ཡི་ཤུའི་བླ་ཆེན་པོབ་མཆོག་གིས་སྐྱེ་རྒུ་མདོའི་ས་ཡོམ་སྐོར་ལ་ཁ་སང་ཕྱི་དྲོ་ཐུགས་གསོའི་འཚམས་འདྲི་དང་སྨོན་ལམ་བཏབས་ཡོད་པ་རེད། ཁོང་གིས་གསུངས་དོན། ས་ཡོམ་དེས་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་ཞིང་། མང་པོ་ཞིག་ལ་རྨས་སྐྱོན་ཕོག་པ། ཧ་ལས་པའི་གཏོར་སྐྱོན་བྱུང་ཡོད་པ་རེད། ངས་གོད་ཆག་ཐེབས་མཁན་དག་གི་ཆེད་དུ་སྨོན་ལམ་རྒྱག་གི་ཡོད་ལ། ང་རང་ཆོས་འབྲེལ་གྱི་ཐོག་ནས་གོད་ཆག་ཆེན་པོ་འདིས་ཤུགས་རྐྱེན་ཐེབས་མཁན་དག་གི་ཉེ་སར་ཡོད། ཁོང་ཚོས་འཐོར་བཤིག་གི་དུས་སྐབས་འདིར་སེམས་ཤུགས་རྙེད་པ་དང་། སྡུག་བསྔལ་གྱི་ཁྲོད་ནས་གྲོལ་བའི་ཆེད་དུ་ངས་དཀོན་མཆོག་ལ་ཞུ་འབོད་བྱ་ངེས་ཡིན་ཅེས་གསུངས་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་སི་མཆོག་གིས་ཕྱི་ཚེས་ ༡༤ ཉིན་སྐྱེ་རྒུ་མདོའི་ས་ཡོམ་སྐོར་ལ་ཐུགས་གསོའི་འཚམ་འཕྲིན་ཕུལ་དོན། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱི་སྨོན་ལམ་དང་སེམས་ཁྲལ་དེ་བོད་རིགས་མི་དམངས་དང་རྒྱ་རིགས་མི་དམངས་དང་མཉམ་དུ་ཡོད། དེ་བཞིན་ས་ཡོམ་ཤུགས་ཆེན་འདིའི་ཁྲོད་ནས་གཅེས་སྲོག་ཤོར་མཁན་གྱི་སྙིང་ཉེ་བའི་སྐྱེ་བོ་དེ་དག་གི་མཉམ་དུ་ཡོད། ཐེངས་འདིར་གནོད་སྐྱོན་ཕོག་མཁན་མང་པོ་ཞིག་ནི་སློབ་ཕྲུག་དང་དགེ་རྒན། ལས་མི་སོགས་ཡིན་ལ། སྟོང་ཕྲག་མང་པོ་ཞིག་ཁང་འོག་ཏུ་མནན་ཡོད་པ་རེད། ཅེས་དང་། ཁོང་རྣམས་ལ་དཀའ་ངལ་ཆེན་པོ་ཡོད་པའི་སྐབས་སུ་འཛམ་བུ་གླིང་གང་ས་ནས་ཁོང་ཚོའི་ཆེད་དུ་གསོལ་བ་སྨོན་ལམ་འདེབས་པ་ནི་སེམས་གསོ་ཞིག་ཏུ་འགྱུར་བའི་རེ་བ་ཡོད། ས་ཡོམ་འདིའི་སྐབས་སུ། ང་ཚོས་འཛིན་ཁང་དང་ཁྱིམ་ཚང་གི་ཁང་བ་རྡིབ་པ་རྣམས་དྲུས་ཏེ་མྱུར་སྐྱོབ་བྱ་རྒྱུ་དང་སྤྱི་ཚོགས་འདི་བསྐྱར་འཛུགས་བྱ་རྒྱུར་རྒྱབ་སྐྱོར་ཆ་ཚང་ཡོད། ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཛ་དྲག་ལ་གདོང་ལེན་དང་མྱུར་སྐྱོབ་ཀྱི་ལས་གཞི་འདིའི་རྒྱབ་སྐྱོར་བྱ་དགོས་པ་རེད། ང་ཚོ་ཚང་མ་མཉམ་རུབ་བྱས་ཏེ་མངའ་ཁུལ་འདིའི་མི་དམངས་རྣམས་ཆག་སྒོ་ལས་སྐྱོབ་ཐུབ་གི་རེད་ཅེས་གསུངས་ཡོད་པ་རེད།
དེ་བཞིན་མཉམ་འབྲེལ་་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས་ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཐད་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོའི་འཚམས་འདྲི་བྱས་ཡོད་པ་རེད། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་ཀྱང་ཐུགས་འཚབ་ངང་སྨོན་ལམ་དང་སེམས་གསོའི་འཚམས་འཕྲིན་བསྒྲགས་ཡོད་པ་རེད། ཡིན་ཡང་། ད་ཕན། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་ཝུན་ཇ་པའོ་སོགས་ཀྱིས་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་པའི་མི་དམངས་ལ་སེམས་གསོའི་འཚམས་འཕྲིན་བསྐུར་བ་ནི་མཐོང་སྣང་དུ་མི་འདུག་ལ། དེ་རིང་ཤིན་ཧྭ་གསར་འགྱུར་གྱི་ངོས་སུའང་མཐོང་རྒྱུ་མི་འདུག
hallo meneer
༄༄།། སྤུན་ཟླ་ལགས།
ད་ལམ་བོད་མདོ་ཁམས་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་ཤུགས་ཆེ་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད་པ་འདི་ལ་ངེའི་དྲྭ་ལམ་འདི་རྒྱུད་ནས་དེའི་ཁུལ་བོད་རིགས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། རྐྱེན་འདས་སུ་སོང་བ་ཇི་ཡོད་རྣམས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་སྒྲིབ་མ་ལུས་པ་བྱངཞིང་དག་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པ་དང།ད་ལྟ་སྡུག་བསྔལ་མྱངས་བཞིན་པ་རྣམས་ལ་རྐྱེན་ངན་བར་ཆེད་ཞི་ནས་ཚེ་རིང་ནད་མེད་མཐུན་རྐྱེན་ལེགས་ཚོགས་འཕེལ་ཞིང་། ཆོས་མཐུན་ཡིད་བསམ་ལྟར་ལྷུན་གྱིས་འགྲུབ་པ་བཅས་ཀྱི་སྨོན་འདུན་ཞུ་བཞིན་ཡོད། ལྷག་པར་དུ་ཕྱི་སྡིད་བོད་རིགས་སྤུན་ཟླ་རྣམ་པའི་དུང་སེམས་མཉམ་བསྐྱེད་ཀྱི་ད་ལྟ་སྡུག་བསྔལ་ནང་ལྷུངས་པའི་གཞིས་བཞུགས་རྣམས་ལ་རོགས་རམ་གང་ཐུབ་བྱེད་རོག་ཞེས་འབོད་བསྐུལ་དང་བཅས་སླར་མི་རིང་བར་གཞེས་བྱེས་ལྷན་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་དང་བཅས་ལྷོ་མཐའི་ཡུལ་ནས་ལི་ཆུ་དྭངས་མའི་ཕུལ་བ་ལགས།
ལས་སྨོན་བྱམས་བརྩེའི་སྲོག་གིས་འབྲེལ་བའི་བོད་རིགས་ཚོ།
མི་ཚེ་གཅིག་ལ་སྐྱིད་སྡུག་སྣ་ཚོགས་ཡོང་སྲིད་པས།
སྐྱིད་དུས་ང་རྒྱལ་མ་བྱེད་བོད་ཀྱི་སྤྱི་དོན་སྒྲུབས།
སྡུག་དུས་སེམས་ཕམ་མ་བྱེད་གཅིག་ཕན་གཅིག་རོགས་བྱོས།
རྐྱེན་ཆག་སྒོ་བྱུང་བའི་ཛ་དྲག་དུས། སེམས་སྐྱོ་བ་ཙམ་ཀྱིས་མི་ཕན་པས།
བློ་རིག་པའི་ཐབས་ཇུས་གྲོས་བྱས་ནས། ལས་དེ་འདྲ་མི་བྱེད་འདི་འདྲ་བྱེད།
ཚེ་འདས་རྣམས་ལ་ཕན་པའི་ཕྱིར། སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས།
བདུན་ཕྲག་བདུན་ཀྱི་དུས་ཡུན་ལ། ཆོས་ལ་ཐོས་བསམ་སྒོམ་པར་མཛོད།
གསོན་པོ་རྣམས་ལ་ཕན་པའི་ཕྱིར། སོ་སོའི་རང་ནུས་གང་ཡོད་ཀྱིས།
དངུལ་གྱིས་ཞབས་འདེགས་འབུལ་བའམ། ལུས་ངག་ཡིད་ཀྱིས་འབད་པར་འཚལ།
ཤུལ་ལུས་དྭ་ཕྲུག་སྐྱབས་མེད་རྣམས། ཐབས་དང་ཇུས་ཀྱིས་མ་སྐྱབས་ན།
བོད་ཕྲུག་རྒྱ་ལ་བསྒྱུར་ངེས་པས། ས་ཡོམ་ངན་འབྲས་ཅི་བས་སྡུག
རྒྱ་མིའི་གཡོ་འཕྲུལ་བྱམས་ན་ཡང་། དེ་ལ་བློ་གཏད་བྱེད་མི་རུང་།
ཤིན་ཏུ་ཉམ་ཐག་གྱུར་ན་ཡང་། རང་དབང་རྩོད་ལེན་བརྗེད་མི་རུང་།
བཙན་བྱོལ་ལ་ཡོད་པའི་བླ་བྲང་རྒྱུ་ཆེན་ཁག་དང་དེ་བཞིན་དགོན་པ་ཁག་དང་ཚོགས་པ་ཁག་སོགས་ལ་ཞུ་རྒྱུ་། ད་ལྟའི་ས་ཡོམ་འདིའི་གནོད་འཚེའི་འོག་ཏུ་དཀའ་ངལ་མྱོང་བཞིན་པའི་ང་ཚོའི་མི་རིགས་ཀྱི་ཆེད་གང་མགྱོགས་ཐོག་དཔལ་འབྱོལ་གྱི་རོགས་པ་མི་ཆུང་བ་གནང་རོགས་ཞེས་རེ་འབོད་ཞུ་བཞིན་ཡོད།
ཐུགས་རྗེ་གཟིགས།
བོད་མི་ས་ཡོམ་འོག་ལ་སྐྱོན་འདས་སུ་ཤོར་བ་རྣམས་ལ་འབྲི་གུང་འཕོ་བ་གནངས་བར་ཐུགས་རྗེ་ཆེ་ཞུ་རྒྱུ།
གྲོགས་པོ་ཚོ་ཕོ་རང་གི་མ་འཇོན་ན་རྒྱ་འདི་ཚོ་ལ་རེ་བ་རྒྱག་རྒྱུ་ཡོད་མ་རེད།ཁོང་ཚོ་ང་ཚོའི་ས་ཆ་དང་ནོར་བུ་ལ་དགའ་བ་རེད་མ་གཏོགས་བོད་མི་རིགས་ལ་དགའ་མ་མྱོང་ལ་དགའ་གྱི་ཡང་མ་རེད།ད་གཟིགས་དང་མི་རིགས་ལྔ་བཅུ་ང་ལྔ་དེ་མེ་ཏོག་ལྔ་བཅུ་ང་ལྔ་རེད་ཨེ་འདུག།ཁ་བྲལ་དང་མི་རིགས་འཁན་འཛིན་སུའི་བྱེད་ཀྱི་འདུག།ད་དུང་ཟླ་ཤས་སྔོན་ལ་བོད་ནི་ལོ་རྒྱུའི་ནང་དུ་ཀྲོང་གོའི་རེད་ཅེས་བཤད་སོང།ཕལ་ཆེར་དེས་གཏམ་དེ་ཚོ་གསལ་པོ་ཆགས་ཡོང་གིན་བོད་ས་ལ་གོ་བ་མ་གཏོགས་བོད་མི་རིགས་ལ་གོ་ཡི་མེད་པ་འདྲ།སི་ཁྲོན་དུ་ས་ཡོམ་བརྒྱབ་དུས་རྒྱ་རིགས་སོང་ཙང་དཔོན་ངན་དེ་ཚོས་བསྐོར་ར་དང་དམག་མི་རོགས་པ་སོགས་ག་ཚོད་ཀྱི་བྱས་སོང་།ཡིན་ནའང་རྒྱ་གཞུང་གི་ཁ་ཙམ་ལས་དོན་ལ་བོད་ས་མ་གཏོགས་བོད་མི་རིགས་མ་ིདགོས་པ་དེ་འཛམ་གླིང་མི་མང་མདུན་དུ་གསལ་པོ་ཆགས་པ་རེད།ཕྱི་སྡོད་བོད་མི་མཁས་པ་རྣམས་ཀྱིས་འཛམ་གླིང་མི་མང་ལ་མི་རིགས་དབྱེར་འཇེད་སུས་བྱེད་ཀྱིན་འདུག་སོགས་ཀྱི་རྩོམ་ཡིག་དང་གཏམ་བཤད་གནང་དགོས་པ་དེ་ཧ་ཅང་གི་གལ་ཆེ་དུ་མཐོང་།
གུད་ཆགས་སུ་སོང་བའི་སྐྱེ་བོ་རྣམས་ལ་ཟས་གོས་གནས་མལ་སོགས་ཀྱི་རོགས་རམ་འཐོབ་ཐབས་བྱེད་རྒྱུ་ནི་གལ་ཆེ།
http://www.youtube.com/user/Zwilling2007#p/a/u/0/dERkbnMFmkA
སྤྱི་ལོ་ ༢༠༡༠ ལོའི་ཟླ་བ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་ཡུལ་ཤུལ་ཁུལ་དུ་ས་ཡོམ་ཤུགས་ཚད་ ༦་༩ ཅན་རྒྱབ་ནས་མི་ཟོག་མང་པོར་ཤི་རྨས་བྱུང་བར་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དབུ་བཞུགས་ཐོག འཕགས་ཡུལ་བྱང་ཆུབ་གླིང་གི་འདུས་སྡེ་གྲྭ་ཚང་དང་། བཤད་གྲྭ། བཙུན་དགོན་ཐུན་མོང་ནས་འབྲི་གུང་འཕོ་བ་དང་སྨོན་ལབ་བསྐྱངས་གཟུགས་མཐོང་པར་རིས།
ཤེས་རྟོགས་བྱུང་བ་ལྟར་ན། ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱིས་གོ་ཆགས་ཤུགས་ཆེན་པོ་ཕོག་མ་ཐག རྡེ་ར་རྡུན་དུ་དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་བྱང་ཆུབ་གླིང་དུ། འབྲི་གུང་བཀའ་བརྒྱུད་བཙུག་ལག་སློབ་གཉརེར་ཁང་དང༌། བཀའ་བརྒྱུད་ནང་བསྟན་མཐོ་སློབ། བཙུན་དགོན་བསམ་གཏན་གླིང༌། སྲོང་བཙན་དཔེ་མཛོད་ཁང་སོགས་ཀྱི་ཚོགས་མང་ལས་བྱེད་ཡོངས་ཀྱི་དབུས། འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་ཡོངས་སུ་གྲགས་པའི་འབྲི་གུང་འཕོ་བ་འཇག་ཚུགས་མ་བསྩལ་བ་དང་ཐུགས་སྨོན་རྒྱ་ཆེན་གནང་ཡོད་པའི་གནས་ཚུལ་འདུག
དགྲ་བཅོམ་པ་ཆོས་སྐྱབས་པ་ལགས།
རྒྱ་ནག་གཞུང་གི་བོད་མི་རིགས་འདི་རྩ་མེད་སོང་ན་བསམ་ལས་སྐྱོབ་ཐུབ་ན་ག་དུས་ཡང་བསམ་གྱིས་མ་རེད།
སྡུག་དངོས་ཡོད་ང་རང་ཚོ་རེད་་་་བོད་མི་ཉུང་བའི་ཐོག་ཏུ་ལོ་གཉིས་ཀྱི་རིང་དུ་རྒྱ་ནག་གིས་དམར་གསོད་གཏོང་བ་དང་ས་ཡོམ་གྱིས་གསོད་པ་རྣམས་ཀྱང་རྒྱ་ནག་གི་བཟོས་པ་རེད།
བོད་མི་ཉུང་དུ་ཉུང་རེད་་་་་་་་་ཉམ་ཆུང་སེམས་པ་ཕམ་ཀྱང་ཅི་བྱེད་ཐུབ།
ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིསཿ
སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེཿ
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཿ
ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅསཿ
འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེདཿ
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ
བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབསཿ
ནོར་བཅོས།
ཡོད་ཚདཞེཟ་པ་དེ་ཡོད་ཚོད་དུ་བཟོ་རོགས།
བློ་ཕམ་གྱི་གོད་ཆག་དེའི་འོག་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ཆིག་སྟོང་ལ་བརྒལ་ཡོད་ཚད།་་
ཧོའོ་ཅིན་ཐོ་དང་བུན་ཅ་པོའོ་གཉིས་ཀྱིས་སa་འགུལ་བྱུང་རྗེས་ཀྱི་ཆུ་ཚོད་གཅིག་ཙམ་ཀྱི་རྗེས་སུ་གནོད་འཚེ་བྱུང་ཡུལ་གྱི་གནས་ཚུལ་གང་མགྱོགས་ཀྱིས་བསྡུ་ལེན་བྱ་ཐུབ་དགོས་ཚུལ་དང་།གནོད་འཚེ་མྱོང་མཁན་དག་མྱུར་སྐྱོབ་དགོས་ཚུལ།སྤྱི་ཚོགས་བརྟན་བརླིང་ལ་འགན་ཁུར་དགོས་ཚུལ་ཀྱི་བཀའ་རྒྱ་ཞིག་བསྒྲགས་ཡོད་པ་ནི་ཞིན་ཧ་དྲ་ཚིགས་སུ་གསལ་འདུག་
རྒྱ་ནག་གི་སྲིད་འཛིན་ཧུ་ཁྱི་རྒན་ཁོ་དང་ཨ་ཕྲུག་ཝུན་གཉིས་གཙོས་པའི་རྒྱ་ནག་གི་དཔོན་རིགས་འདི་དག་མགོ་རུལ་ན་རྣ་བས་མ་ཚོར་མདོག་བསྟན་པ་དེ་བོད་མི་རིགས་ཀྱི་སེམས་ཁོམ་ནས་ནམ་ཡང་བརྗེད་མི་རུམ།
it is very sad. so please evry one find sponser to help this situation. Also tibetan must pray for them.
ཡེཤུའི་བླ་ཆེན་པོབ་དང་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་སི་སོགས་ཀྱིས་བོད་འབངས་རྣམས་ཐུགས་བརྩེ་གནང་བར་བཀའ་དྲིན་ཆེ་ཞུ།
གོང་ས་མཆོག་གི་གསུང་འཕྲིན་འདི་ན་བཀོད་ཡོད།
ཁ་སང་བོད་ཟླ་གཉིས་པའི་ཚེས་སུམ་ཅུ་དང་། ཕྱི་ལོ་༢༠༡༠།ཟླ་༤པའི་ཚེས་༡༤རེས་གཟའ་ལྷག་པ་ཉིན། བོད་ཡུལ་ཁམས་སྒ་སྐྱེ་དགུ་མདོར་རང་བྱུང་གི་གོད་ཆགས་འདི་བྱུང་མ་ཐག་ཏུ་རང་ཅག་བོད་འབངས་རྣམས་ཀྱི་ཁོག་པའི་སྙིང་དང་། དཔྲལ་བའི་མིག་ཏུ་གྱུར་པའི་༸གོང་ས༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ནས་ཐུགས་ཕམ་ཙད་མེད་དང་བཅས་གཞིས་བྱེས་གཉིས་ལ་དཀའ་ངལ་འདི་དག་གདོང་ལེན་གྱི་ཆེད་དུ་བཀའ་བསྩལ་པ།
༄༅། །ད་ནང་ཞོགས་སྐད་གསར་འགྱུར་གོ་བ་ལ། སྐྱེ་དགུ་མདོའི་ས་ཁུལ་དེ་ལ་ས་ཡོམ་ཤུགས་ཆེན་པོ་ཞི་བོ་ཞིག་རྒྱབ་གཞག ད་ནངས་ཞོགས་སྐད་གསར་འགྱུར་བྱས་པ་ཡིན་ན། མི་དྲུག་ཅུ་རེ་གཉིས་ཤི་བ་རེད་ཟེར། ད་རེས་འདི་བ་གོ་དུས་མི་བརྒྱ་ཕྲག་ཁ་ཤས་དང་། སྟོང་ཕྲག ཁ་ཤས་ཀྱིས་སྟོང་ཕྲག་གཉིས་གསུམ་ཟེར་གི་འདུག་ཟེར། ཞིབ་ཕྲ་ཞིག་ཤེས་མ་སོང་། བྱས་ཙང་ས་ཡོམ་སྡུག་ཅག་ཅིག་རྒྱབ་གཞག ཤུགས་ཆེན་པོ་དགའ་རབ་ཞིག་བརྒྱབ་གཞག ད་བྱེད་ཡ་ནི་གང་ཡང་ཡོད་མ་རེད། སྨོན་ལམ་བརྒྱབ་ནས་བསྡད་ན་མ་གཏོགས། ད་ང་ཚོ་བོད་སའི་ས་ཁུལ་ལ་བྱུང་བ་རེད། གཙུག་ལག་ཁང་འདིར། ཆོས་དོན་ལ་བཀའ་མོལ་ཞིག་ཞུས། སྨོན་ལམ་ཞིག་འཚོགས་ཐུབ་ན། སྙིང་རྗེ།
ད་ང་རང་ཚོ་སངས་རྒྱས་པའི་ཆོས་པ་རེད། བདེ་སྡུག་གང་བྱུང་བ་ཡིན་ནའང་གཙོ་བོ་སོ་སོར་སོ་སོའི་ལས་ཀྱི་འབྲས་བུ་སྨིན་པ་ཤ་སྟག་རེད། ད་ས་ཡོམ་གི་འོག་ནས་རྐྱེན་འདས་སུ་ཕྱིན་པ་དང་། ནད་པ། ནད་གཅོང་ཆགས་པ་དེ་དག་སོ་སོའི་སྔོན་བསགས་གི་ལས་ངན་པའི་འབྲས་བུ་སྨིན་པ་རེད། དེ་འདྲ་ཡིན་དུས། སྡུག་བསྔལ་མྱངས་པ་དེ་ཡིས་ཚེ་རབས་མང་པོར་གཞན་ལ་གནོད་པའི་བྱ་བ་དང་འབྲེལ་བའི་སྡིག་པ་བསགས་བཞག་པ་དེ་ཚོའི་གྲས་དེ་དག་པར་ཡོང་བར་ཤོག་སྙམ་པའི་སྨོན་ལམ་རྒྱབ་པ་ཡིན་ན་ཕན་གི་རེད། སོ་སོའི་སེམས་ལ་ཡིན་ནའང་ཏོག་ཙམ་སྡུག་བསྔལ་རྔམས་སྐྲག་ཤུགས་ཆུང་དུ་འགྲོ་བ་དང་། སྡུག་བསྔལ་བྱུང་བ་དེས་བསོད་ནམས་གསར་པ་གསོག་པའི་རྐྱེན་དུ་འགྲོ་བའི་དེ་འདྲའི་ཕན་ཐོག་ཡོང་གི་རེད། ཁྱོད་རང་ཚོས་འདི་ནས་ཕར་ལན་སྐྱེལ་སའི་བཟོ་འདྲ་བོ་བྱུང་བ་ཡིན་ན་སྡུག་བསྡལ་ནི་བྱུང་ཚར་བ་རེད། རྐྱེན་ངན་ནི་ཕྲད་ཚར་བ་རེད། ཞེའུ་སེམས་མ་སྐྱིད་པ་བྱས་ནས་བསྡད་པ་ལས་ག་ཚད་ཐུབ་ཐུབ་ཀྱིས་དགེ་བ་གསོག་ཐུབ་ན་གཟུངས་སྔགས་འདྲ་གསོག བློ་སྦྱོང་གི་ཉམས་ལེན་འདྲ་བྱེད་ཐུབ་པ་ཡིན་ན་སྡུག་བསྔལ་དང་ལེན་དེ་འདྲའི་བསམ་མནོ་ཏོག་ཙམ་གཏོང་ཐུབ་པ་ཡིན་ན་ཅིག་ཕན་འགྲོ་གི་རེད་པཱ། རྐྱེན་ངན་དགེ་བའི་གྲོགས་སུ་འགྱུར་བ་དང་། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཐུབ་པ་བྱུང་ན་ཡག་པོ་རེད་པཱ། རེད་པཱ་ཡ།
ཞེས་བསྩལ་བ་ཁོ་བོས་ཡིག་ཐོག་ཏུ་ཕབ་ཅིང་ཞུས་དག་ནན་ཏུར་བྱས་ཁུལ་ཡིན་ཡང་གློག་བརྙན་གྱི་དྲ་ཐག་འདི་ལ་རྩ་འཛིན་ཞུ་རོགས།
http://www1.voanews.com/tibetan-english/news/
འདི་ན་རང་གིས་འཇོན་འདོག་བྱས་པ་མ་ཡིན་ཅིང་ཞེ་ཕུག་བོད་དང་རྒྱལ་བ་རིན་པོ་ཆེ་ལ་གཏད་ནས་ཡོད་པའི་གཞིས་བཞུགས་བོད་མའི་རྣམས་ཀྱི་བསམ་པའི་རྒྱག་ཕྱེ་ཞིག་དང་། ངུ་ངག་འདི་ལྟ་བུའི་ཁྲོད་ནས་མིག་ཆུ་འཕྱིད་རོགས་ཞིག་ཏུ་འགྱུར་བའི་རེ་བས་འདིར་ཕབ་བཀོད་ཞུས་པ་ཡིན།
སྤུན་ཟླ་རྣམ་པ། ༸གོང་ས་རྒྱལ་བ་རིན་པོ་ཆེས་གསུངས་པ་ལྟར་ལུས་སེམས་གཉིས་ཀ་སྡུག་བསྔལ་གྱི་འོབས་དོང་ལྷུངས་པའི་གཞིས་བཞུགས་རྣམས་པ་ལ་བཀའ་སློབ་འདི་ཉིད་རྒྱུད་སྒྲགས་བྱེད་རོགས་ཞུ།