མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོའི་ཁྲོད་ཀྱི་སྒེར་གཅོད། རྭ་རྒྱ་བློ་བཟང་དཔལ་ལྡན།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྭ་རྒྱ་བློ་བཟང་དཔལ་ལྡན།

ཉིན་འདི་ཚོར་བཙན་བྱོལ་བོད་མི་དམངས་ཀྱི་འཐུས་མི་རྣམས་ལྷན་འཛོམས་ཐོག  བོད་མི་རིགས་ཀྱི་ད་ལྟ་དང་མ་འོངས་པའི་ལས་དོན་དང་འགན་དབང་སོགས་ལ་གྲོས་མོལ་ལྷུག་པོར་གནང་བཞིན་ཡོད་ལ། འཐུས་མི་རྣམས་ཀྱིས་ཀྱང་སོ་སོའི་མཁྱེན་དཔྱོད་ཀྱི་རྒྱ་ཆེ་ཆུང་དང་གཏིང་ཟབ་མིན་ལ་མ་ལྟོས་པར་རང་དབང་དང་འདྲ་མཉམ་གཞི་ལ་བཞག་སྟེ།  སྨྲ་ལྕེ་རང་བསམ་ལྟར་བརྐྱངས་པའི་ངང་ཚུལ་ནི་དོན་ངོ་མའི་དམངས་གཙོའི་ལམ་ཕྱོགས་དང་། མི་དམངས་ཀྱི་མགྲིན་ཚབ་པ་ཟེར་བ་འདི་འདྲ་མིན་པ་ཅི་ལ་སྲིད་ལྟ་བུའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་མི་འབྱུང་ཐབས་མེད་དུ་གྱུར། འདི་ནི་གྲལ་དུ་བསྟར་བའི་ཕྱི་ནང་གི་རྒོལ་བ་དྲག་ཞན་བར་མ་ཅི་རིགས་པའི་མིག་མདུན་ནས། ༸གོང་ས་རྒྱལ་བ་རིན་པོ་ཆེས་སྐུ་ངལ་ཁྱད་དུ་བསལ་ཏེ་བོད་མི་རྣམས་ལ་དམངས་གཙོའི་དབུ་ཁྲིད་མཛད་པའི་གྲུབ་འབྲས་རླབས་པོ་ཆེ་ཞིག་ཏུ་མ་ཟད། བོད་ཀྱི་མ་འོངས་པའི་འཕེལ་རིམ་ཁྲོད་ཀྱང་ཆབ་སྲིད་ཀྱི་དུས་རབས་དབྱེ་བའི་རྡོ་རིང་ལྟ་བུར་འགྱིངས་ངེས། འོན་ཀྱང་༸གོང་ས་རྒྱལ་བ་རིན་པོ་ཆེས་ཐེངས་འདིའི་གྲོས་ཚོགས་སུ་སྩལ་བའི་བཀའ་ཡིག་ལས་འཕྲོས་པའི་སྤྱི་འཐུས་ཚོའི་གླེང་མོལ་ལ་ཉན་གྱིན་ཉན་གྱིན་ཡ་མཚར་བ་དང་། དགོད་བྲོ་བའི་སྣང་ཚུལ་ཞིག་ཀྱང་རྒྱུད་མཐུད་དུ་བྱུང་། རྒྱུ་མཚན་ནི། སྤྱི་ལོ་ ༡༩༩༦ ཡས་མས་སུ་བཙན་བྱོལ་སྤྱི་ཚོགས་སུ་བྱུང་བའི་གདམ་ང་བཞིའི་མཇུག་འབྲས་དང་། སྔར་ལོའི་དམིགས་བསལ་ཚོགས་ཆེན་གྱི་ཐག་གཅོད། སྐབས་སོ་སོའི་སྤྱི་འཐུས་གྲོས་ཚོགས་སུ་བཞག་པའི་གྲོས་ཆོད་དག་ཏུ། ༸གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་དུས་ནས་དུས་སུ་ཐབས་ལམ་ཅི་གནང་ཐམས་ཅད་གཙིག་ཏུ་བཀུར་རྐྱང་གི་རྗོད་པ་ཐམས་ཅད་གློ་བུར་དུ་བརྗེད་སོང་བ་ལྟར་དུ། སྐབས་འཚོལ་ཆབ་སྲིད་པ་རེ་འགས་འགན་མེད་རང་རློམ་གྱི་དྲིལ་སྒྲ་ཙམ་ཐོས་ན་ཡང་། མང་པོ་ཞིག་གློ་བུར་དུ་འདྲོག་མགོ་ལངས་ཏེ། ༸གོང་ས་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ནས་སྤྲད་པའི་<<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར>>གྲོས་ཚོགས་ཀྱིས་མཐོང་མ་སོང་བ་དང་། ཁས་མི་ལེན་པ། སླར་ཡང་ཡིག་ཆ་དེའི་སྐོར་ལ་བརྡར་ཤ་མང་པོ་ཞིག་གཅོད་དགོས་རབས་སོགས་གླེང་མོད། དོན་ཚན་གང་ཞིག་ལ་འདོད་མོས་མེད་པ་ཙམ་ཡང་གསལ་འདོན་བྱེད་མཁན་གཅིག་ཀྱང་མ་བྱུང་བ་འདིས།  འཐུས་མི་ཚོས་དུས་རྒྱུན་བོད་ཀྱི་ལས་དབང་ལ་སེམས་ཁུར་ཅི་འདྲ་ལེན་གྱིན་ཡོད་མེད་ལ་ཐེ་ཚོམ་མི་སྐྱེ་ཀ་མེད་དུ་གྱུར། <<བསམ་འཆར་ཡིག་ཆ>> དེར་དོན་ཚན་ཆེན་པོ་བདུན་དང་། ནང་གསེས་དོན་ཚན་བཅུ་གཅིག་བཅས་ཡོད་པ་རྣམས་ནི།

དང་པོ། ངོ་སྤྲོད།  གཉིས་པ། བོད་རིགས་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་དགོས་པ། གསུམ་པ། བོད་མིའི་མངོན་འདོད།  བཞི་པ། བོད་མིའི་གཞི་རྩའི་དགོས་མཁོ། རང་སྲིད་རང་སྐྱོང་བྱེད་རྒྱུའི་གནད་དོན་ཁག། ༡༽ སྐད་ཡིག ༢ ༽ ལེགས་བྱང་། ༣ ༽ཆོས་ལུགས། ༤ ༽ ཤེས་ཡོན། ༥༽ ཁོར་ཡུག་སྲུང་སྐྱོབ།  ༦༽ རང་བྱུང་ཐོན་ཁུངས་བེད་སྤྱོད་བྱེད་ཕྱོགས། ༧༽ དཔལ་འབྱོར་ཡར་རྒྱས་དང་ཚོང་འབྲེལ། ༨༽མང་ཚོགས་ཀྱི་འཕྲོད་བསྟེན།  ༩༽ མང་ཚོགས་ཀྱི་བདེ་འཇགས། ༡༠༽ ཕྱོགས་མི་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག  ༡༡༽ རྒྱལ་ཁབ་གཞན་དང་མཉམ་ལེགས་བྱང་དང་། སློབ་གསོ། ཚན་རིག ཆོས་ལུགས་ཐད་ཕན་ཚུན་བརྗེ་ལེན་བྱེད་ཆོག་པ།  ལྔ་བ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་བོད་རིགས་རྣམས་གཅིག་གྱུར་གྱི་འཛིན་སྐྱོང་དགོས་པ།  དྲུག་པ། རང་སྐྱོང་གི་ངོ་བོ་དང་སྒྲིམ་གཞི།  བདུན་པ། མ་འོངས་མདུན་བསྐྱོད་བྱེད་ཐབས་བཅས་ཡིན་ལ།  དོན་ཚན་འདི་དག་གི་ཚད་གཞི་དང་།  ལག་བསྟར་བྱས་ན་བོད་མིའི་རང་དབང་དང་མི་རིགས་ཀྱི་རང་བཞིན་བཅས་ལ་ནུས་ཤུགས་ཇི་འདྲ་འབྱུང་མིན་དང་། མ་འོངས་པའི་འཕེལ་རྒྱས་ལ་ཕན་གནོད་ཀྱི་འབྲེལ་བ་ཇི་ལྟར་འབྱུང་མིན་སོགས་བརྗོད་གཞི་དོན་ལ་བབས་ཏེ་བསམ་འཆར་གསུང་མཁན་གཅིག་ཀྱང་མ་ཐོན་པ་ནི་ངོ་མཚར་དུ་མཐོང་། ཐོས་ཚོད་ལ་<<བསམ་འཆར་ཡིག་ཆའི>> ཐོག་མའི་མ་ཟིན་གྲུབ་མཚམས་སུ་རྡ་རམ་ས་ལའི་ཚོགས་ཁང་གང་རུང་ཞིག་ཏུ་སྤྱི་འཐུས་ཚོ་གཙོ་བོར་མཛད་པའི་གནད་ཡོད་མང་པོ་ཞིག་ལ་གཟིགས་ཞིབ་ཏུ་ཕུལ་ཡོད་འདུག་པ་དང་། སྐབས་དེ་དུས་མ་མཐའ་ཡང་སྤྱི་འཐུས་རྒྱུན་ལས་ཚོ་ཡོད་ངེས་ལ། གལ་ཏེ་མེད་དུ་ཟིན་ན་རང་འཁྲིའི་འགན་འཁྲི་བསྐྱུར་ནས་གང་ཞིག་ལ་ཕེབས་སོང་བ་ཐག་གིས་ཆོད་སྟབས། ༸གོང་ས་རྒྱལ་བ་རིན་པོ་ཆེ་དང་ཁོང་གི་སྐུ་ཚབ་རྣམ་པས་མེར་ཚིགས་མེར་གཏུགས་ཀྱི་ཕྱག་ལས་ཁྲོད་རང་དགར་ཕེབས་སོང་བའི་སྤྱི་འཐུས་ཚོ་བསྡུ་རུབ་བྱས་ནས་སྡོད་ལོང་ག་ལ་ཡོད། དུས་ལ་བབས་པའི་ལས་དོན་སྒྲུབ་སྐབས་མཐོང་མེད་གྲག་མེད་དུ་གནས་ཤིང་། ཕྱིས་སུ་ངག་འཛེར་འཛེར་གྱིས་འཁང་ར་སྒྲོག་པ་འདི་ནི།  ལས་དོན་དང་འགན་དབང་བར་གྱི་གོ་འཛོལ་ཞིག་གམ། འགན་དབང་ནི་ལས་དོན་གྱི་སླད་དུ་ཡིན་པའང་བཀུར་འོས་སྤྱི་འཐུས་སྐོར་ཞིག་ལ་མཚོན་ན་བསྐལ་དོན་ནས་ལྐོག་གྱུར་དུ་གནས་པ་གསལ་བོར་བསྟན་པ་མ་ཟད། ལྷག་པར་དུ་<<བསམ་འཆར་ཡིག་ཆ>>དེའི་བརྗོད་དོན་གསལ་བོར་བཟོ་བའི་ཆེད་དུ་གྲོས་ཚོགས་ཀྱིས་ཞིབ་བསྡུར་ཞིག་འབྱུང་རྒྱུ་ཡིན་ཕྱིན།  ལོ་སྔོན་མ་དག་ལ་མིག་གིས་བལྟས་ཤིང་བློ་ཡིས་གཞིགས་ཏེ་ཐག་བཅད་པའི་གྲོས་ཆོད་དེ། ཡེ་ཤེས་དབྱིངས་དཔྱད་ལ་གཅིག་ཏུ་ཁས་ལེན་བྱ་རྒྱུ་ཡིན་རབས་བཤད་པ་དག་ཕྱིར་འཐེན་མ་བྱས་པར་འབྱུང་མི་སྲིད་པ་ཞིག་རེད།  ལས་རིམ་དེའི་ཐོག་མའི་མགོ་འཛུགས་ས་ནས་ཐ་མའི་མཇུག་རྫོགས་པའི་བར་ཐད་ཀར་རྒྱ་ཆེའི་མང་ཚོགས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པས། སླར་ཡང་གདམ་ང་བཞི་ལྟ་བུའི་ལས་གཞི་མི་རྩོམ་ཐབས་མེད་དུ་གྱུར་ཡོད་ཅིང་། ཅི་སྟེ་དེ་འདྲའི་ལས་རིམ་ངེས་པར་རྩོམ་དགོས་ཡོད་ཚེ། གསེར་ལས་བྲིན་པའི་དུས་ཚོད་མང་པོ་ཞིག་ཚོར་མེད་ངང་འཆོར་ངེས་ཤིང་། དུས་རབས་ཕྱེད་ཙམ་ལ་འབད་པས་སྒྲུབ་ཅིང་རྩོལ་བས་བསྒྲུགས་པའི་ཐོབ་འབྲས་མང་པོ་ཞིག་ཀྱང་ཆུད་གཟོན་པར་གོར་མ་ཆག་པས། གནད་དོན་འདིའི་ཐད་སྤྱི་འཐུས་རྣམ་པ་གཙོས་པའི་ལས་རིགས་སོ་སོའི་གནད་ཡོན་རྣམས་ཀྱིས་ཐུགས་གཞིགས་ཟབ་མོ་ཞིག་དང་། འགན་ཁུར་ལྕི་མོ་ཞིག  ལྷག་བསམ་གཙང་མ་ཞིག  མིག་རྒྱང་རིང་པོ་ཞིག་བཅས་ཁུར་ཏེ་དྲང་གཏམ་རྣལ་མ་རེ་བརྗོད་པའི་དུས་ལ་བབས་པར་སྙམ་མོ།
སྤྱི་ལོ་༢༠༡༠ཟླ་༣་ཚེས་༡༣་ཉིན་རྡ་རམ་ས་ལ་ནས།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 9

  1. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    གྲོགས་པོ་ལགས། ཡོང་ནས་གཅིག་བལྟས་ཡིན། འདི་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་ད་དུང་དེ་བས་ཁ་གསལ་དུ་བཏང་ནས་འབྲི་དགོས་ཀྱི་འདུག་བསམ།

    Reply
  2. གྲྭ་རྒོད says:
    ལོ་ 16 སྔོན།

    རྭ་རྒྱ་དཔལ་ལྡན་ལགས།
    ཁྱེད་ཀྱི་རྩོམ་ཡིག་ཕྱེད་བཀླགས་ཚར་ཡིན་ཡག་པོ་བྲིས་འདུག
    ཆ་ཚང་བཀླགས་ཚར་སོང་ན་བསམ་ཚུལ་ཞིག་འབྲི་འདོད་ཡོད།

    Reply
  3. karma dorje says:
    ལོ་ 16 སྔོན།

    དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ། ༸གོང་ས་མཆོག་གི་བཀའ་དགོངས་དང་། མི་མང་གི་བསམ་ཚུལ་བརྒྱུད་ནས། སྤྱི་འཐུས་ཀྱིས་གཞུང་འཛིན་བཀའ་ཤག་ལ་སྟངས་འཛིན་བྱེད་དགོས་རྒྱུ་ཅིག་ལ། བཀའ་ཤག་གིས་སྤྱི་འཐུས་ལ་དབུ་མའི་ལམ་གྱིས་རང་དབང་རྩོན་བགྱིན་ཡོད་ཀྱང་། རང་བཙན་རྩོད་བགྱིད་མེད་ཅེས་སློབ་སྟོན་གནང་དགོས་ཡ་དེ་ཁྱད་མཚར་ཅིག་ཆགས་པ་མ་རེད་དམ།

    Reply
  4. ནོར་བུ་རྒྱལ་མཚན། says:
    ལོ་ 16 སྔོན།

    རྒན་ལགས་ཐུགས་རྗེ་ཆེ། མུ་མཐུན་ནས་ཡིན།

    Reply
  5. ནོར་བུ་རྒྱལ་མཚན། says:
    ལོ་ 16 སྔོན།

    རྭ་རྒྱ་བློ་བཟང་དཔལ་ལྡན་ལགས།
    ཁྱེད་ཀྱི་རྩོམ་ཡིག་བཀླགས་པ་ཡིན་ལ། ཡག་པོ་བྲིས་འདུག
    དམིགས་བསལ་འཇུ་ཆེན་སོགས་ཆུ་བཞི་སྒང་དྲུག་དང། མིང་དོན་མི་མཚུངས་མེད་པའི་སྤྱི་འཐུས་འགའ་ཞིག་གིས་ངེས་པར་དུ་ཀློག་དགོས་ཀྱི་འདུག ཁ་ནས་༸གོང་ས་མཆོག་གི་བཀའ་གསུངས་བསྒྲུབ་རྒྱུ་དང། ལག་ལེན་
    ནང་འགལ་ཐོག་ལས་ཀ་གནང་མཁན་མི་ཉུང་བ་ཞིག་ཡོད་པས་སོ།།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    མི་ཆུང་ལགས།

    གཞུང་དྲང་བའི་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་ལ་ཞེ་སྡང་ཚིག་གི་མདའ་མོ་འཕེན་པ་འདི་ནི་ཅི་ནས་མི་རུང་བ་ཞིག་རེད།

    མི་ཆུང་ཁྱེད་ཀྱིས་༧གོང་ས་མཆོག་གི་རང་བཙན་འདོད་ཀྱི་མེད་པ་དང་བོད་རྒྱ་ཁུངས་ཡིན་པར་འདོད་ཀྱི་ཡོད་པར་དེ་ལས་གསལ་བཤད་དགོས་དོན་མི་འདུག

    ༧གོང་ས་མཆོག་གི་རྩོམ་གནང་མཛད་པའི་བདེན་ཚིག་སྨོན་ལམ་ལ་སོགས་ལུང་དྲངས་ནས་གསུངས་བཤད་གནང་བ་ལས་བོད་མི་དམངས་དང་༧གོང་ས་མཆོག་གང་བྱུང་དྲུད་པ་ག་ལ་ཡིན།

    འོ་ན་བདེན་ཚོག་སྨོན་ལམ་ལ་སོགས་ལུང་དྲངས་ནས་རྒྱལ་བའི་དགོངས་པ་ཇི་བཞིན་ཤེས་མཁན་སྤྱི་འཐུས་ཚོས་འགྲིག་མེད་ན།

    ༧གོང་ས་མཆོག་གི་གསུང་རྩོམ་གོ་བ་ལེན་ཐུབ་ཀྱི་ཕར་ཞོགས་སོ་སོས་ཁུར་ཡོང་བའི་གྲོས་ཆོད་ཡིག་ཆ་ཡང་ཡག་པོ་ཀློག་མི་ཐུབ་མཁན་རྣམས་ཡག་པོ་འགྲིག་འདུག་གམ།
    མི་ཆུང་ཁྱེད་ཐུགས་རྗེ་གཟིགས།

    Reply
  7. མི་ཆུང་། says:
    ལོ་ 16 སྔོན།

    ངའི་རྣ་བ་ལེབ་ལེབ་འདིས་གོ་ནོར་ཐེབས་མེད་ན། ཉེ་ཆར་རང་གྲོས་ཚོགས་ནང་༸གོང་ས་མཆོག་གི་གསུང་འཕྲིན་དང་འབྲེལ་བའི་སྤྱི་འཐུས་རྣམ་པའི་བགྲོ་གླེང་སྐབས། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས།

    གོང་ས་མཆོག་གི་དགོངས་པ་མཐར་ཐུག་དེ། རང་བཙན་རང་དུ་ཕེབས་ཀྱི་ཡོད་པའི་སྒྲུབ་བྱེད། སྲུང་མའི་འཕྲིན་སྐུལ་ཁག་དང་། བདེན་ཚིག་སྨོན་ལམ། དེ་མིན་གྱི་གསོལ་འདེབས་ཁག ཁ་ཕོ་མཐོན་པོ་དང་། སྐད་ངག་ཡོད་ཚད་ཀྱིས་ལུང་དྲངས་ཏེ།

    བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ནང་འུར་གཏམ་ལུང་པ་གང་རྒྱག་གི་འདུག སྒྲུབ་བྱེད་འདི་ཚོ་ང་ཚོས་བཀོད་མི་དགོས། དེ་སྔོན་ནས་རྒྱ་གཞུང་གིས་ཁ་ཟིན་རྣ་ཟིན་བྱས་ཏེ། རྣམ་པ་འགྱུར་བ་དང། མངོན་པ་མི་གསལ་བའི་རང་བཙན་ཡིན་ཚུལ་གྱི་ལུང་། དེ་དང་དེ་འདྲ་བ་འདྲེན་གྱི་ཡོད།

    རང་ཉིད་རང་བཙན་གྱི་ལམ་དུ་འགྲོ་གི་ཡོད་ཀྱང་། བོད་མི་དམངས་དང་ལྷག་དོན་༸གོང་ས་མཆོག་གང་བྱུང་དུ་དྲུད་མི་ཉན། ༸གོང་ས་མཆོག་རྫུན་པར་གཏོང་མི་ཉན། ༸གོང་ས་མཆོག་རྒྱ་གཞུང་གི་ཁ་ནང་དུ་འཇུག་མི་ཉན།

    Reply
  8. དབྱངས་བུ། says:
    ལོ་ 16 སྔོན།

    ནོར་བཅོས།
    མིང་དོན་མི་མཚུངས་བའི་སྤྱི་འཐུས་ཞེས་བཅོས་རོགས།

    Reply
  9. དབྱངས་བུ། says:
    ལོ་ 16 སྔོན།

    རྭ་རྒྱ་བློ་བཟང་དཔལ་ལྡན་ལགས། ཁྱེད་ཀྱི་རྩོམ་ཡིག་ཆ་ཚང་བཀླགས་པ་ཡིན་ལ།
    ཡག་པོ་བྲིས་འདུག དམིགས་བསལ་འཇུ་ཆེན་སོགས་ཆུ་བཞི་སྒང་དྲུག་དང། མིང་དོན་མི་མཚུངས་མེད་པའི་སྤྱི་འཐུས་འགའ་ཞིག་གིས་ངེས་པར་དུ་ཀློག་དགོས་ཀྱི་འདུག ཁ་ནས་༸གོང་ས་མཆོག་གི་བཀའ་གསུངས་བསྒྲུབ་རྒྱུ་དང། ལག་ལེན་
    ནང་འགལ་ཐོག་ལས་ཀ་གནང་མཁན་མི་ཉུང་བ་ཞིག་ཡོད་པས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese