མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གྱ་དགུ

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་རང་གི་གྲོགས་པོ་དེ་ཡི་ཟ་ཁང་དུ་ལས་ཀ་སོང་ནས་བསྡད་ཡོད་པའི་སྐབས་དེ་འདྲ་ཞིག་ལ། ཁོ་རང་གི་གྲོགས་པོ་དེ་ཡི་ཁྱེད་རང་ནང་དུ་སོང་དང་། མཚམས་སྐྱིད་ཕྱིར་སླེབས་འདུག ཁོ་མོས་ཁྱེད་རང་ལ་སྐད་ཆ་གལ་ཆེན་པོ་དེ་འདྲ་བཤད་རྒྱུ་ཡོད་ཟེར་གྱི་འདུག གཅིག་བྱས་ན། ཁྱེད་རང་མགྱོགས་པོ་སོང་ན་ཡག་ས་རེད། ཁོ་མོའི་གྲོད་ཁོག་ན་ཡི་འདུག་ཟེར་བཞིན་འདུག

བློ་བཟང་གིས་སྐད་ཆ་དེ་གོ་བ་དང་། འདང་ནུབ་ལམ་འཇུག་བྱས་ཀྱང་དེ་རིང་ཞོགས་པ་ཕྱིར་ཡོང་ཡོད་པ་འདི་གང་ཡིན་ནམ། ཕར་མ་སོང་བར་ལམ་བར་ནས་ཁ་ཕྱིར་འཁོར་བ་ཡིན་རྒྱུ་རེད་སོགས་བསམ་བློ་འདྲ་མིན་ཞིག་འཁོར་བཞིན་ནང་དུ་འབྱོར་དུས། མཚམས་སྐྱིད་ཉལ་ཁྲིའི་སྟེང་དུ་ཉལ་ནས་ན་ཟུག་དྲག་པོ་ཞིག་ཡོད་པའི་ཁུལ་དང་བཅས་འགྲེ་ལོག་རྒྱག་བཞིན་པ་མཐོང་མ་ཐག མཚམས་སྐྱིད་ཁྱེད་རང་ལ་ག་རེ་བྱས་སོང་། ཕར་མ་སོང་བར་ཕྱིར་ཡོང་ནས་གང་བྱེད།

མཚམས་སྐྱིད་ཀྱིས། ངུ་སྐད་དང་བཅས་དེ། ཁྱེད་རང་དངོས་ནས་ང་ལ་གཏན་ནས་བརྩེ་བ་ཞིག་མི་འདུག ང་རང་འགྲོ་རྒྱུ་ཡིན་ཟེར་ནས་སོང་ཡང་། ཁྱེད་རང་གི་ངའི་སྐོར་ལ་སེམས་ཁྲལ་ཞིག་གཏན་ནས་བྱེད་ཀྱི་མི་འདུག ང་རང་སློབ་གྲྭ་ནས་འབུད་དོན་ཡང་ཁྱེད་རང་གི་ཆེད་དུ་ཡིན། ད་ཁྱེད་རང་གིས་ང་འདི་ལྟར་སྐྱུར་བ་རེད། དངོས་ནས་ང་རང་ཁྱེད་དང་བྲལ་འདོད་མི་འདུག འགྲོ་དགོས་ན་འུ་གཉིས་ལྷན་དུ་འགྲོ དེ་མིན་ན་ང་རང་འདི་ནས་ཤུ་རྒྱུ་ཡིན་ཟེར་ནས་ལག་ནང་དུ་བསྡམ་ནས་ཡོད་པའི་རིལ་བུ་སྤར་མོ་བཀང་དེ་ཁ་ནང་དུ་འཇུག་རྩིས་བྱེད་སྐབས་དེར། བློ་བཟང་གིས་ཁོ་མོའི་ལག་པ་ནས་བཟུང་དེ། རིལ་བུ་ཡོད་ཚད་ཚུར་འཕྲོག་པ་དང་།

བློ་བཟང་གིས། ཁྱེད་རང་གིས་ད་གཏན་ནས་ང་རང་བསྡོད་དུ་འཇུག་རྩིས་མེད་པ་རེད། ཁྱེད་རང་ཤི་མི་དགོས། ཤི་དགོས་པ་དེ་ང་ཡིན་པ་རེད་ཟེར་བཞིན་རིལ་བུ་ཡོངས་རྫོགས་རང་གི་ཁ་ནང་དུ་བླུགས་བཞིན་པའི་སྐབས་སུ་མཚམས་སྐྱིད་ཉལ་ཁྲི་ལས་མཆོང་རྒྱག་དང་བཅས་བློ་བཟང་གི་ཁ་ཤའི་ནང་དུ་འཐམ་ནས་ཨ་ཁུ་ལོ་ལོ། ཁྱེད་རང་གི་དེ་འདྲ་མ་བྱེད།

སྐབས་དེ་ཡི་ངང་ཚུལ་ནི་གློག་བརྙན་བཞིན་དངོས་སུ་མིག་ལམ་དུ་མཐོང་རྒྱུ་ཡོད་པ་ཞིག་ཡིན་ན་ནི། དངོས་ནས་དགོད་བྲོ་བ་དང་སྙིང་རྗེ་བ་ཞིག་ཆགས་ཡོད་པ་ནི། བློ་བཟང་གིས་རང་གི་ཁ་ནང་དུ་བསྡུ་བཞིན་པའི་རིལ་བུ་དེ་དག་རིལ་དཀར་ཡིན་པ་གཏན་ནས་ཤེས་ཀྱི་མེད་ལ། ད་ནི་ཁོ་རང་གི་འཆི་ཉིན་སླེབས་པ་རེད་བསམ་བཞིན་ཡོད་པ་དང་། མཚམས་སྐྱིད་ཀྱིས་རང་གི་དགའ་སའི་ཕོ་གསར་བློ་བཟང་ཕྱིར་རང་ལ་དབང་ན་བསམ་པའི་བྱེད་ཐབས་ཤིག་བཀོལ་བཞིན་པ་དེ་ཡིན།

གློ་བར་བའི་དོན་རྐྱེན་དེ་མཇུག་བསྡུས་མ་ཐག མཚམས་སྐྱིད་བློ་བཟང་ལ་འཐམ་ནས་ངུ་བཞིན་ཡོད་པ་དང་། བློ་བཟང་གིས་ད་ནི་ཁྱེད་རང་གིས་ང་ལ་ཀུ་རེ་རྩེད་མཚམས་བཞག་པ་ཡིན་ན་དངོས་ནས་ཡག་པོ་འདུག འུ་གཉིས་གཏན་ནས་བཟའ་ཚང་མི་ཡོང་བ་ནི་ཐག་གཅོད་པ་རེད། དེ་ལས་ཁྱེད་རང་འདི་ནས་ཁ་བྲལ་བ་ཡིན་ན་ཡག་པོ་རེད། འོན་ཀྱང་། ཁྱེད་རང་ལ་འགྲོ་རོགས་ཤིག་མེད་པར་འགྲོ་ཐུབ་ཀྱི་མེད་ན་ནི། ངས་ཁྱེད་རང་ལ་འགྲོ་རོགས་ཤིག་གོ་སྒྲིག་བྱེད་ཆོག

མཚམས་སྐྱིད་ཀྱིས། རེད་འགྲིག་གི་རེད། དེས་ན་ང་འགྲོ་ཆོག དེ་རིང་ཁྱེད་རང་གིས་ངའི་འདོད་པ་ཞིག་སྐོང་དགོས་ཀྱི་ཡོད། རྗེས་ཕྱོགས་འུ་གཉིས་ངོ་ཐུག་མིན་ཡང་སུས་ཤེས། ང་རང་ཁྱེད་དང་ལྷན་དུ་ཐེངས་གཅིག་ཉལ་འདོད་འདུག་ཟེར་ནས་ཉལ་ཁྲིའི་སྒང་ནས་དོར་མ་དེ་ག་ལེར་འཕུད་པ་རེད།

ཕྱིར་ཉིན་བློ་བཟང་གི་གྲོགས་པོའི་དགའ་རོགས་མ་སྒྲ་ནས་ཡལ་གྱིས་མཚམས་སྐྱིད་ལ་ཁ་བརྡ་སློབ་གསོ་ཞིག་བརྒྱབ་པ་དེ་ནི་ཡག་ཕྱོགས་སུ་འགྲོ་རྒྱུ་ལས་ལྡོག་ནས། སྒྲ་ནས་ཡལ་ལ་ཁྱེད་རང་བློ་བཟང་ལ་དགའ་ཡི་ཡོད་པ་འདྲ། ཁྱེད་གཉིས་ལ་ཕལ་ཆེར་འབྲེལ་བ་ཡོད་པ་ཡིན་རྒྱུ་རེད་སོགས་བཤད་པ་མ་ཟད། བློ་བཟང་ཡོད་སར་ཡོང་ནས་སྒྲ་ནས་ཡལ་དང་ཁྱེད་གཉིས་འབྲེལ་བ་ག་རེ་ཡོད།

བློ་བཟང་གིས། ད་ཁྱེད་རང་གིས་དངོས་ནས་ཚོད་བཟུང་བ་ཡིན་ན་ཡག་པོ་འདུག ངས་དེ་རིང་བར་དུ་ཁྱེད་རང་ལ་ཁྱེད་རང་གི་སློབ་གྲྭ་ནས་ག་རེ་བྱས་པའི་སྐོར་ལ་གཏན་ནས་དྲིས་མྱོང་མེད། རྒྱུ་མཚན་ནི་ངས་ཁྱེད་རང་ལ་ཡིད་ཆེས་བྱས་པ་ཡིན། ད་ནི་ཁྱེད་དང་འུ་གཉིས་ཁ་ཁར་ཆགས་པ་རེད། བཤད་ཀྱང་མི་འགྲིག་པ་མི་འདུག ཁྱེད་རང་གིས་རང་གི་སློབ་གྲྭ་ནས་དགའ་རོགས་འདྲ་མིན་སྒྲིག་པ་དེ་ལ་བསམ་བློ་བཏང་ནས་ད་གཟོད་ང་རང་ཡང་དེ་འདྲ་ཞིག་རེད་བསམ་བཞིན་ཡོད་ན་ནོར་བ་རེད། ངས་རེ་བ་ལ་ད་ཁྱེད་རང་གི་འདྲ་མིན་སྣ་ཚོགས་མང་བོ་ཞིག་མ་དྲན་ན་དགའ་ངེས་ཡིན།

ཉིན་མ་ཁ་ཤས་ཀྱི་རྗེས་སུ་མཚམས་སྐྱིད་དངོས་ནས་རྡེ་རེ་སྒྲོང་དུ་འགྲོ་རྒྱུ་བྱས་པ་དང་། བློ་བཟང་གིས་ཁོ་མོ་ལམ་མཇུག་བྱས་པ་མ་ཟད། ཁོ་རང་ལ་སང་ཉིན་ཁྱེད་རང་འབྱོར་སོང་བ་ཡིན་ན། ང་ལ་ཁ་པར་ཞིག་གཏོང་། དེ་ནས་བཟུང་དེ་ཁྱེད་རང་གི་ང་ལ་ཁ་པར་མ་བཏང་ན་འགྲིག འུ་གཉིས་ད་ནས་བཟུང་ངོ་ཤེས་གྲོགས་པོ་ཡིན་པ་མ་གཏོགས། ཕོ་མོའི་འབྲེལ་བ་གཏན་ནས་མེད་ཅེས་ལམ་འཇུག་བྱས་པ་རེད།

ཕྱིར་ཉིན་ཞོགས་པ་སྔ་བོ་ལ། ཁོ་རང་གི་གྲོགས་པོའི་ལག་ཁྱེར་ཁ་པར་སྟེང་ལ་ཁ་པར་སླེབས་ནས་ང་རང་ད་ལྟ་རྡེ་ར་སྒྲོང་དུ་འབྱོར་སོང་། ཁྱེད་རང་གིས་སེམས་ཁྲལ་བྱེད་དགོས་དོན་མི་འདུག ད་ནི་འུ་གཉིས་ཀྱི་བར་ན་བྱིས་པ་དེ་འདྲ་ཡང་མི་འདུག འདང་ནུབ་ང་རང་ལ་ཟླ་མཚན་སླེབས་སོང་ཞེས་བཤད་པ་དེས་བློ་བཟང་གི་སེམས་འཁུར་བྱེད་ས་དངོས་དེ་ར་སྤྲོད་བྱུང་བ་དང་ཁོ་རང་སེམས་གཏིང་ནས་སྐད་ཆ་དེ་གོ་བ་དགའ་བ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

ཆུ་ཚོད་ ༡༧ སྔོན་ལ།
འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་ཀྱི་གསར་ལམ་ཁག་ཏུ་བོད་དོན་གླེང་སློང་གནང་།  པར་ཧྥ་རན་སིའི་ (France 24)
Mobile App

བོད་དོན་ཞི་རྒོལ་བ་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

༢༠༢༥/༠༦/༢༣
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

༢༠༢༥/༠༦/༢༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

༢༠༢༥/༠༦/༢༣
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠

མཆན། 3

  1. chokri nyima says:
    ལོ་ 15 སྔོན།

    འདི་ཁྱེད་ཟིན་ནང་དུ་བཀོད་རོགས་ཞུ་རྒྱུ་དང་ཁྱེད་ཀྱིས་བསམ་འཆར་གསུང་རོགས་ཞུ།

    Reply
  2. chokri nyima says:
    ལོ་ 15 སྔོན།

    ༄༅། །དུས་བབ་དྲ་ཐོག་གི་ཟིན་བྲིས་པ་སྤུན་ཡོངས་ཀྱི་དྲུང་དུ། དམ་བཅའ་གཅིག་འཇོག་འདོད་པ་ནི།
    ང་ཅོ་རི་བོད་ཡིག་གི་དག་ཆ་སྐྱོ་དང་རིག་གནས་ཀྱི་ཤེས་ཚོད་དམའ་བ་མི་ཚེའི་ཉམས་མྱོང་སོགས་ཕུན་སུམ་ཚོགས་པའི་ལག་ཆ་ཅི་ཡང་མེད་ཀྱང་། ཟིན་བྲིས་དྲ་མིག་ཅིག་སྒོ་འབྱེད་བྱེད་རྒྱུ་ཡིན།
    རྒྱུ་མཚན་ནི། ཁྱེད་རྣམ་པའི་་མཉམ་དུ་་ང་རང་ཚོའི་སྤྱི་དོན་འདིར་རྩོད་པ་རྒྱག་འདོད་པ་དང་སྒྲུབ་བྱེད་བཀོད་འདོད་པ་བརྗེ་ལེན་བྱེད་འདོད་པས་ཡིན། ང་ཅོ་རི་དགའ་ས་ཡང་བོད་མི་རིགས་འདིར་ཡིན་ལ་ང་ཅོ་རི་ཁོང་ཁྲོ་ཟ་ས་ཡང་བོད་མི་རིགས་འདིར་ཡིན། བོད་མི་རིགས་འདི་མེད་ན་ང་ཅོ་རི་འཛམ་གླིང་འདིར་གསོན་པོ་གནས་ཀྱང་དགའ་རྒྱུ་དང་སྐྱིད་རྒྱུ་ཅི་ཡང་མེད། ང་ཅོ་རིས་བོད་མི་རིགས་འདིར་བརྗེད་ཐབས་མི་འདུག་ལ་བོད་མི་རིགས་འདིར་སྐྱུར་ནས་འགྲོ་ས་མི་འདུག
    བོད་མི་རིགས་འདི་ནི་ང་ཅོ་རི་ཤི་ན་རྣམ་ཤེས་འཁོར་ས་རེད་འདུག་ལ་གསོན་ན་སྐྱིད་སྡུག་འདྲེས་ས་རེད་འདུག བོད་མི་རིགས་འདི་དང་མཉམ་དུ་ལུས་དང་དྲི་མ་བཞིན་དུ་མཉམ་འགྲོ་དང་ཆུ་དང་འོ་མ་བཞིན་དུ་མཉམ་འདྲེས་བྱེད་ནས་མི་ཚེ་ལྷག་མ་འདི་བསྐྱལ་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་ལགས།
    ང་ཅོ་རིའི་མིག་མདུན་དུ་མཐོ་མི་དྲག་དང་དམའ་སྤྲང་ལུས་གཉིས་ལ་གུས་ཞབས་ཞུ་སྟངས་གཅིག་པ་ཡིན། མཐོ་མི་དྲག་ཟེར་ནས་ངོ་དགའ་བཤད་མི་ཐུབ་ལ་དམའ་སྤྲང་ལུས་ཟེར་ནས་མཐོང་ཆུང་བྱེད་མི་འདོད།
    ཁྱེད་རྣམ་པའི་མདུན་ནས་བསླབ་བྱ་ཞུ་སྟངས་ནི་དངོས་ཡོད་གནས་ཚུལ་དང་དངོས་སྟོབས་རིག་པའི་སྒྲུབ་བྱེད་བཀོད་དུས་དང་ལེན་ཞུ་བ་མ་གཏོགས་གཞན་ཁས་ལེན་ནམ་ཡང་བྱེད་མི་ཐུབ།
    དུས་བབ་ཟིན་པ་སྤུན་ཟླ་སུ་རུང་ཞིག་གི་ཟིན་བྲིས་ཁང་མིག་སྒོ་འབྱེད་བྱ་སྟངས་ལམ་སྟོན་གནང་རོགས་ཞེས་རེ་བ་དང་ཞུ་རྒྱུ་ཡིན།

    Reply
  3. free sopu says:
    ལོ་ 15 སྔོན།

    ལས་ངན་མ་དེ་བྱས་པ་མ་ཆགས་ནོ་སེམས་བདེ་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese