་ནས་བོད་གཞུང་ལ་སེར་དམག་ལངས་བའི་ལོ་རྒྱུས་ཡོད་པས། ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་འདི་ཚོའི་བྱ་སྤྱོད་ལ་ལྟོས་པ་ཡིན་ན་དེ་འདྲ་མི་ཡོངས་བས་ངེས་པ་མེད་དོ།

    Reply
  18. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དགྲ་བཅོལ་པ་ཆོས་སྐྱབས་ལགས།

    དོན་གོ་རྒྱུ་མེད་པ་བཤད་མཁན་འདི་ཚོ་ལ་དངོས་གནས་རྟོག་གེ་རིག་པའི་སྒྲུབ་དྱེད་ནི་བེད་སྤྱོད་བྱེད་མི་ཐུབ་པའི་ལུག་རྒན་འདི་ཚོ་ལ་གོ་བ་སྤྲད་ཁག་པོ་འདུག་ལགས།

    ཡིན་ཡང་བོད་མི་ཞིག་ཡིན་པའི་ཆ་ནས་ང་ཚོས་དུས་ནམ་བསླབ་བྱ་རྒྱག་དགོས་ཞུ་རྒྱུ་ཡིན་ལགས།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཆོས་སྡེ་ལ་དགག་པ་རྒྱག་མཁན་དམ་ཉམ་ཚོའི་ཉན་ཞིག

    དངུལ་དང་བུད་མེད་དགའ་བའི་མི་དྲག་ལ།
    སྐྱབས་སུ་བཟུང་མཁན་ཕྱི་པ་ལྷ་ཆབ་དང་།
    ཁྲག་དོག་དུག་གིས་བཟི་བའི་བོན་རྒྱ་གཉིས།
    ཕྱོགས་ཞེན་དུག་ཆུ་འཐུང་བའི་ཆུ་ཐོགས་སོགས།

    རྣ་བ་མ་གཡེང་དྲང་བདེན་གླུ་ལ་ཉན།
    ཆོས་སྲིན་ཟུངས་འབྲེལ་བཙན་བྱོལ་བོད་གཞུང་ལ།
    ཆོས་སྡེ་སྤྱི་འཐུས་དགོས་པར་རྒྱལ་བའི་བཀའ།
    ཆོས་སྲིད་ཟུངས་འབྲེལ་དགོས་པར་བཅའ་ཁྲིམས་གསུངས།

    གངས་ལྗོངས་སྤྱི་འཐུས་གྲོས་ཚོགས་ར་བ་ནས།
    རྒྱུ་འབྲས་དྲང་པོ་སྐྱོང་མཁན་ཆོས་འཐུས་རེད།
    རྟོག་གེ་རིག་པ་ཤེས་མཁན་ཆོས་འཐུས་རེད།
    ཁྲིམས་ལ་བརྩི་སྲུང་བྱེད་མཁན་ཆོས་འཐུས་རེད།
    ཉམ་ཆུང་རྒྱབ་སྐྱོབ་བྱེད་མཁན་ཆོས་འཐུས་རེད།
    སྐུ་དྲག་མགོ་མནན་བྱེད་མཁན་ཆོས་འཐུས་རེད།
    ངན་པ་སྐྱོན་འཛུགས་བྱེད་མཁན་ཆོས་འཐུས་རེད།
    རྒྱལ་བའི་བཀའ་བཞིན་སྒྲུབ་མཁན་ཆོས་འཐུས་རེད།
    དགོན་པ་གྲྭ་ཚང་སྐུ་ཚབ་ཆོས་འཐུས་རེད།

    འདི་ཚོ་ཚང་མ་ཅོ་རི་དྲང་གཏམ་ཡིན།
    ཁྱི་འབོད་འཐེན་མཁན་ཚུལ་ཁྲིམས་ཆུ་ཐིགས་སོགས།
    དངོས་སྟོབས་རིག་པའི་སྒྲུབ་མ་ཤེས་ན།
    ཁྱི་འབོད་འཐེན་ཡང་རང་འཚང་རང་སྟོན་རེད།

    རྣ་བའི་ཨེ་གོ་ཚུལ་ཁྲིམས་ཁྱི་འབོད་བ།
    བྲིས་པའི་མཆན་བུ་དེ་ལ་ཚིག་གསུམ་མེད།
    མཆན་བུ་བརྗོད་བྱ་དེ་ནི་ཁྱི་ལས་མེད།
    ཁྱེད་རང་ཁྱིའི་རིགས་ཡིན་པར་མ་ཤེས་སམ།ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  20. ནགས་མེ། says:
    ལོ་ 15 སྔོན།

    ལྷ་ཆབ་སྤྱིན་པ་ཟེར་བའི་མི་འདིས། ཁོ་སྐྱེས་ནས་ད་ལྟའི་ཁ་སྤུ་མཐུག་པོ་ཅན་འདིའི་བར་ཕལ་ཆེར་ཕྱོགས་ཞེན་སྤངས་པའི་སྐད་ཆ་དྲང་མོ་ཞིག་བཤད་མྱོང་ཨེ་ཡོད་སྙམ་པའི་ཚོར་སྣང་ཡོད། དེ་ནི་ངས་ཁོ་པའི་ཡིག་འཇོག་བྱ་སྟངས་དང་རྩོམ་ཡིག་འབྲི་སྟངས་ལ་གཞིགས་ཏེ་སྐད་ཆ་འདི་བཤད་པ་ཡིན།

    Reply
  21. བྱང་ཆུབ། says:
    ལོ་ 15 སྔོན།

    བླུན་པོའི་ནང་ནས་བློན་པོ་ལྷ་ཆབ་པ། །ཕྲག་དོག་དབང་གིས་ཡོན་ཏན་སྐྱོན་དུ་མཐོང་། །སྐྱེ་བོ་མཐོང་ཚད་རང་གི་དགྲ་རུ་སྡང་། །དེ་དག་སྔོན་གྱི་ཚོགས་ངན་བསགས་ལས་བྱུང་། །

    Reply
  22. ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ཁྱི་རྒན་ལྟ་བུའི་ཅོ་ཉི་འདི་ཚོར་ཅི་ཙམ་ཁ་སློང་ན་དེ་ཙམ་གྱི་ཟུག་སྐད་འདོན་ལེ་རེད། དེ་ལས་ངལ་གསོ་རྒྱག་ན་ཡག་གི་མ་རེད་པས། གྲོགས་པོ་ཚོ།

    Reply
  23. ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ཁྱི་རྒན་ཀུ་ཅོ་འདོན་པ་ལ། །རྒྱུ་མཚན་མེད་པར་གཞན་དག་རྒྱུགས། །

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese