མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བ་ཀརྨ་པའི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་ཡུལ་ཤུལ་ཁུལ་སྐྱེ་དགུ་མདོར་ས་ཡོམ་གྱི་འཇིགས་པ་མི་བཟད་པ་བྱུང་སྟེ། ད་བར་འདས་གྲོངས་སུ་གྱུར་པའི་མི་གྲངས་ཆིག་སྟོང་ལྷག་ཟིན་པ་དང་། གནོད་སྐྱོན་ཚབས་ཆེན་བྱུང་བའམ་སྟོང་ཕྲག་ཟིན་ཅིང་། སྐྱེ་བོ་ཁྲི་ཕྲག་བརྒལ་བ་རྨས་པ་སོགས་བཀྲ་མི་ཤིས་པའི་གནས་ཚུལ་དེ་དག་གོ་རིམ་གྱིས་ཁོ་བོའི་ཡིད་ལ་སྐྱོ་གདུང་ཚད་མེད་བྱུང་བ་དང་ཆབས་ཅིག གཤིན་རྗེ་ཁ་གདངས་པ་ལྟ་བུའི་འཇིགས་པ་འདིའི་ནང་གྲི་ཤིར་གྱུར་པའི་གཤིན་པོ་ཚེ་ལས་འདས་པ་རྣམས་སྐྱེ་འཆི་བར་དོའི་འཇིགས་སྐྲག་མཐའ་དག་ལས་གྲོལཏེ་བདེ་འགྲོའི་རྟེན་དང་བདེ་ལྡན་གྱི་ཞིང་སོགས་སུ་འཕོ་བར་འགྱུར་བའི་བསྔོ་སྨོན་དང་དགེ་རྩ་ཁོ་བོ་ནམ་འཚོའི་བར་དུ་ཉམས་ལེན་ཞུ་བ་ཡིན།

 དེ་བཞིན་ཤུལ་ལུས་རྣམས་སྡུག་པའིགཉེན་དང་། མཛའ་བའི་གྲོགས་དག་ཤི་བྲལ་དུ་ཕྱིན་པའི་མྱ་ངན་དང་། གནས་ལུས་ལོངས་སྤྱོད་རྣམས་འགྱུར་བའི་གདུང་བ་བཟོད་པར་དཀའ་བ་རྣམས་མྱུར་དུ་ཡང་བར་འགྱུར་བ་དང་། མྱུར་སྐྱོབ་ཀྱི་དཔུང་གཉེན་དང་བཅས་ཏེ་ཞི་འཇམ་དང་ལྡན་པའི་འཚོ་བ་གསར་པར་ལོངས་སུ་སྤྱོད་པ་དང་། ཐག་ཉེ་རིང་དུ་གནས་པའི་རིས་མེད་ཀྱི་དགོན་སྡེ་དང་དད་ལྡན་མི་དམངས་རྣམས་དང་། ལྷག་པར་འབྲེལ་ཡོད་སྡེ་དགོན་རྣམས་ནས་ཀྱང་འདས་གསོན་ཀྱི་སྐྱེ་བོ་རྣམས་ཀྱི་དོན་དུ་གུ་རུའི་གསོལ་འདེབས་བར་བསམ་མྱུར་གསུམ་དང་། དབང་སྡུད་གསོལ་འདེབས། སྤྱན་རས་གཟིགས་ཞི་དྲག་གི་གཟུངས་སྔགས། སྨན་ཆོག་དང་འོད་ཆོག །མི་འཁྲུགས་པའི་ཆོ་ག།། སྒྲོལ་མ་མཚན་འདོན། མ་མོའི་འཁྲུགས་བསྐང་སོགས་སྐུ་རིམ་དགེ་བའི་རྩ་བ་ཅི་འགྲུབ་དང་། དངོས་དང་བརྒྱུད་ནས་འཇིགས་པས་ཉེན་པ་རྣམས་ལ་སྨན་དང་ཟས་གོས་སོགས་མཐུན་འགྱུར་གྱི་བྱ་བ་ལག་ལེན་དུ་བསྟར་གནང་མཛད་གལ་ཆེ་ཞེས་ཞུ་རྒྱུ་དང་། ཁོ་བོ་རང་ཉིད་ནས་ཀྱང་ཨ་རིའི་ཀརྨ་པའི་ཐེབས་རྩ་ཚོགས་པ་ནས་མྱུར་སྐྱོབ་ཀྱི་མཐུན་རྐྱེན་དུ་དམིགས་ཏེ་ཨ་སྒོར་ཉིས་འབུམ་ཞལ་འདེབས་འབུལ་རྒྱུའི་བཀོད་མངགས་བྱས་ཡོད།

 དེ་དང་དུས་མཚུངས་འཛམ་གླིང་གི་ས་ཕྱོགས་གང་སར་བཞུགས་པའི་དད་ལྡན་པ་ དང་སྐྱེ་བོ་དགེ་སེམས་ཅན་རྣམས་ནས་ཀྱང་ས་ཡོམ་གྱི་འཇིགས་པས་ཉེན་པའི་སྐྱེ་བོ་རྣམས་ལ་བསམ་པ་ཐག་པའི་སྒོ་ནས་སྨོན་ལམ་གནང་སྟེ། སོ་སོའི་ནུས་པས་གང་ཁྱོག་གིས་འཇིགས་སྐྱོབ་ཀྱི་བྱ་བར་མཉམ་ཞུགས་དང་ལས་འགུལ་སྣ་ཚོགས་སྤེལ་བའི་འབོད་བསྐུལ་ཞུ་རྒྱུ་ཡིན། འདུས་བྱས་ཀྱི་ཆོས་རྣམས་མི་རྟག་ཅིང་། གློ་བུར་དུ་མི་བཟད་པའིི་འཇིགས་པ་མདུན་དུ་སླེབ་པའི་དུས་འདིར། རང་རེའི་ལྷན་སྐྱེས་ཀྱི་དགེ་བའི་ནུས་པ་བསྐྱེད་དེ། འཇིགས་པས་ཉེན་པའི་འགྲོ་བ་རྣམས་ཀྱི་ལུས་སེམས་ལ་བདེ་བ་སྦྱིན་ཅིང་། མི་འཇིགས་པའི་དབུགས་འབྱིན་པའི་སྙིང་སྟོབས་ཆེས་ཆེར་བསྐྱེད་པའི་རེ་འདུན་བཅས་སྨོན་པ།

སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །

སྡུག་ན་ཀུན་གྱི་སྡུག་བསྔལ་ཁུར། །སྡུག་བསྔལ་རྒྱ་མཚོ་སྐེམས་པར་ཤོག །

ཀརྨ་པར་འབོད་པ་ཨོ་རྒྱན་འཕྲིན་ལས་པས་སྤྱི་ལོ་ ༢༠༡༠ ཟླ་ ༤ ཚེས་༡༧ལ་ཕུལ། །

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༩ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 24

  1. བོད་རིགས་སྤུན་ཟླ། says:
    ལོ་ 15 སྔོན།

    ༄༄།། ད་ལམ་མི་ཆོ༹འི་བཤད་པ་ལྟར་ན། ༧གོང་ས་མཆོག་གིhaitiརྒྱལ་ཁབ་ལ་རོགས་སྐྱོར་སུད་སུ་སྒོར་༡༠༠༠༠༠གནང་ཡོད་པ་རེད། དེ་བརྟེན་ང་ཆོ༹་ཡུལ་ཤུལ་ས་ཁུལ་ལ་བོད་རིགས་རྐྱེན་འདས་བྱུང་བ་རྣམས་ཀྱི་ཆེད་དུ་ཐུགས་སྨོན་དང། ཤུལ་ལུས་ཡོངས་ཀྱི་ཆེད་དུ་ཨ་སྒོར་འབུམ་བརྒྱ་གནང་རྩིས་ཡིན་པ་འདྲ་འདུག།།

    Reply
  2. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ཡུས་ཧྲུའུ་ཁུལ་གྱི་མི་མང་གིས་༸གོང་ས་མཆོག་དང་༸རྒྱལ་དབང་ཀརྨ་པ་སོགས་ས་གནས་དེར་ཕེབས་པའི་རེ་བ་ཆེན་པོ་བྱེད་ཀྱི་འདུག་ཟེར།

    Reply
  3. ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    གོང་ས་མཆོག་གི་ཨ་སྒོར་ག་ཚད་གནང་ཡོད་ན་།

    Reply
  4. lhamo_kyab says:
    ལོ་ 15 སྔོན།

    བླ་མ་

    Reply
  5. lhamo_kyab says:
    ལོ་ 15 སྔོན།

    ཨ་ཁུ་ཕྱུག་པོ་ཆགས་ཡོད་གི

    Reply
  6. འབྲོང་རྒོད' says:
    ལོ་ 15 སྔོན།

    Thank you Pal Gyalwa Karma your great speech.
    We all hope that you will be Tibetan leader
    Thanks……………………….

    Reply
  7. འཁྲུངས་སྐར། says:
    ལོ་ 15 སྔོན།

    མདོ་ཁམས་སྐྱེ་རྒུ་མདོ་ས་ཡོམ་དོན་ཅན་འདི་འདྲ་ནི་སྔོན་མི་ལོ་བརྒྱ་ཕྲག་དུ་མ་ནང་བྱུང་མ་མྱོང་བ་ཞིག་ཡིན་ཡང་དེ་ཡི་ཆེད་དུ་རོགས་སྐྱོབས་དང་གདུང་སེམས་མཉམ་བསྐྱེད་དེ་ཡང་བོད་གཞི་བྱེས་གཉིས་ཀྱི་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་དང་དཔལ་ས་སྐྱ་༧གོང་མ་ཁྲི་འཛིན་མཆོག དཔལ་༧རྒྱལ་བ་ཀརྨ་པ་མཆོག་གཙོས་པའི་ཆོས་ལུགས་ཡོངས་རྫོགས་ཀྱི་བླ་ཆེན་རྣམས་པ་དང་དེ་བཞིན་འཛམ་གླིང་གང་སར་གནས་པའི་བོད་རིགས་ཡོངས་ཀྱི་སྐྱིད་སྡུག་མཉམ་མྱོང་བྱེད་པ་འདི་ནི་མ་འོང་པ་ལོ་ངོ་བརྒྱ་ཕྲག་དུ་མ་ལ་བཞག་པའི་མིང་དོན་མཚུངས་པའི་རྡོག་རྩ་གཅིག་བསྒྲིལ་ཞུ་བ་འདི་ཡིན་པའི་འདས་གྲོང་སུ་བྱུང་བ་རྣམས་དོན་ལྡན་དུ་འགྱུར་ཡོད་ལ་ཤུལ་ལུས་རྣམས་བདག་པོ་བ་ཞིག་ཡོད་པའི་སྤོབས་པ་སྐྱེས་བའི་རེ་བ་གཙང་མ་ཡོད། བོད་རྩམ་ཟས་ཡོད་ཚད་སམ་ཡང་ན་གུས་པའི་རེ་བསྐུལ་འདི་ཐོས་པ་རྣམས་ནས་ཤི་བོ་ཆེད་དུ་མ་ཎི་གྲངས་བཅུ་རེ་དང་ཤུལ་ལུས་རྣམས་པའི་ཆེད་དུ་སོ་སོ་གནས་ཡུལ་ནས་སྒོར་བཅུ་རེ་ཞལ་འདེབས་ཕུལ་རོགས་ཞུ།།

    Reply
  8. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    Thank you Gyawa Karmapa!!!!

    You will be Tibetan’s future leader.

    Reply
  9. དཔལྡན་རྡོ་རྗེ། says:
    ལོ་ 15 སྔོན།

    དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་མཛད་པ་ལ་རྗེས་སུ་ཡིད་རང་ཞུ། མ་འོངས་པ་ཡང་སྤྱིར་འཛམ་གླིང་དང་ཁྱད་པར་བོད་ཁ་བ་ཅན་གྱི་རིས་མེད་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་བར་ཞུ།

    Reply
  10. དཔལྡན་རྡོ་རྗེ། says:
    ལོ་ 15 སྔོན།

    On April 14th, 2010 Chamgon Kenting Tai Situpa called on all the Sangha of Palpung Sherabling Monastic Seat and all the International students present for Mahamudra transmissions, to participate in an urgent gathering to perform a grand Monlam and Ten Thousand Lamp offerings in the court yard of the main monastery.

    These prayers were dedicated to the victims of several recent, unimaginable tragedies: the recent earthquakes in South and central America which caused enormous damage and the loss of many lives; the plane crash over Russia which took the life of Poland’s President Kaczynski, his wife Maria and 130 others; and just this week, the massive earthquake which hit Khegudo, Nangchen and Yushu killing many hundreds of people and leaving many hundreds of others injured, with school buildings, monasteries and family homes in ruins throughout.

    Chamgon Kenting Tai Situpa in his enlightened Bodhisattva activity, arranges grand Monlam Prayers and Butter Lamp offerings whenever such disasters occur. These prayers are dedicated, as always, simply and sincerely so that all living beings who have lost their lives in these events may have better rebirths and rest in peace, while those who survive may recover swiftly and easily. We also dedicate with the aspiration that these kinds of disasters never happen again and that our planet remain in harmony.

    Reply
  11. ཤིང་རྟ། says:
    ལོ་ 15 སྔོན།

    སྐྱེ་རྒུ་མདོ་ས་ཡོམ་གྱི་གོད་ཆག་ཕོག་ཡུལ་དུ་ཕྱོགས་སོ་སོ་ནས་རོགས་སྐྱོར་རག་ཡོད་པ་རྣམས་གནོད་འཚེ་ཐེབས་པའི་ཤུལ་ལུས་དག་གི་ལག་ཏུ་འཕྲོད་ཡོད་མེད་རྩིས་ཕྲལ་ཚད་ལྡན་བྱ་དགོས།
    དེའང་རྨས་མ་རྣམས་ལ་སྨན་རིན་ག་ཚད་སོང་ཡོད་པ་དང་། ཤུལ་ལུས་དག་ལ་སྡོད་ཁང་དང་འཚོ་གནས་སླར་གསོ་ལ་རྒྱུ་ནོར་གྱི་འགྲོ་གྲངས་ག་ཚད་སོང་ཡོད་པ། རོགས་དངུལ་དེ་དག་ས་གནས་ས་ཐོག་ཏུ་འབྱོར་ཡོད་མེད་བརྟག་དཔྱད་ཞིབ་མོར་བྱ་དགོས།
    རོགས་དངུལ་དེ་དག་བར་ཟ་བར་ལས་བྱས་ཏེ་གནོད་འཚེ་ཕོག་པའི་ཉམ་ཐག་དེ་དག་གི་ལག་ཏུ་མ་འབྱོར་བའི་དོགས་གཞི་འདུག་ན། དེ་དག་ལག་ཏུ་འབྱོར་ཐབས་ལ་ཕྱོགས་ཕྱོགས་སུ་འབོད་སྐུལ་ཤུགས་དྲག་བྱེད་པ་སོགས་ཐབས་གང་དྲག་ལ་་ཧུར་བརྩོན་བྱེད་དགོས།

    Reply
  12. འཁྲུངས་སྐར། says:
    ལོ་ 15 སྔོན།

    བླ་མའི་བླ་མ་ཀརྨ་པ།
    ཆོས་དང་ཟང་ཟིང་གང་གི་ཐད།
    བོད་མི་སྐྱབས་མགོན་མིང་དོན་མཚུངས་།
    སྐུ་ཚེ་བསྐལ་བརྒྱ་བརྟན་པར་ཤོག

    Reply
  13. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    རེད། ངའི་ཕ་ཡུལ་གྱི་མི་མང་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པའི་དཀའ་སྡུག་འོག་ནས་རེ་བའི་མིག་ཟུང་བོད་ཀྱི་བླ་ཆེན་རྣམས་ལ་ཕྱོགས་ཏེ་འཇལ་འདོད་ཀྱི་རེ་སྨོན་སྙིང་དབུས་སུ་འཆང་ཡོད། ང་ཚོ་འདི་ནས་ཞལ་འདེབས་ཅི་ཡོད་ཞིག་བསྡུ་ནས་རབ་བྱུང་ན་༸གོང་ས་མཆོག་ཡང་ན་༸རྒྱལ་དབང་ཀརྨ་པ་མཆོག་ས་གནས་དེར་ཕེབས་ཐུབ་ཐབས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། གལ་ཏེ་ཁོང་རྣམས་གང་རུང་ཞིག་ས་གནས་དེར་ཕེབས་ཐུབ་བྱུང་ན་དེ་ལས་ལྷག་པའི་ཤུལ་ལུས་ནང་མི་ལ་སེམས་གསོ་བྱེད་ཐབས་མེད།

    Reply
  14. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 15 སྔོན།

    ད་སྐབས་ཤུལ་ལུས་མི་མང་གིས་༸གོང་ས་མཆོག་དང་བླ་ཆེན་གཞན་ཞིག་ས་གནས་དེར་ཕེབས་ཐུབ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཀྱང་ད་ལྟའི་གནས་བབས་ལ་གཞིག་ན་༸གོང་ས་མཆོག་ནི་ཆིབས་བསྒྱུར་གནང་ཐུབ་ཀྱི་མ་རེད། དེས་ན་བླ་ཆེན་གཞན་༸རྒྱལ་དབང་ཀརྨ་པ་ས་གནས་དེར་ཕེབས་ཐུབ་ཐབས་ཤིག་གཞུང་མང་ཡོངས་ཀྱིས་གནང་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེན་པོ་ཡོད་རེད། དེས་ན་ཁྱེད་རྣམས་ཀྱིས་དེའི་བསྐོར་ལ་བསམ་འཆར་བརྗོད་རོགས།

    Reply
  15. བདེ་ཆེན་ལྷུན་གྲུབ། says:
    ལོ་ 15 སྔོན།

    བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལས་བཤུས། སྤྱི་ཟླ༤པའི་ཚེས༡༤ཉིན། མཚོ་སྔོན་ཡུལ་ཤུལ་ལ་ས་ཡོམ་རིམ་པ༧·༡བརྒྱབ་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་འདོམས་འོག་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ཀྱང་འཕྲལ་མར་ཡོམ་འགོག་གེགས་སེལ་གྱི་འཐབ་རྩོད་ནང་ཞུགས་པ་དང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་གེགས་ཁུལ་ལ་རོགས་སྐྱོར་བྱས་ཏེ། གེགས་ཁུལ་མང་ཚོགས་རྣམས་ལ་རང་རང་གི་བྱམས་སེམས་དང་བརྩེ་སེམས་མཚོན་པར་བྱས་པ་རེད།

    ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། དམངས་སྲིད་པུའུ། ཀྲུང་གོའི་རྒྱ་གྲམ་དམར་པོ་ལྷན་ཚོགས་བཅས་ནས་གཙོ་གཉེར་གནང་ཞིང་། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གཉེར་རོགས་མཛད་པའི《དུང་སེམས་ཡུལ་ཤུལ་ལ་བཅངས། བྱམས་སེམས་ལ་རྫོགས་མཐའ་བྲལ——ཡོམ་འགོག་གེགས་སེལ་ཐད་ཞལ་འདེབས་འབུལ་བའི་དམིགས་བསལ་ལེ་ཚན་ཆེ་གྲས》དེ་སྤྱི་ཟླ༤པའི་ཚེས༢༠ཉིན་གྱི་དགོང་མོའི་ཆུ་ཚོད༨པའི་ཐོག་ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཕྲིན་ལམ་དང་པོ་དང་གཉིས་པ། བཞི་པ། བདུན་པ། དགུ་པ་བཅས་ནས་ཐད་གཏོང་བྱེད་རྒྱུ་དང་། ཀྲུང་གོའི་དྲ་བའི་བརྙན་འཕྲིན་ཁང་ནས་ཀྱང་དུས་མཉམ་ཐོག་ཐད་གཏོང་བྱེད་རྒྱུ་ཡིན་པ་རེད།

    Reply
  16. བདེ་ཆེན་ལྷུན་གྲུབ། says:
    ལོ་ 15 སྔོན།

    རྒྱལ་དབང་ཀརྨ་པ་ཁོང་དངོས་གནས་བླ་མ་གཏོང་ཕོད་ཆེ་བ་ཞིག་རེད་འདུག སྔར་ཀྱང་བོད་ཀྱི་སློབ་ཕྲུག་རྣམས་དང་དབང་པོ་སྐྱོན་ཅན་སོགས་ལ་རོགས་རམ་གང་ཐུབ་གནང་བ་ཐོས། ད་རེ་དངོས་སུ་འདི་འདྲ་སྐྱོན་ངན་ཞིག་ཕྲད་དུས་ཨ་སྒོར་༢༠༠༠༠༠། གནང་བར་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་དང་། གནང་བ་ཙམ་མ་ཟད་ས་ཐོག་ཏུ་ཉམ་ཐག་རྣམས་ལ་ངེས་པར་དུ་འཕྲོད་ཐབས་བྱ་དགོས། ད་དུང་མ་འོངས་པར་རྗེས་ལུས་ཉམ་ཐག་རྣམས་ལ་ཐུགས་རྗེ་གཟིགས་རོགས་མཛོད།

    Reply
  17. དཔལྡན་རྡོ་རྗེ། says:
    ལོ་ 15 སྔོན།

    སྐྱབས་མཆི་

    Reply
  18. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དྲ་གྲོགས་རྒྱ་ཡིག་ཤེས་མཁན་ཚོས་དྲ་བྱང་འདིའི་སྟེང་གཟིགས་ནས་རྒྱ་ཡིག་ཐོག་མཆན་རེ་བྲི་ན་ཡག་པོ་ཡོད་ས་རེད།རྒྱ་རྒན་ཁ་ཤས་ཀྱི་རྒྱལ་བ་རིན་པོ་ཆེ་ཡོང་མི་དགོས་པའི་གཏམ་བཤད་ཁུལ་བྱས་འདུག།
    http://www.secretchina.com/node/345261?nochche=1#comment_217467

    Reply
  19. སྨར་སྨྱོན་དུང་མགོ་ཅན། says:
    ལོ་ 15 སྔོན།

    དཀོན་མཆོག་ཀརྨ་པ་རང་རེད་འདུག་་་་་་་་་་་་་་་་་་སྐྱབས་སུ་མཆི་་་་་་་་་་་་་་་་་བོད་ཀྱི་བླ་ཆེན་དང་རྒྱུ་ཆེན་ཚང་མར་དེ་བཞིན་རེ་བ་ཡོད་་་་་་་་་་་་་་འོན་ཀྱང་་་་་་་་་་་་་་་་་གྲངས་ཀ་མང་ཉུང་ལ་མི་གཟིགས་པར་ཆོས་རྣམ་དག་ཞིག་ཏུ་འགྱུར་ཐུབ་པར་འབད་དགོས།

    Reply
  20. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    ༧སྐྱབས་མགོན་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཐུགས་བརྩེ་ཆེན་པོའི་ངང་སྐྱེ་རྒུའི་གྲོང་གི་འདས་གསོན་རྣམས་ལ་བླ་ན་མེད་པའི་བཀའ་དྲིན་བསྐྱངས་གནང་འདུག།སྐྱབས་སུ་ཆེ།

    Reply
  21. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    སྙིང་ནས་ཐུགས་ཆེ་ཞུ།ད་དུང་དགོན་པ་གྲྭ་ཚང་དང་བླ་ཆེན་མི་ཆེན་ཕྱུག་བདག་སོགས་ཀྱི་རོགས་པ་གང་ཐུབ་གནང་ན་ཡག་པོ་རེད།རྒྱ་ནག་གིས་ཨ་སྒོར་ས་ཡ་གཉིས་རག་ཡོད་ཟེར་ཡངརྒྱ་དཔོན་ཝུ་ཧྤེ་ཟེར་ཡག་དེ་གསར་འགོད་པ་ལ་བཤད་ས་བལྟས་ན་ས་གནས་མི་མང་ལ་རྒྱ་གཞུང་གི་འཛམ་གླིང་མི་མང་མདུན་དུ་འཁྲབ་སྟོན་ཙམ་ལས་དོན་ལྡན་གྱི་རོགས་པ་མི་བྱེད་པ་ཐག་ཆད་སོང་།ཁྱེད་རྣམ་པའི་གནང་བའི་སྒོར་མོ་དེ་རྒྱ་ལག་ཏུ་མི་འགྲོ་བ་ས་གནས་ས་ཐོག་བོད་མི་རྣམས་ལ་དོན་ཕན་ཞིག་ཡོང་བའི་རེ་བ་ཆེ་ལགས།

    Reply
  22. རྒྱལ་བསྟན། says:
    ལོ་ 15 སྔོན།

    བོད་མིའི་སྐྱབས་གནས་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ནས་གོད་ཆག་ཕོག་ཡུལ་ལ་ཨ་སྒོར་འབུམ་གཉིས་ཞལ་འདེབས་གནང་བར་སྙིང་དབུས་ནས་ཐུགས་རྗེ་བླ་ལྷག་ཏུ་ཆེ།
    རྗེས་སུ་དབང་པོ་སྐྱོན་ཅན་དང་ད་ཕྲུག་ཏུ་གྱུར་བ་རྣམས་ལ་སྐྱབས་འཇུག་ནམ་འཚོའི་བར་དུ་བརྩེ་བས་གཟིགས་པ་མཁྱེན་མཁྱེན།

    Reply
  23. ཕུན་ཚོགས ། says:
    ལོ་ 15 སྔོན།

    རྩོམ་པ་པོ་སེང་རྡོར་གྱིས་ཕུལ་བའི་མྱ་ངན་ཞུ་ཡིག
    ____4.14ཁམས་སྐྱེ་རྒུའི་ས་ཡོམ་དོན་རྐྱེན་ལ་སྦྱར་བ།

    དེ་རིང་ ཡང་ནི་སྔར་ལོ་བཞིན་དུ་མྱ་ངན་ཚིག་ཐུང་འབྲི་ཁུལ་བྱེད། །
    དེ་རིང་ཡང་ནི་སྔར་ལོ་བཞིན་དུ་སྙུན་འདྲིའི་གཏམ་ཡག་བརྗོད་ཁུལ་བྱེད། །
    ཐུང་ལ་ཉུང་བའི་ཡི་གེ་འགའ་ལ་རེ་བ་ཡོངས་རྫོགས་བཅོལ་བ་ཡི། །
    འཆི་རྐྱེན་ཟད་པའི་ལས་ངན་ཁོ་བོ་ད་དུང་གསོན་འདི་ངོ་རེ་ཚ། །

    དེ་རིང་ ཡང་ནི་སྔར་ལོ་བཞིན་དུ་ལེགས་སྦྱར་རེ་གཉིས་འདོན་ཁུལ་བྱེད། །
    དེ་རིང་ཡང་ནི་སྔར་ལོ་བཞིན་དུ་ལྕགས་གོང་རེ་གཉིས་བསྒྲོན་ཁུལ་བྱེད། །
    མིག་སྤུའི་གསེབ་ཀྱི་ཆུ་ཟིལ་འགའ་ལ་གདུང་སེམས་མཉམ་སྐྱེད་འབོད་པ་ཡི། །
    འཆི་རྐྱེན་ཟད་པའི་ལས་ངན་བདག་རང་ད་དུང་གསོན་འདི་ངོ་རེ་ཚ། །

    རང་ བྱུང་ཁམས་ཀྱི་རྩེད་ཆས་ཡིན་པའི་མི་ཡི་རིགས་འདིས་ཅི་ཞིག་ནུས། །
    ཉི་མ་གཅིག་ལ་འཛམ་གླིང་བསྣུབ་ཀྱང་བློ་དང་ཇུས་བཀོད་ཡེ་ནས་མེད། །
    གཉོམ་ཆུང་བཏུལ་བའི་ཨ་ཕོ་མང་ཡང་གལ་ལ་ཐུག་དུས་ལག་རྡུམ་རྐྱང་། །
    འཆི་རྐྱེན་ཟད་པའི་ལས་ངན་ཁྱོད་ཀྱང་ད་དུང་གསོན་འདི་ངོ་རེ་ཚ། །

    རང་ བྱུང་ཁམས་ཀྱི་མཆན་ཤིག་ལྟ་བུའི་མི་ཡི་རིགས་འདིས་ཅི་ཞིག་ནུས། །
    སེན་རྒན་གཉིས་ཀྱིས་ནམ་ཞིག་གཅིར་བ་ཁྱོད་ཀྱིས་བློ་ཚོད་ཨེ་ཐུབ་བམ། །
    བཅུ་གཉིས་ཕྱི་མར་ཨ་རིའི་ཙུང་ཐུང་ས་ཡོམ་ཁྲོད་དུ་འགྱེལ་པའང་། །
    འཆི་རྐྱེན་མང་བའི་རྐང་གཉིས་འོ་ཅག་སྡུག་ལ་ཐུག་པའི་རྣམ་ཐར་རེད། །

    མི་ནི་ འདི་ལྟར་གྲོག་མ་བཞིན་དུ་ནམ་ཤི་ཆ་རུ་དཀའ་བ་དང་། །
    ཚེ་ནི་འདི་ལྟར་མཆོད་མེ་བཞིན་དུ་གར་གཟིམ་འདིར་གཟིམ་མེད་པས་ན། །
    རྗེས་དྲན་ཞེས་པའི་ཚིག་ཐུང་འགའ་ཡིས་སེམས་དང་སེམས་པ་སྦྲེལ་བ་ཡང་། །
    ན་བའི་དུས་ཀྱི་སྦྲིད་སྨན་ཙམ་དུ་སྐྱེ་བོ་ང་ཅག་མཉམ་དུ་འཐུང་། །

    སྐྱེ་ རྒུའི་གྲོང་གི་འདས་པོ་ཁྱོད་ཅག་དེ་ཙམ་བྲེལ་བྲེལ་མ་གནང་དང་། །
    སྐད་མང་རིགས་མང་འགྲོ་བ་ཡོངས་རྫོགས་བྱ་ཁྱུ་བཞིན་དུ་འཕུར་ནས་འགྲོ །
    བདེ་བ་ཅན་ཞིག་གཞི་ནས་མེད་ཀྱང་ཡོད་ཡོད་ཙམ་དུ་སྒོམས་ལ་སོང་། །
    འོད་དཔག་མེད་ཅེས་སྐྱོབ་པ་མཆོག་ཅིག་སེམས་ཀྱི་གདན་ལ་གསལ་དུ་ཐོབས། །

    Reply
  24. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཡོག་པོ་འདུག་་་
    བླ་ཆེན་ཚོས་འདི་ལྟར་བྱས་ན་བོད་ནང་གི་བོད་པ་ཚོའི་བློ་བདེ་བོ་ཡོང་གི་རེད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese