མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འཕྲུལ་རྟའི་སྐོར་སྐྱོད་ཀྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp
གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་རྡེ་ར་རྡུན་བདེ་སྐྱིད་གླིང་ས་གནས་བོད་ཀྱི་གཞོན་ནུའི་གོ་སྒྲིག་འོག རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ནང་ཉིན་བཅོ་ལྔའི་རིང་གི་འཕྲུལ་རྟའི་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གྱིན་ཡོད་འདུག
ཟླ་འདིའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་རྡེ་ར་རྡུན་བདེ་སྐྱིད་གླིང་ས་གནས་གཞོན་ནུས་གོ་སྒྲིག་འོག མི་ ༣༡ ཙམ་གྱིས་རྒྱ་གར་ཨུ་ཌུ་ར་ཁན་ ( Uttarakhand )  ཡུས་པེའུ་ (Uttar Pradesh) ལྡི་ལི་ ( New Delhi ) སོགས་མངའ་སྡེ་ཁག་ཅིག་ནང་འཕྲུལ་རྟའི་སྐོར་སྐྱོད་ཅིག་མགོ་འཛུགས་བྱས་ཡོད་པ་དང་། འཕྲུལ་རྟའི་སྐོར་སྐྱོད་འདི་ཉིན་བཅོ་ལྔའི་རིང་ལ་བྱས་ཏེ་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་ཡིན་འདུག ཐེངས་འདིའི་འཕྲུལ་རྟའི་སྐོར་སྐྱོད་སྐབས་འཕྲུལ་རྟ་བཅུ་དང་རླངས་འཁོར་ཆུང་བ་གཅིག དོས་སྐྱེལ་རླངས་འཁོར་གཅིག་བཅས་ཡོད་འདུག
ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་ཡེ་ཤེས་ཐར་ཆེན་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། འདས་པའི་ཉིན་གཉིས་རིང་རྒྱ་གར་གྱི་གྲོང་ཁྱེར་དང་ས་གནས་ཁག་ཅིག་ནས་བོད་དོན་དྲིལ་བསྒྲགས་སྐོར་དང་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ལ་གསར་འགོད་གསལ་བསྒྲགས་ཐེངས་འགར་གནང་ཡོད་འདུག ཁོང་གིས་ད་དུང་ད་ལོའི་གསུམ་བཅུའི་དུས་དྲན་འདི་ནི་གསུམ་བཅུའི་དུས་དྲན་ཐེངས་ ༥༡ པ་དེ་ཆགས་ཡོད་པ་དང་། ༢༠༠༨ ལོར་བོད་ནང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་རྒྱ་གཞུང་གིས་བོད་མི་མང་པོ་ཞིག་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་པར་བརྟེན། རྒྱ་གར་མང་ཚོགས་དང་རྒྱལ་སྤྱིའི་སྟེང་གི་བོད་དོན་རྒྱབ་སྐྱོར་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག ཨ་རི་གཙོས་སྟོབས་ཆེན་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་རག་ཆེད་དྲིལ་བསྒྲགས་དང་འབོད་སྐུལ་ཞུ་རྒྱུ་དང་། གཞན་ཡང་ལོ་སྔོན་མར་ང་ཚོ་སྐྱབས་བཅོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བ་དང་། ད་ལོར་ལོ་ ༥༡ འཁོར་གྱིན་ཡོད་པར་བརྟེན། འདས་པའི་ལོ་ངོ་འདི་དག་རིང་རྒྱ་གར་གཞུང་མང་གིས་ང་ཚོ་སྐྱབས་བཅོལ་དུ་སྡོད་བཅུག་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའི་ཆེད་དུའང་ཡིན་ཞེས་གསུངས།
གཞན་ཡང་ཉིན་བཅོ་ལྔའི་རིང་གི་ལས་འགུལ་འདི་ཕྱི་ཚེས་ ༢༤ ཉིན་བདེ་སྐྱིད་གླིང་གཞིས་ཆགས་སུ་མཇུག་སྒྲིལ་གྱི་ཡིན་ལ། ཐེངས་འདིའི་ལས་འགུལ་སྐབས་ང་ཚོས་དགོས་འདུན་བཞི་འདོན་གྱི་ཡོད་པ་ནི། གཅིག  བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དགོས་ཀྱི་འདུག གཉིས། པཎ་ཆེན་ཆུང་སྲིད་མཆོག་མྱུར་ཏུ་བཙོན་གྲོལ་དགོས་པ་དང་ཁོང་གི་སྐུ་གཟུགས་གནས་བབ་སྐོར་འཛམ་གླིང་ནང་ཡོངས་གྲགས་ཐོག་གསལ་བོ་བཟོ་དགོས་པ། གསུམ། བོད་ཀྱི་ས་ཐོིག་ནས་རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དང་བོད་ཀྱི་རང་བྱུང་གཏེར་ཁ་གང་བྱུང་སྔོག་འདོན་བྱེད་པ་སོགས་མཚམས་འཇོག བཞི། རྒྱ་ནག་གི་བོད་ཀྱི་རྒྱལ་ས་ལྷ་སའི་བར་དུ་མེ་འཁོར་ལྕགས་ལམ་མགོ་བཙུགས་པ་ནས་རྒྱ་རིགས་རྣམས་བོད་ཀྱི་ས་ཐོག་ཏུ་སྤོར་ཤུགས་ཆེ་རུ་བཏང་ཡོད་པར་བརྟེན། བོད་དེ་མི་སེར་སྤེལ་ཡུལ་བྱེད་རྒྱུར་མཚམས་འཇོག་དགོས་པ་བཅས་ཡིན་ཟེར།

མཆན། 16

  1. ར་ས་ཕོ་ཉ། says:
    ལོ་ 13 སྔོན།

    དགུ་ཚིགས་སྐྱ་མོ་ལགས། ཁྱབ་ཆེ་ཤོས་རེད་ཟེར་མཁན་གྱི་མདོ་དབུས་ཁམས་གསུམ་གྱི་མཁས་པ་རེ་རེ་མིང་རེ་གསུངས་རོགས། ཨ་ནི་ང་ལ་ལབ་རྒྱུ་གང་མེད།

    Reply
  2. དགུ་ཚིགས་སྐྱ་མོ། says:
    ལོ་ 13 སྔོན།

    ར་ས་ཕོ་ཉ། དངོས་གནས་བཤད་ན་ཁྱེད་ཀྱིས་བོད་མདོ་དབུས་ཁམས་གསུམ་གྱི་ས་ཆར་ཁ་སྐད་གང་ཞིག་གྲགས་ཆེ་ཧ་གོ་མི་འདུག་ལ། མ་ཟད་དགག་དགོས་ཀྱི་གནས་ལ་བླང་དོར་དཔྱོད་པའི་ཤེས་རབ་ཀྱང་དེ་ཙམ་རེད།
    དེས་ན་ཁྱེད་ཀྱིས་སྦག་སྦག་གམ་སྤག་སྤག་ཟེར་འདོད་ན་དེ་བཞིན་གྱིས། དེ་མིན་བོད་ནང་ལ་མིང་ཁྱབ་ཆེ་ཤོས་དང་ཡག་ཤོས་དེ་འཕྲུལ་རྟ་རེད་ཅེས་མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་པོས་གཏན་ལ་ཕབས་རྗེས་མཁས་བླུན་ཀུན་ལ་གྲགས་ཟིན་པ་རེད་ལགས།

    Reply
  3. ར་ས་ཕོ་ཉ། says:
    ལོ་ 13 སྔོན།

    ཅོ་རི་ཉི་མ་ལགས། ཐ་སྙད་སྙིང་པ་ཡོད་བཞིན་དུ་གསར་པ་རེ་བཏགས་ནས་ཁ་ལ་སྦྱར་ཐབས་བྱེད་མི་དགོས་སྙམ། དེ་ལས་ཐ་སྙད་སྙིང་པ་དེ་བེད་སྤྱད་བཏང་ན་སྐད་གཅིག་གྱུར་ལ་ཕན་ནུས་འཐོན་ཐུབ། ཁྱེད་ཀྱིས་ལག་ལྡན་ཞེས་པ་དེ་གླང་པོ་ཆེ་གཅིག་པོ་ལ་གོ་བ་གསུངས་འདུག་པར། གྲགས་ཟིན་པ་དེ་ག་དེའི་མིང་དུ་འགྲིགས་པ་རེད། འཕྲུལ་རྟ་ཞེས་པ་དེ་མ་གྲགས་པ་ཡིན་དུས་སྦག་སྦག་གཅིག་པོ་ལ་གོ་ཡག་རེད་མི་འདུག

    དེས་ན་སྐད་ཡིག་གཅིག་གྱུར་ལ་བསམས་ནས་གྲགས་ཟིན་དེ་བེད་སྤྱད་གཏོང་ན་ཡག་པོ་འདུག

    Reply
  4. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ས་ར་ཕོ་ཉ་ལགས།
    དང་པོ་ངའི་ཅི་ཞིག་བཤད་འདུག་ཡག་པོ་གཟིགས་ནས་གནད་དོན་རེ་གླེང་ན་མི་བཟང་ངམ།

    མི་གཞན་གྱི་བརྗོད་པའི་དོན་གོ་བའི་ཐོག་ཁ་བརྡ་བྱེད་ན་དོནདང་ལྡན་པ་ཡོང་སྲིད།

    དེ་མིན་་་་་་་་་་་་་ཧཧཧཧཧཧཧཧཧཧཧ

    Reply
  5. དགུ་ཚིགས་སྐྱ་མོ། says:
    ལོ་ 13 སྔོན།

    ར་ས་ཕོ་ཉ། ཁྱེད་ཀྱིས་དང་པོ་བོད་ཡིག་ཡག་པོ་ཞིག་སྦྱོངས་དང་། དེ་ཁྱེད་ལ་ད་ལྟ་གལ་ཆེ་ས་རེད། ༼ རྟ་ཅང་ ༽༼ འཕུར་ཆས་ ༽ཞེས་པའི་ཐ་རྙད་ཞིག་མི་ཁྱེད་ཀྱི་ཁ་ནས་མ་གཏོགས་གོ་མ་མྱོང་དེ་ཅི་ཞིག་རེད། མ་གཞི་ཁྱེད་རང་གིས་བོད་སྐད་དག་མ་ཞིག་ཤེས་ཀྱིན་མེད་པ་འདྲ།
    ནོར་་་་་་་་་་་་་་་་་་་་་་་་་་་་་་་་་་་བཅོས
    གྲགས་ཆེ་ཞིག་་་་་་་་་་་་་་་་་་་་གྲགས་ཆེ་བ་ཞིག་
    ཟེར་གྱི་་་་་་་་་་་་་་་་་་་་་་་་་་་་་་ཟེར་གྱིན
    ག ངས་ཀྱང་་་་་་་་་་་་་་་་་་་་་་་ངས་ཀྱང
    ཚོད་ཚོད་་་་་་་་་་་་་་་་་་་་་་་་་་ཚོད་དཔག
    བྱས་་་་་་་་་་་་་་་་་་་་་་་་་་་་་་་་་བྱས་ནས
    དགོས་ཡག་་་་་་་་་་་་་་་་་་་་་་དགོས་ཡ
    ་བེད་སྤྱད་་་་་་་་་་་་་་་་་་་་་་་་་་་་བེད་སྤྱོད
    བྱས་པའི་་་་་་་་་་་་་་་་་་་་་་་་་་་བྱེད་པའི

    Reply
  6. ར་ས་ཕོ་ཉ། says:
    ལོ་ 13 སྔོན།

    ཅོ་རི་ཉི་མ། དགུ་ཚིགས་སྐྱ་མོ། འཇམ་དབྱངས་བཅས་ལ། འཕྲུལ་རྟ་ཞེས་པའི་མིང་དེ་གྲགས་ཆེ་ཞིག་ཨེ་ཡིན། གོང་གི་མཆན་དེ་ཚོའི་ནང་མི་ཚང་མས་འཕྲུལ་རྟ་ཟེར་བ་གང་དུ་ཟེར་གྱི་ཡོད་མེད་ཡག་པོ་ཤེས་མི་འདུག་ག ངས་ཀྱང་ཚོད་ཚོད་བྱས་སྦག་སྦག་ལ་གོ་བ་ལེན་པ་ཡིན། མ་གཞི་སྦག་སྦག་ཞེས་པའི་ཚིག་དེ་བོད་སྐད་ངོ་མ་རེད། མིང་ཡང་དེའི་སྐད་ལས་བཏགས་པར་སེམས། འཕྲུལ་རྟ་ཟེར་ན་རྟ་ཅང་ལ་གོ་ཆོག་ལ། འཕུར་ཆས་ཁྱད་མཚར་དེ་འདྲ་ལའང་བཏགས་ཆོག དེས་ན་ངའི་རེ་བ་ལ་སྦག་སྦག་ཞེས་པའི་མིང་དེ་ལས་འཕྲུལ་རྟ་ཞེས་དགོས་ཡག་མི་འདུག་སེམས། ད་ལྟ་བོད་མི་མང་ཆེ་བས་བེད་སྤྱད་བྱས་པའི་ཚིག་དེ་ཚོ་གཏན་འབེབས་ཡོད་ན་ཡག་པོ་འདུག

    Reply
  7. འཇམ་དབྱངས says:
    ལོ་ 13 སྔོན།

    ར་ས་ཕོ་ཉ། བརྡ་གསར་རིག་པའི་གནས་ལ་མིག་གི་བལྟས་ན་བཟང། ཚིག་དོན་མཚུངས་པའི་མིང་འདི་ངོ་མ་ཡག་པོ་རེད།

    Reply
  8. དགུ་ཚིགས་སྐྱ་མོ། says:
    ལོ་ 13 སྔོན།

    ར་ས་ཕོ་ཉ་ལགས། འཕྲུལ་རྟ་ཞེས་པའི་མིང་དེ་བོད་མདོ་དབུས་ཁམས་གསུམ་ལ་ཁྱབ་ཆེ་ཞི། མ་ཟད་དོན་ཡང་གོ་རྒྱུ་ཡོད་པ་ཞིག་རེད། སྦག་སྦག་ཞེས་པའི་མི་དེ་ཧ་ཅིང་ཁྱབ་ཆུང་ལ་གོ་རྒྱུ་མེད་ཞིག་མ་རེད་དམ།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ་ཁྱེད་རྣམ་པ་འཕྲུལ་རྟ་ཞེས་པའི་ཐ་སྙད་ཅིག་གིས་རྨོངས་པ་བྱས་སོང་ན། ད་དུང་ཐ་སྙད་གསར་པ་འདི་འདྲ་བའི་རིགས་སྟོང་ཕྲག་མང་པོ་ཡོང་གིན་ཡོད་པ་རེད།

    དེ་དུས་བོད་མིའི་་ཁ་ལ་གོམས་མེད་པའི་ཐ་སྙད་གསར་པ་ཚོར་ཅི་འདྲ་བྱེད་ནས་བེད་སྤྱོད་བྱེད་རྩིས་ཡོད་དམ།
    འདི་འདྲའི་བརྡ་སྦྱར་སྟངས་དེ་ནི་དེང་སང་གི་མི་རྒན་ཀླད་རྙིང་པ་ཚོས་ལུགས་སུ་འདོད་དོ།
    མ་ཟད་ཚད་མ་རྣམ་འགྲེལ་ལས།
    ལག་ལྡན་ཞེས་པའི་སྒྲ་འདི་གླང་པོ་ཆེན་ཁོ་ན་ལ་འཇུག་པ་ལས་ལག་པ་དང་ལྡན་ཚད་ལ་མི་འཇུག་པ་གསུངས་པའི་བརྗོད་བྱའི་དོན་མ་གོ་བའི་སྐྱོན་དུ་འདོད།

    Reply
  10. ར་ས་ཕོ་ཉ། says:
    ལོ་ 13 སྔོན།

    ཡ། ད་ངས་ཀྱང་འཕྲུལ་རྟ་ཟེར་བ་དེ་གང་ལ་ཟེར་གྱི་ཡོད་མེད་དོགས་པ་ཟ་སོང་། བོད་དུ་རྐང་འཁོར་ལ་ལྕགས་རྟ་ཟེར་བ་དེ་འདྲ་གོ་མྱོང་ཡོད། ཡང་ལྷ་སར་རྐང་གྷ་རི་ཡང་ཟེར་གྱི་རེད། སྦག་སྦག་ལ་འཕྲུལ་རྟ་ཟེར་བ་དེ་སྔ་དངོས་གནས་གོ་མ་མྱོང་།

    ད་རྩོམ་སྒྲིག་པས་ངོས་ནས་འཕྲུལ་རྟ་ཟེར་བ་གང་ཟེར་གྱི་ཡོད་མེད་གསལ་པོ་གསུངས་རོགས། གལ་ཏེ་སྦག་སྦག་ཡིན་ན་གོང་གི་རྩོམ་ཡིག་ནང་སྦག་སྦག་རང་བྲིས་ན་ཡག་པོ་འདུག

    Reply
  11. གྲྭ་རྒོད says:
    ལོ་ 13 སྔོན།

    རྐང་འཁོར་ཐོག་སྐོར་སྤྱོད་བྱེད་རོགས།དེ་ལ་དགེ་མཚན་ཆེ།གཞན་གྱི་མིག་ལ་མི་གནོད་པ་གལ་ཆེ།

    Reply
  12. གྲྭ་རྒོད says:
    ལོ་ 13 སྔོན།

    འཕྲུལ་རྟ་ཟེར་བ་དེ་སྤག་སྤག་ལ་ཟེར་བ་དང་འཕྲུལ་རྟའི་འཁོར་སྤྱོད་བྱས་པ་ཡིན་ན་དེ་ངས་ལྟ་སྟིང་ནོར་བ་མིན་ན་དེ་འགྲིག་གི་མི་འདུག་གང་ཡིན་ཟེར་ན་ང་ཚོ་ནི་སྐྱབས་བཅོལ་བ་ཡིན་པས་སྐྱོ་སྣང་གི་འོག་འགྲོ་དགོས་པ་རེད་བསམ།རྐང་འཁོར་ཐོག་འཁོར་སྤྱོདབྱས་པ་ཡིན་ན་བཟང་།

    Reply
  13. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 13 སྔོན།

    འཕྲུལ་རྟ་ཟེར་དུས་ངའི་བསམ་བློའི་ནང་ཤོང་དཀའ་བ་ཞིག་རེད་ ཡང་སྦག་སྦག་བཞིན་འཕུལ་ཆས་ཁྱད་མཚར་ཅི་འདྲ་ཤིག་ཡིན་ན་བསམ་སོང་།་་་
    བྱ་བ་བཟང་གི་བར་ཆད་མེད་པར་ཤོག

    Reply
  14. karma dorje says:
    ལོ་ 13 སྔོན།

    ལས་འགུལ་ལ་བསྔགས་བརྗོད་ཞུ།

    འཕྲུལ་རྟ་དེ་རྐང་འཁོར་ལ་ཟེར་བགྱིད་ཡོད་རེད་བསམས་བྱུང་ཡང་། ར་ས་ཕོ་ཉས་སྦག་སྦག་ཅེས་པ་མཐོང་དུས་ཞི་ནས་འཐོམས་བསངས་སོང་།
    ས་པཎ་གྱིས། དགོས་པ་ཆུང་ངུ་ལ་བརྡ་གསར་པ་མི་སྦྱར་ཏེ། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། གསུངས་པ་ཤིན་ཏུ་བདེན་པ་ཡིན་པ་འདི་རིང་ར་འཕྲོད་སོང་།

    Reply
  15. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    བྱ་བ་ལམ་འགྲོ་དང་། བོད་དོན་ལ་ཕན་པའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཤུགས་དྲགས་དང་བཅས།།

    Reply
  16. ར་ས་ཕོ་ཉ། says:
    ལོ་ 13 སྔོན།

    འཕྲུལ་རྟ་ཟེར་ན་ཅི་ལ་ཟེར་བ་རེད། སྐུ་མཁྱེན། སྦག་སྦག་ཞེས་པའི་མིང་ཡོད་བཞིན་དུ་འཕྲུལ་རྟ་ཞེས་བཏགས་དགོས་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist